TTDL-ZABTER-13-PA-057
TTDL-ZABTER-13-PA-057
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲང་སྲོང་གཟའ་མཆོག་ཆེན་པོའི་བསྐང་གསོལ་བསྟན་དགྲ་འཇོམས་པའི་སྤུ་གྲི་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བཟའ་བཏུང་ཕུད་བཤམས་གང་ལའང་༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧཱུྃ་ཛཿདྲང་སྲོང་གཟའ་མཆོག་ཆེན་པོ་འཁོར་དང་བཅས༔ དམ་ཚིག་གཉན་གྱིས་འབོད་དོ་འདིར་གཤེགས་ཤིག༔ འདོད་ཡོན་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ས་མ་ཡ༔ འདི་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ ལུས་དང་གྲིབ་མ་བཞིན་འཁོར་ཞིང་༔ ཁ་བསྒྱུར་ཅི་བཞིན་ལས་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།།།༠༠༠༠བརྡ་ཡིག༢༡༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་ནག་པོའི་དྲག་བསྐང་བསྟན་དགྲའི་དཔུང་འཇོམས་བཞུགས༔ ནོ་མོ་གུ་རུ་པདྨ་ཀ་ར་ཡེ༔ གཟའ་ཡི་དྲག་བསྐང་བསྡུས་པ་ལ༔ དམར་གཏོར་ཁྲག་སྐྱེམས་བཤམས་ནས་སུ༔ འགུགས་གཞུག་བྱ་ཞིང་སྔགས་ཀྱིས་སྤེལ༔ ཤ་ཁྲག་རུས་པའི་རྣམ་པ་ལ༔ ཟག་མེད་བདུད་རྩིའི་ངོ་བོར་དམིགས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ གཟའ་བདུད་ནག་པོ་འཁོར་དང་བཅས༔ བདག་གི་སྲུང་མར་མྱུར་འགྲུབ་མཛོད༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་༔ ཉེས་འགལ་ཉམས་ཆག་ནོར་འཁྲུལ་བཤགས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུག༔ རང་ལ་མ་ལོག་མཐུ་ནུས་དབལ༔ མ་རྡུག་སྟོབས་རྩལ་ཤུགས་ཕྱུངས་ལ༔ གཞན་ལ་མ་འབྱམས་དགྲ་འདི་སོད༔ བླ་ཁུག་བསད་པའི་མཚན་མ་སྟོན༔ ལོ་ཟླར་མ་འགྱངས་དོ་ནུབ་སྒྲོལ༔ བཀའ་དམ་གཉན་པོའི་ཁྲིམས་ཡིན་ནོ༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་བས་ན༔ དྲག་པོ་མངོན་སྤྱོད་ལས་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་འཇིགས་མེད་རྡོ་རྗེས་བསྐུལ་ངོར་ཀློང་ཡངས་ནམ་མཁའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག།བསྟན་དགྲ་མ་ལུས་ཚར་གཅོད་ནུས་པར་ཤོག།དགེའོ།།།།