TTDL-ZABTER-13-PA-081

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-081

ཆོས་ཉིད་ནམ་མཁའི་ཀློང་མཛད་ལས༔ བསྟན་སྲུང་ལེགས་གྲུབ་རྡོ་རྗེའི་ཕྱག་རྒྱ་ཁམས་གསུམ་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༠༥ཧཱུྃ༔ མདུན་དུ་དུར་ཁྲོད་རབ་འཇིགས་དབུས༔ མེ་རླུང་འཁྲིགས་པའི་ཀློང་དཀྱིལ་དུ༔ བདུད་ཀྱི་བདུད་ཆེན་སེང་གེའི་གདོང་༔ མཐིང་ནག་གཡུ་ཡི་རལ་པ་ཅན༔ ཤིན་ཏུ་ཁྲོས་ཤིང་རྔམས་པའི་ཞལ༔ ཕྱག་གཡས་དར་ནག་རུ་མཚོན་ཕྱར༔ གཡོན་པས་དམར་གཏོར་དགྲ་ལ་འཕེན༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ གཡོན་དུ་དཔལ་འབར་སེང་གདོང་མ༔ དམར་ནག་མེ་ཡི་རལ་པ་ཅན༔ ཕྱག་གཡས་རྩེ་གསུམ་གནམ་ལ་ཕྱར༔ གཡོན་པས་དགྲ་སྙིང་དམར་རློན་བསྣམས༔ དར་ནག་བེར་གསོལ་མེ་རྟ་བཅིབས༔ རཀྴའི་ཕྲེང་བ་སེར་རལ་ཐོགས༔ མདུན་དུ་ལས་བྱེད་སྤྲུལ་པའི་འཁོར༔ མི་སྲུན་རོ་ལངས་ཕོ་མོ་གཉིས༔ སྤྱི་གཙུག་སར་གཏད་ལག་པས་འགྲོ༔ རྐང་པས་དམར་གཏོར་དགྲ་ལ་འཕེན༔ སྡེ་བརྒྱད་འཁོར་གྱི་དབུས་ན་ངོམས༔ མེ་དཔུང་རབ་འབར་རླུང་དམར་འཚུབས༔ སྤྲུལ་པའི་ལས་མཁན་སྐར་ལྟར་འཁྲིགས༔ ལྗོངས་ལྔ་སྦས་ཡུལ་ས་སྤྱོད་དང་༔ བདེ་ཆེན་ཞིང་ལ་དབང་བསྒྱུར་བསམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ ཨོཾ་ཏྲི་ཤྲཱི་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ་དྷྲི་ཏྲི་ཡ་མ་རཱ་ཙ་ས་མ་ཡ་ཛ་ཛཿདེ་ནས་ལས་གཞུང་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཞིང་སྐྱོང་ཆེན་པོ་གཤེགས་སུ་གསོལ༔ ལེགས་གྲུབ་རྡོ་རྗེ་གཤེགས་སུ་གསོལ༔ ཀུན་དགའ་གཞོན་ནུ༴སི་ན་ར་མ༴རོ་ལངས་ཕོ་མོ་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ སྦས་ཡུལ་གཉན་པོ་སྒོ་ཕྱེས་ལ༔ ལམ་ལྷ་མཛོད་ལ་ལམ་སྣ་དྲོངས༔ དགྲ་བགེགས་གནོད་བྱེད་ཆོམ་ལ་ཕོབ༔ དམ་ལ་མ་འདའ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་སློབ་བུ་དམ་པ་ཆོས་རྣམས་དང་རིག་འཛིན་རྒྱ་མཚོ་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།།།