TTDL-ZABTER-13-PA-120
TTDL-ZABTER-13-PA-120
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཟོ་དོར་གཉན་པོའི་ཕྲིན་བཅོལ་མངོན་སྤྱོད་ལྷུན་གྲུབ་བཞུགས་སོ༔ ཀྱཻ༔ རྫ་ཡི་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་དང་༔ སྔོ་ཚོགས་གཡུ་རྩེ་གཉན་པོ་འཁོར་བཅས་ཀྱིས༔ ཁྲོམ་ཟ་རྗེ་དཔོན་འཁོར་དང་བཅས་པ་རྣམས༔ དམག་ལ་འགྲོ་ཚེ་དམག་དཔོན་ཁྱེད་ཀྱིས་མཛོད༔ དེ་བཞིན་ཇག་ལ་འགྲོ་ཚེ་ཇག་དཔོན་མཛོད༔ དཔའ་བའི་དཔུང་བསྐྱེད་བཙན་པའི་གོ་བགོས་ལ༔ རྣོ་བའི་མཚོན་ཐོགས་དགྲ་ལ་དྲག་ཏུ་རྒྱུག༔ དགྲ་བོའི་མི་རྟ་གྲུམ་ཆིངས་གྱིས་ལ་སོད༔ རང་ལ་བུ་རྟའི་དཔལ་སྐྱེམས་རྩལ་ཤུགས་བསྐྱེད༔ ཁེ་དང་རྒྱལ་ཁ་སྙན་གྲགས་འཐོབ་པར་མཛོད༔ དང་པོ་གསང་བདག་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པར་བཅས་པའི་དམ༔ ཐ་མ་རྣལ་འབྱོར་བདག་གིས་སྨོས་པའི་ཚིག༔ མ་འདའ་ཇི་བཞིན་སྒྲུབས་མཛོད་ས་མ་ཡ༔ ཞེས་ཀུན་བཟང་བསྟན་འཛིན་ནས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།མངྒ་ལཾ།བི་ཛ་ཡནྟུ།།།།