TTDL-ZABTER-12-NA-071

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-071

༠༠༠༠༠བརྡ་ཡིག༤༠༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༠༥དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ གསང་གསུམ་རྡོ་རྗེའི་གྲོང་ཁྱེར་དུ༔ འཇུག་པའི་ལམ་བཟང་འདི་ཀའོ༔ ཧཱུྃ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ བརྡལ་ཁྱབ་སྟོང་ཉིད་ཆེན་པོར་ཞིག༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ བསྲུང་བའི་འཁོར་ལོ་རིམ་ལྔའི་དབུས༔ གནམ་ལྕགས་རྡོ་རྗེས་གཏམས་པ་ཡི༔ གཞལ་ཡས་ཁང་དབུས་པད་ཉི་དང་༔ སྡེ་བརྒྱད་དྲེགས་པ་བསྣོལ་བའི་སྟེང་༔ རྡོ་རྗེ་ཧཱུྃ་གིས་འཕྲོ་འདུ་ལས༔ རང་ཉིད་ཕྱག་ན་རྡོ་རྗེ་མཐིང་༔ ཁྲོ་གཏུམ་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་བསྒྲད༔ ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔ སྨ་ར་སྨིན་མ་དམར་སེར་འབར༔ བསྐལ་བའི་མེ་ལྟར་འབར་བའི་དབུས༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ཤམ་ཐོད་སྦྲུལ་དོ་ཤལ་གསོལ༔ ཐལ་ཚོམ་རཀྟའི་ཐིག་ལེ་དང་༔ ཞལ་ལ་ཞག་གི་ཟོ་རིས་མཛེས༔ ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཤེས་པ་གཞན་དུ་མི་ཡེངས་པར༔ དམིགས་དང་གསལ་བའི་གཟེར་གྱིས་གདབ༔ ཚུལ་བཞིན་གནད་དང་ལྡན་གྱུར་ན༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་རྟོགས་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།