TTDL-ZABTER-12-NA-058

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-058

༠༠༠༠༠བརྡ་ཡིག༣༣༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྤྲོས་བྲལ་ཆོས་སྐུའི་ཞལ་མཐོང་བས༔ དོན་གྱི་རྣལ་འབྱོར་ཆེན་པོའི་ལམ༔ སྐད་ཅིག་དྲག་རྫོགས་ཡེ་ཤེས་ལྷར༔ ལྡང་ནས་ཕྲིན་ལས་བསྒྲུབ་འདོད་ན༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་དུ༔ རིག་པ་རང་བྱུང་ཡེ་ཤེས་ལྷ༔ ཐབས་ཤེས་མཉམ་སྦྱོར་ཕྱག་རྒྱར་བཞེངས༔ རང་རྩལ་སྒྱུ་འཕྲུལ་རོལ་པའི་འཁོར༔ མ་བཅོས་རང་བྱུང་ཆེན་པོར་ཤར༔ སྣང་དང་གྲགས་པ་དྲན་རྟོག་ཀུན༔ དཀྱིལ་འཁོར་གསུམ་ལྡན་རོལ་པར་རྫོགས༔ འཛབ་བཟླས་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སླར་ཡང་མདུན་བསྐྱེད་གསལ་བ་ནི༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཟླ་བ་ལས་ནི་ཆུ་ཟླ་བཞིན༔ རང་བྱུང་དཀྱིལ་འཁོར་ཆེན་པོར་སྤྲོས༔ དམ་ཚིག་ཡེ་ཤེས་དབྱེར་མེད་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ འདི་ལྟར་རྟོགས་པའི་རྣལ་འབྱོར་གྱིས༔ འདི་ལྟར་བསྒྲུབ་ནས་ལས་བྱེད་རིགས༔ མཁའ་འགྲོ་རྒྱ་མཚོའི་སྙིང་ཐིག་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པ་འདུས༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བདུད་འཇོམས་རྡོ་རྗེས་སོ།།དགེའོ།།