TTDL-ZABTER-12-NA-088

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-088

༠༠༠༠༠བརྡ་ཡིག༥༠༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་མཁའ་འགྲོའི་བསྐུལ་བྱང་བཞུགས་སོ༔ ན་མོ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་སེང་ཧ་མུ་ཁ་ཡེ༔ ༠༠༠༠༠༠བརྡ་ཡིག༥༠༧ཡེ་ཤེས་མཁའ་འགྲོའི་བསྐུལ་བྱང་ལ༔ ཧཱུྃ་བྷྱོ༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཁྱད་པར་དབྱིངས་ཀྱི་ཡུམ་ཆེན་འཁོར་འདས་དབང་༔ ཕག་ཁྲོས་སེང་གསུམ་སྤྲུལ་པ་ཡང་སྤྲུལ་དང་༔ ཕོ་རྒྱུད་མོ་རྒྱུད་དམ་ཅན་རྒྱ་མཚོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འདི་ལ་རོལ༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་དང་༔ ཕྱི་ནང་གསང་བའི་བར་ཆད་མི་མཐུན་ཕྱོགས༔ མ་ལུས་བསད་གཞོམ་བཟློག་པའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ འདི་བརྩོན་འདི་བྱས་དགེ་ལེགས་ཀུན༔ འབད་མེད་ལྷུན་གྱིས་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་སེམས་ཉིད་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།