TTDL-ZABTER-12-NA-067

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-067

༠༠༠༠༠༠བརྡ་ཡིག༣༩༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐུགས་རྗེ་ཆེན་པོའི་ཆ་ལག་ལས་ཀྱི་བུམ་པ་སྒྲུབ་པའི་ཐབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༣༩༥ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ལས་ཀྱི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་པདྨ་དང་ཉི་མའི་གདན་ལ་ཡེ་ཤེས་ཀྱི་ཁྲོ་བོ་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་རབ་ཏུ་ཁྲོས་པའི་ཆ་བྱད་ཅན་དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་བ༔ སྤྱི་བོར་རྟ་སྐད་འཚེར་ཞིང་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པ༔ ཕྱག་གཡས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་གཡོན་པས་དབང་གི་ཞགས་པ་འཛིན་པ་ཞིག་ཏུ་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་པདྨ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛ་ཛཿཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿཧྲཱིཿདབང་དྲག་པདྨའི་དཀྱིལ་འཁོར་ལ༔ སྣ་ཚོགས་མཆོད་པའི་སྤྲིན་དུ་འབུལ༔ ཐུགས་རྗེ་ཆེན་པོས་བཞེས་ནས་ཀྱང་༔ འགྲོ་བའི་སྒྲིབ་པ་སྦྱང་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་སོགས་ནས༔ ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿའགྲོ་འདུལ་ཐུགས་ཀྱི་གཏེར་ཆེན་སྤྱན་རས་གཟིགས༔ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ལོག་འདྲེན་འདུལ་བྱེད་ཁྲོ་བོའི་སྐུར་སྟོན་པ༔ པདྨ་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ གཟུངས་ཐག་ལ་བརྒྱུད་དེ་སོང་ནས་བུམ་ལྷའི་ཐུགས་དམ་ཀྱི་རྒྱུད་བསྐུལ་ཏེ་སྐུའི་ཆ་ཐམས་ཅད་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབ་པས་བུམ་པ་མེར་གྱིས་གང་བར་བསམ༔ ཧྲཱིཿཔདྨ་ཏ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅི་མང་བཟླས་རྗེས་མཆོད་བསྟོད་བྱས་མཐར༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ དམ་ཚིག་པ་ཆུར་ཞུ་བ་ལས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་ཆོས་འབྱོར་གྱི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།