TTDL-ZABTER-13-PA-127
TTDL-ZABTER-13-PA-127
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁར་དམར་ཀླུ་བཙན་གཉན་པོའི་མཆོད་གསོལ་དཔག་བསམ་འདོད་འབྱུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་ཅི་རིགས་བཤམས་བྱས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དེ་ནས་མཆོད་གསོལ་བྱ་བ་ལ༔ ཀྱཻ༔ མཁར་དམར་རྫ་བཀྲ་དྲག་རྩལ་ཅན༔ ཡབ་ཡུམ་སྲས་དང་བཅས་འཁོར་གྱི༔ ཀླུ་བཙན་གཉན་དང་ས་བདག་གི༔ འཁོར་དང་རིགས་སུ་གཏོགས་པ་རྣམས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་པའི༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དཀར་པོ་དགེ་བའི་སྡོང་གྲོགས་མཛོད༔ དགྲ་བགེགས་གནོད་བྱེད་ཚར་གཅོད་ལ༔ གང་བསམ་འདོད་དོན་ཡོངས་གྲུབ་མཛོད༔ ས་མ་ཡ༔ དེ་ལྟར་མཆོད་གསོལ་ལ་བརྩོན་ན༔ འདོད་དོན་འགྲུབ་པར་གདོན་མི་ཟ༔ ཞེས་པ་འདི་ཡང་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།