TTDL-ZABTER-13-PA-028

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-028

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྲིད་པ་དབྱིངས་ཀྱི་དབང་མོའི་བསྐང་གསོལ་ཡིད་བཞིན་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ཤ་ཁྲག་འདོད་ཡོན་གཏོར་མ་ལ༔ ཡིད་ཀྱི་ནམ་མཁའ་མཛོད་དུ་སྤེལ༔ ཛཿཁམས་གསུམ་སྲིད་པའི་ཨ་ཕྱི་མོ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ ཁྱེད་ཀྱི་སྤྲུལ་པའི་རོལ་གར་ལས༔ ནམ་ཟླ་དབྱར་དགུན་སྟོན་དང་དཔྱིད༔ དུས་བཞིའི་རྒྱལ་མོ་གཤེགས༴དཀར་གསུམ་མངར་གསུམ་ཇ་ཆང་སྐྱེམས༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ བདེ་སྟོང་བདུད་རྩིའི་ངོ་བོར་གནས༔ ཨུ་མ་དཱེ་ཝིའི་ཐུགས་དམ་བསྐང་༔ དབྱར་གྱི་རྒྱལ་མོའི༴སྟོན་གྱི་རྒྱལ་མོའི༴དགུན་གྱི་རྒྱལ་མོའི༴དཔྱིད་ཀྱི་རྒྱལ་མོའི༴སྲིད་པ་ཕྱོགས་བཞི་མཚམས་བརྒྱད་དང་༔ སྟེང་འོག་ཀུན་ལ་དབང་བསྒྱུར་བའི༔ རྗེ་མོ་བཅུ་ཡི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་མངོན་པར་བསྟོད༔ སྣང་སྲིད་སྐྱེ་འགྲོ་ཕོ་མོ་ཡི༔ བློ་ཡིད་སེམས་གསུམ་དབང་བསྡུས་ལ༔ བདག་གི་འབངས་དང་བྲལ་ཁོལ་མཛོད༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབས༔ ཕ་མས་བུ་ཚ་བཞིན་དུ་སྐྱོངས༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་གསོལ་མཆོད་བྱས་པ་ཡིས༔ མ་བུ་ལྟ་བུའི་བྱམས་བརྩེས་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྔགས་སྐྱེས་ཀུན་བཟང་བསྟན་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ།།དགེའོ།།དགེའོ།།དགེའོ།།།།