TTDL-ZABTER-13-PA-055
TTDL-ZABTER-13-PA-055
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་ནག་པོའི་ཟ་ངུ་དགྲ་དཔུང་ཕུང་བྱེད་བཞུགས་སོ༔ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ༔ ༠༠༠༠བརྡ་ཡིག༢༡༣གཟའ་བདུད་སྒྲུབ་པའི་རྣལ་འབྱོར་གྱིས༔ འདི་ལ་རྟག་ཏུ་བརྩོན་པར་མཛོད༔ ཛཿརིན་ཆེན་སྙིང་པོ་རྡོ་རྗེ་ཅན༔ ཨོ་རྒྱན་པད་འབྱུང་མ་ལབ་སྒྲོན༔ རིག་འཛིན་བརྒྱུད་པའི་བཀའ་དམ་གྱིས༔ བསྐུལ་ལོ་རྦད་དོ་གཟའ་བདུད་རྒྱལ༔ ཡབ་ཡུམ་འཁོར་བཅས་དགྲ་ལ་རྒྱུག༔ དགྲ་བོའི་བླ་ཚེ་སྲོག་དབུགས་བཅས༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱིས༔ དོ་ནུབ་ཉིད་དུ་ཧུར་ཐུམ་སོད༔ ཤ་ཁྲག་རུས་པར་ཟ་ངུ་གྱིས༔ མི་ཕྱུགས་དཀོར་ལ་ཟ་ངུ་གྱིས༔ མཐའ་རྩ་སྐྱེ་རྒྱུད་ལྷག་མེད་ཐོངས༔ ཆོག་ཤེས་མེད་པར་ཟ་ངུ་གྱིས༔ དགྲ་ཟིན་མཁོན་འཁྲུགས་འདུམ་ནས་སུ༔ ཞུ་བཤགས་འཇམ་གསུམ་ངས་བླང་ཡང་༔ ཟ་ངུའི་དམག་ཚོགས་སླར་མ་ལྡོག༔ ཟ་སྐལ་དགྲ་བོའི་ཆོས་སྲིད་པ༔ ཟོས་ལྷག་མེད་པའི་ས་ལ་གཏུགས༔ བཀའ་དམ་གཉན་པོའི་ཁྲིམས་དེ་ཡིན༔ མ་འདའ་བཛྲ་ས་མ་ཡ༔ དེ་ཡིས་ཕྲིན་ལས་ཐོགས་མེད་འགྲུབ༔ དགྲ་གསོད་བདག་རྒྱལ་ནང་དུ་བྱམས༔ འདི་མེད་མཁོན་འདུམ་བྱ་མི་རུང་༔ དེ་ཕྱིར་འདི་ལ་ནན་ཏན་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་རིགས་སྲས་མཁྱེན་བརྩེའི་མྱུ་གུ་དང་པདྨ་རྡོ་རྗེ་གཉིས་ཀྱིས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ།།སརྦ་མངྒ་ལཾ།།།།