TTDL-ZABTER-13-PA-089
TTDL-ZABTER-13-PA-089
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་བཙན་རྒྱལ་སྲོག་ལེན་དམར་པོའི་བླ་རྡོ་བཅང་ཐབས་ཀྱི་ཙཀྲ་དབང་གི་རྒྱལ་པོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༧བཙན་རྒྱལ་ཆེན་པོ་བསྒྲུབ་པ་ལ༔ བླ་རྡོ་སྲོག་གི་གནད་ཡིན་པས༔ དེ་ཉིད་བྲི་ཞིང་བཅང་བའི་ཐབས༔ ཤོག་གུ་དཀར་ཞིང་དྭངས་པའི་ངོར༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བ་ཁྱོན་ཡངས་པར༔ རྒྱལ་བཙན་སྲོག་བདག་དམར་པོ་བྲིས༔ ཟངས་ཁྲབ་རྨོག་དང་འཁོར་གསུམ་བཏགས༔ གཡས་ན་བཙན་མདུང་གཡོན་བཙན་ཞགས༔ མི་རྟ་གཉིས་ཀ་མིག་གསུམ་པ༔ བཙན་གྱི་ཐུགས་ཀར་ཏྲི་ཙ་རུ༔ ཞེས་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ཤུ་ལ་ཏྲི་ཙ་རུ་ཡཀྴ་ས་མ་ཡ༔ གནོད་སྦྱིན་བཙན་ཙིའུ་དམར་པོ་སྤྲུལ་པ་བཙན་རྒོད་རོལ་པ་སྐྱ་བདུན་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ རུས་པ་གཟུགས་ལ་གནས་ཤིང་ངག་རླུང་ལ་གནས་པར་གྱུར་ཅིག༔ ཐུགས་སྲོག་ཏྲིཿཙཿརུ་ལ་གནས་ཤིང་བརྟན་པར་གྱུར་ཅིག༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བདུན་ལ༔ ཤུ་ལ་ཏྲི་ཏིཥྛ་བཛྲཿཅེས་བྲིས༔ མཆན་རྣམས་སུ་ཨ་མུ་ཀ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བདུན་བྲིས༔ གསུམ་པ་ལ་ཕྱོགས་བཞིར་ཨཿཡཿམཿདུཿབྲིས༔ མཚམས་བཞིར༔ རུཿཙཿཤཿནཿབྲིས༔ མུ་ཁྱུད་བཞི་པ་ལ༔ འབོད་རྦད་བསད་གསུམ་གྱི་སྔགས་ཚང་བར་ཅི་མང་བྲིས༔ དེ་ཡི་ཕྱི་རིམ་ཡང་ཡིག་མགོ་ནང་དུ་བསྟན་ཏེ་རྦད་སྔགས་ཅི་མང་བྲིས༔ དེ་ཡི་ཕྱི་རིམ་ཡང་ཡིག་མགོ་ནང་དུ་བསྟན་ཏེ་རྦད་སྔགས་ཅི་མང་བྲིས༔ དེའི་ཕྱི་རིམ་དུ་རྟེན་འབྲེལ་སྙིང་པོའི་མཐར་ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་སྦྱིན་ཙིའུ་དམར་པོ་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་སྲོག་འཁོར་བླ་རྡོ་འདི་ལ་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཅེས་མཐར་བཀྲ་ཤིས་རྫས་རྟགས་བྲིས་ཏེ་མེ་རླུང་འཚུབས་མ་འཁོར་དུ་བྲིས༔ ཕ་བོང་ལོང་བུའི་ལོག་དྲུག་ཏུ་ཏྲིཿམཚལ་གྱིས་བྲིས་ཏེ་ལྟེ་བར་བཅུག༔ བཟང་པོ་དྲུག་གིས་བྱུག་ཅིང་འབྱུང་བའི་སྙིང་པོ་བཞག༔ རིན་ཆེན་ཅི་རྙེད་ཀྱང་བྱུག༔ ཡུམ་གྱི་སྐུ་བྲིས་གཟུགས་སྤྲོད་ལ༔ ལྟེ་བ་མི་བཅག་ལྟེབ་བྱས་ནས༔ སྐྱེར་ཕུར་སོར་བཞི་དང་སྦྲགས་ཏེ༔ དར་དམར་གྱིས་བསྟུམ་ཕྱི་གཡོགས་ལ༔ རབ་གནས་ནན་བྱས་ཆོས་སྨན་ཕྱི་ནས་བྱུག༔ མགུལ་དུ་བཅངས་པས་བཀའ་ཉན་བྲན་ཁོལ་འགྱུར༔ ནམ་ཡང་རྟོགས་པ་དངོས་སུ་བསྐྱེད་ཅིང་བསྟིམ༔ དེ་མིན་རྟོགས་པ་གནད་ལ་ཆུན་མི་སྲིད༔ དེ་ཕྱིར་འཁོར་ལོ་བརྟན་པ་གནད་དུ་ཟུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱཿབརྡ་ཐིམ༔ ཞེས་པ་འདི་སློབ་བུ་མཁྱེན་རབ་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།