TTDL-ZABTER-13-PA-049
TTDL-ZABTER-13-PA-049
གཟའི་འཁྲུགས་བསྐང་ཕན་བདེའི་སྣང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༨༧དམར་གཏོར་ཁྲག་སྐྱེམས་བཤམས་བྱས་ནས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་བརླབས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་རིག་ངོ་བོ་བདེ་ཆེན་འགྱུར་མེད་ལས༔ རིག་མདངས་མ་འགགས་དྲེགས་པའི་གཙོ་བོར་ཤར༔ དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཅས༔ འདིར་གཤེགས་ཤ་ཁྲག་དམར་གཏོར་སྐྱེམས་མཆོད་བཞེས༔ བདག་ཅག་མ་རིག་དབང་གྱུར་ཉེས་པའི་ཚོགས༔ སྙིང་ནས་མི་འཆབ་མཐོལ་བཤགས་ཚངས་པར་སྩོལ༔ ཐུགས་དང་འགལ་གྱུར་ཉམས་ཆག་སོར་ཆུད་ནས༔ ལུས་དང་གྲིབ་བཞིན་འགྲོགས་ཤིང་ཕྲིན་ལས་སྒྲུབས༔ ཚེ་ཆོས་བསོད་ནམས་སྙན་གྲགས་ལོངས་སྤྱོད་སྤེལ༔ གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་སྒྲོལ༔ བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་བཟློག༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་དར་ཕྱོར༔ བཀྲ་ཤིས་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག༔ དེ་ལྟར་གྲངས་མང་བརྗོད་གྱུར་ན༔ འཁྲུགས་པ་ཞི་ནས་བསམ་དོན་འགྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་ཐོབ་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་འདུས་ལོས་བསྐུལ་ངོར་ལས་འབྲེལ་པས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།