TTDL-ZABTER-13-PA-Karchag

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

ཨོཾ་སྭསྟི།སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་མོ་དགོངས་གཏེར་གསང་བའི་ཆོས་སྡེ་ལས༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་སྐོར་གྱི་བར་ཆ་གླེགས་བམ་༼པ༽པ་འདིར།དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ།བཀའ་སྲུང་སྒྲུབ་ཐབས་སྣ་ཚོགས་ཀྱི་སྐོར་བཅུ་གཅིག་ལས།དང་པོ་མགོན་པོའི་སྐོར་ལ།མགོན་པོ་ཚོགས་ཀྱི་བདག་པོའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་ལྡེབ་༡སྒྲུབ་པ་ནོར་བུ་བསམ་འཕེལ་ལྡེབ་༡བཅས།༈གཉིས་པ་སྔགས་སྲུང་མའི་སྐོར་ལ།སྔགས་སྲུང་ཨེ་ཀ་ཙ་ཏིའི་སྲོག་དབང་ཡིད་བཞིན་འཁོར་ལོ་ལྡེབ་༢རྩ་སྒྲུབ་ཉི་མའི་དཀྱིལ་འཁོར་ལྡེབ་༢སྲོག་སྒྲུབ་ཙིཏྟ་དམར་འབྱིན་ལྡེབ་༡ཡང་གསང་གི་སྒྲུབ་པ་ཡིད་བཞིན་ཆར་འབེབས་ལྡེབ་༢བསྐང་བ་བསམ་འཕེལ་ནོར་བུ་ལྡེབ་༡བསྐང་བ་ཕྲིན་ལས་རབ་རྒྱས་ལྡེབ་༡བསྐང་བ་དགའ་བདེའི་འབྱུང་གནས་ལྡེབ་༡དྲག་བསྐང་བསྟན་དགྲའི་དཔུང་འཇོམས་ལྡེབ་༡མ་མོ་མཁའ་འགྲོའི་བསྐང་གསོལ་ལྡེབ་༡ཡང་བསྐང་བསྡུས་ཀྱཻ༔ དད་པ་དང་ནི་སོགས་ལེ་ཚན་གཉིས་ལ་ལྡེབ་༡དྲག་སྒྲུབ་རྣོ་བའི་མདེའུ་ཐུང་ལྡེབ་༥བསྐུལ་བ་རྡོ་རྗེའི་ཐོག་མདའ་ལྡེབ་༢སྒྲུབ་པའི་ཆ་ལག་བསྟན་དགྲའི་དཔུང་འཇོམས་ལྡེབ་༧ཟ་ངུ་ཁམས་གསུམ་གཡུལ་འཇོམས་ལྡེབ་༡དགྲ་བོར་སྨྱོ་འབོག་གཏོང་བའི་མན་ངག་དང་།སྨྱོ་བསྐུལ་བཅས་ལྡེབ་༡བླ་རྡོ་སྲོག་གི་འཁོར་ལོ་ཡིད་བཞིན་དབང་རྒྱལ་ལྡེབ་༡སྤྱང་ཞོན་ལྷ་མོ་མཆེད་གསུམ་གྱི་ཕྱག་རྒྱ་ཕྱོགས་ལས་རྣམ་རྒྱལ་ལྡེབ་༡བཅས།༈གསུམ་པ་ལྷ་ཆེན་སྐོར་ལ།ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཁམས་གསུམ་དབང་སྡུད་ལྡེབ་༢ལྷ་ཆེན་སྒྲུབ་ཐབས་ཡིད་བཞིན་འཁོར་ལོ་ལྡེབ་༣བསང་མཆོད་བསྡུས་པ་ལྡེབ་༡དང་།ལྷ་ཆེན་ཚོགས་ཀྱི་བདག་པོའི་གསོལ་མཆོད་སྣང་སྲིད་དབང་སྡུད་ལྡེབ་༢གཡང་འགུགས་འོད་ཀྱི་ཞགས་པ་ལྡེབ་༡མཆོད་གསོལ་ཁམས་གསུམ་དབང་སྡུད་ལྡེབ་༢པྲ་མོ་ཁམས་གསུམ་གསལ་བྱེད་ལྡེབ་༤ཡུམ་ཨུ་མ་དཱེ་ཝིའི་སྒོས་སྒྲུབ་དངོས་གྲུབ་ཆར་འབེབས་ལྡེབ་༢བསྐང་གསོལ་ཡིད་བཞིན་ཆར་འབེབས་ལྡེབ་༡ལྷ་ཆེན་ལ་བརྟེན་པའི་དགེ་འདུན་དབང་སྡུད་འཁོར་ལོ་འདྲེན་བྱེད་ལྕགས་ཀྱུ་ལྡེབ་༡ནོར་བདག་འདོད་རྒྱལ་དམར་པོའི་གསོལ་མཆོད་ལྡེབ་༢བཅས།༈བཞི་པ་ཤན་པའི་སྐོར་ལ།གནོད་སྦྱིན་ཤན་པའི་ཕྱག་རྒྱ་ལྡེབ་༡ཡང་ཕྱག་རྒྱ་ཚིག་ལྷུག་མ་ཧཱུྃ༔ རང་ཉིད་ཡི་དམ་དྲག་པོ་སོགས་ལྡེབ་༡བསྐང་གསོལ་ཤིན་ཏུ་བསྡུས་པ་ལྡེབ་༡གསོལ་མཆོད་འདོད་རྒུ་ལྷུན་འགྲུབ་ལྡེབ་༡གཉེར་གཏད་བསམ་དོན་ལྷུན་གྲུབ་ལྡེབ་༢མངའ་གསོལ་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་ལྡེབ་༣བཅས།༈ལྔ་པ་ནོར་བདག་ཨ་པ་རའི་སྐོར་ལ༔ གནོད་སྦྱིན་གཏེར་གྱི་བདག་པོའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་ལྡེབ་༤གནོད་སྦྱིན་ནོར་གྱི་བདག་པོའི་ཕྱག་རྒྱ་ཡིད་བཞིན་འཁོལ་ལོ་ལྡེབ་༡འགྲུབ་པའི་བདེན་བརྗོད་སྨོན་ཚིག་ན་མོ༔ སངས་རྒྱས་སོགས་ལྡེབ་༡བསྐང་གསོལ་དགོས་འདོད་ཆར་འབེབས་ལྡེབ་༡ནོར་བདག་ཨ་པ་ར་དཀར་པོའི་ཚོགས་མཆོད་མི་ཟད་རྒྱན་འཁོར་ལྡེབ་༦གཡང་འགུགས་དངོས་གྲུབ་ཆར་འབེབས་ལྡེབ་༢མེ་མཆོད་འདོད་འཇོའི་བུམ་བཟང་ལྡེབ་༥བཅས།༈དྲུག་པ་གཟའི་སྐོར་ལ།དྲང་སྲོང་གཟའ་མཆོག་ཆེན་པོའི་ཕྱག་རྒྱ་འཁོར་ལོས་སྒྱུར་བ་ལྡེབ་༥གཟའི་གཉེན་པོ་སྟོབས་ཀྱི་ལྷ་མཆོག་ལྡེབ་༡བཅོལ་གཏམ་བྱ་བ་ཡིད་བཞིན་བང་མཛོད་ལྡེབ་༢བསང་མཆོད་ཡེ་ཤེས་བདུད་རྩི་ལྡེབ་༡ཨོལ་བཀག་རྡོ་རྗེའི་མདུད་པ་ལྡེབ་༡གཟའི་འཁྲུགས་བསྐང་ཕན་བདེའི་སྣང་བ་ལས་འབྲེལ་པས་ཕབ་པ་ལྡེབ་༡མཁོན་སྦྱངས་འདའ་དཀའ་རྡོ་རྗེ་ལྡེབ་༡གཟའ་ནག་དྲག་སྒྲུབ་རྣོ་བའི་དུག་མདེའུ་ལྡེབ་༤གཟའ་བདུད་སྒྲུབ་པའི་ཆ་ལག་དང་༔ གཙོ་སྔགས་ཤམ་འདོགས་བླ་འགུགས་བཅས་ལྡེབ་༥དགོངས་གསོལ་གཉེར་གཏད་དམོད་ཤམ་ཅན་ལྡེབ་༡བདེན་སྟོབས་ཀྱིས་གཅུན་པ་ལྡེབ་༡ཟ་ངུ་དགྲ་དཔུང་ཕུང་བྱེད་ལྡེབ་༡དྲག་བསྐུལ་སྤུ་གྲིའི་འཁོར་ལོ་ལྡེབ་༢བསྐང་གསོལ་བསྟན་དགྲ་འཇོམས་པའི་སྤུ་གྲི་དང་།དྲག་བསྐང་བསྟན་དགྲའི་དཔུང་འཇོམས་བཅས་ལྡེབ་༡དགྲ་ཆོས་དྲག་བསྐུལ་ཟབ་མོ་ལྡེབ་༡དགྲ་མནན་དམོད་བྱང་ལྡེབ་འདི་དཔེར་མི་སྣང༔ གདོང་གཏད་མན་ངག་ཁམས་གསུམ་རོལ་པ་ལྡེབ་༢བཅས།༈བདུན་པ་གཏེར་སྲུང་གཞི་བདག་སྣ་ཚོགས་ཀྱི་སྐོར་ལ།ཡང་ཁྲོས་མ་ཧཱ་ཀཱ་ལའི་བསྐང་གསོལ་དངོས་གྲུབ་ཆར་འབེབ་ལྡེབ་༢རྡོ་རྗེ་ཕུར་པ་སྲུང་མར་བཅས་པའི་བསྐང་གསོལ་ཡིད་བཞིན་དབང་རྒྱས་ལྡེབ་༢མ་མོ་ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་འདོད་འཇོའི་དཔལ་ཕྲེང་ལྡེབ་༡ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་ཆོས་ཉིད་སྤྲིན་ཕུང་ལྡེབ་༡དམར་པོ་ལྷ་གསུམ་གྱི་སྒྲུབ་པ་ལྕགས་ཀྱུ་སྙིང་མཛིན་ལྡེབ་༤དྲེགས་པ་སྡེ་ལྔའི་སྒྲུབ་པ་ཕྲིན་ལས་ཡོངས་གྲུབ་ལྡེབ་༤བཀའ་སྲུང་མ་མགོན་ལྕག་དྲལ་གྱི་གནད་དབབ་བདེན་ཚིག་གྲུབ་པ་ལྡེབ་༢འཕགས་མ་ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་ཡིད་བཞིན་ཆར་འབེབས་དང་།དེའི་བསྐང་གསོལ་བཅས་ལྡེབ་༢འཕགས་པ་ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས་དཔག་བསམ་རྒྱས་པའི་ལྗོན་པ་དང་༔ གསོལ་མཆོད་བཅས་ལྡེབ་༢མ་མོ་རེ་མ་ཏཱིའི་བསྐང་གསོལ་བསྡུས་པ་ལྡེབ་༡དཔལ་ལྡན་དུར་ཁྲོད་བདག་མོའི་ཕྱག་རྒྱ་འདོད་དོན་གསལ་བྱེད་ལྡེབ་༢སྔགས་སྲུང་ཤ་ཟ་ཆེན་མོའི་གསོལ་མཆོད་ལྡེབ་༡བཅས།༈བརྒྱད་པ་དམ་ཅན་སྐོར་ལ།དམ་ཅན་རྡོ་རྗེ་ལེགས་པའི་ཕྱག་རྒྱ་ནོར་བུ་དབང་རྒྱལ་ལྡེབ་༡སྒྲུབ་ཐབས་ཡིད་བཞིན་དཔལ་སྟེར་སྡེབ་༡གསོལ་མཆོད་བསྡུས་པ་ལྡེབ་༡གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་ལྡེབ་༡བསང་མཆོད་ཆོས་ཉིད་སྤྲིན་ཕུང་ལྡེབ་༡བཅས།༈དགུ་པ་ཞིང་སྐྱོང་སེང་གདོང་སྐོར་ལ།ཞིང་སྐྱོང་སེང་གདོང་ཡབ་ཡུམ་གྱི་སྲོག་གཏད་ནོར་བུ་དབང་རྒྱལ་ལྡེབ་༢སྦས་ཡུལ་སྤྱི་སྲུང་དཔལ་ཆེན་དངོས་སྤྲུལ་ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ལས་བྱང་ཕྲིན་ལས་ལྷུན་གྲུབ་ལྡེབ་༥བསྐང་བ་བསམ་དོན་ལྷུན་གྲུབ་ལྡེབ་༢ཕྲིན་བཅོལ་བསམ་པ་ལྷུན་གྲུབ་ལྡེབ་༡ལེགས་གྲུབ་རྡོ་རྗེའི་ཕྱག་རྒྱ་ཁམས་གསུམ་དབང་རྒྱལ་ལྡེབ་༡བསྐང་གསོལ་དགེ་ལེགས་ཀུན་འབྱུང་ལྡེབ་༡ཀུན་དགའ་གཞོན་ནུའི་དཀྱིལ་འཁོར་དུ་ཚོགས་མཆོད་འབུལ་བ་ལྡེབ་༢སེང་གདོང་ཡབ་ཡུམ་གྱི་ཕྱག་རྒྱ་ཙིཏྟའི་རྒྱ་ཅན་ལྡེབ་༢བཅས།༈བཅུ་པ་གནོད་སྦྱིན་ཙིའུ་དམར་སོགས་བཙན་གྱི་སྐོར་ལ།གནོད་སྦྱིན་བཙན་རྒྱལ་ཆེན་པོའི་བསྐང་གསོལ་ཕྲིན་ལས་ལྷུན་གྲུབ་ལྡེབ་༡བསྐང་གསོལ་འདོད་དོན་ལྷུན་གྲུབ་ལྡེབ་༡གནོད་སྦྱིན་ཙིའུ་དམར་པོའི་ཟ་ངུ་ལྡེབ་༡མིག་འཕྲུལ་ཕུང་བྱེད་ནག་པོ་ལྡེབ་༢བླ་རྡོ་བཅང་ཐབས་ཀྱི་ཙཀྲ་དབང་གི་རྒྱལ་པོ་ལྡེབ་༡བཅས་དང་།གནོད་སྦྱིན་དཀོར་གྱི་བདག་པོའི་གསོལ་མཆོད་ཡིད་བཞིན་ནོར་བུ་ལྡེབ་༢དཀོར་སྲུང་བཙན་རྒྱལ་ཆེན་པོའི་གསོལ་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ་༡བཅས།༈བཅུ་གཅིག་པ་མ་མོ་སྔགས་སྲུང་ཤ་ཟ་ཧོར་མོའི་སྐོར་ལ།སྔགས་སྲུང་ཤ་ཟ་ཧོར་མོའི་སྲོག་དབང་ཡིད་བཞིན་ཆར་འབེབས་ལྡེབ་༢སྒྲུབ་པ་མངོན་སྤྱོད་ལྷུན་གྲུབ་ལྡེབ་༤སྲོག་འཁོར་བཅང་ཐབས་ལྡེབ་༡ཤ་ཟ་ཧོར་མོའི་བསྐུལ་བ་གནམ་ལྕགས་ཐོག་མདའ་ལྡེབ་༢གསོལ་མཆོད་བྷྱོ༔ དུས་གསུམ་རྒྱལ་བ་སྲས་བཅས་སོགས་ལྡེབ་༡བཅས།༈བཅུ་གཉིས་པ་བསང་དང་གསོལ་མཆོད་བསྐང་ཕྲིན་སྣ་ཚོགས་ཀྱི་སྐོར་ལ།རྩ་གསུམ་དཔའ་བོ་མཁའ་འགྲོའི་སྤྱི་བསང་བསྡུས་པ་དོན་གཉིས་དཔལ་སྟེར་ལྡེབ་༢སེང་ཆེན་ནོར་བུ་དགུ་འདུལ་གྱི་བསང་མཆོད་འདོད་རྒུའི་ཆར་འབེབས་ལྡེབ་༢དྲག་ཤུལ་སྟོབས་ལྡན་དབང་པོའི་བསང་མཆོད་འདོད་ཡོན་སྤྲིན་ཕུང་ལྡེབ༣སྦས་ཡུལ་པདྨ་བཀོད་ཀྱི་སྲུང་མ་གཉན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་ལྡེབ་༡བཙན་རྒོད་དྲེགས་པ་མེ་ཕྲེང་གི་བསང་མཆོད་འདོད་འཇོའི་དཔལ་འབར་ལྡེབ་༡ཆོས་སྲུང་སྤྱིའི་བསང་ཀྱཻ༔ ལྷུན་གྲུབ་བདེ་ཆེན་སོགས་ལྡེབ་༡དྲེགས་པ་ཡོངས་འདུས་ཀྱི་སྤྱི་བསྐང་རྡོ་རྗེའི་གད་མོ་དང་༔ ཡང་སྤྱི་བསྐང་བསྡུས་པ་དངོས་འབྱོར་ཡིད་ཀྱིས་སོགས་བཅས་ལྡེབ་༡གཏེར་སྲུང་སྤྱི་བསྐང་ལྡེབ་༡བཀའ་སྲུང་དྲེགས་པའི་བསྐང་བསྡུས་ལྡེབ་༢བཀའ་སྲུང་སྤྱི་ཡི་བསྐང་བསྡུས་ལྡེབ་༡སྡེ་བརྒྱད་འཁྲུགས་བསྐང་དགེ་ལེགས་ཀུན་འབྱུང་ལྡེབ་༢བཀའ་སྲུང་སྤྱིའི་ཕྲིན་བཅོལ་ཧོ༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་སོགས་ལྡེབ་༡བཀའ་སྲུང་གི་ཚོགས་བསྐང་བསྡུས་པ་ལྡེབ་༡བཀའ་སྲུང་དྲེགས་པའི་ནུས་བསྐྱེད་བསྐང་གསོལ་དང་བཅས་པ་ཕྲིན་ལས་ལྷུན་གྲུབ་ལྡེབ་༣གསོལ་མཆོད་བདེ་ལེགས་ཀུན་འབྱུང་ལྡེབ་༡བཀའ་སྲུང་སྤྱིའི་གཉེར་གཏད་བར་ཆད་ཀུན་སེལ་ལྡེབ་༢གཉེར་གཏད་མཁོན་སྦྱངས་ཟ་ངུ་ལྡེབ་༤མཁོན་སྦྱངས་འདའ་དཀའ་རྡོ་རྗེ་ལྡེབ་༡དྲེགས་པའི་བསང་མཆོད་བདེ་ལེགས་ཀུན་འབྱུང་ལྡེབ་༢རྟ་ལྷའི་བསང་མཆོད་ཉེས་པ་ཀུན་སེལ་ལྡེབ༡ཡུལ་བདག་ས་སྐྱོང་གཉན་པོའི་བསང་མཆོད་འདོད་རྒུའི་སྤྲིན་ཕུང་ལྡེབ་༢ཡུལ་ལྷ་མཁོན་སྦྱངས་འདའ་མེད་རྡོ་རྗེའི་གཏན་ཚིག་ལྡེབ་༡རྫ་སྙིང་སྔོ་ཚོགས་གཡུ་རྩེའི་གཉེར་བཅོལ་བསམ་དོན་ལྷུན་གྲུབ་ལྡེབ་༡ཟོ་དོར་གཉན་པོའི་ཕྲིན་བཅོལ་མངོན་སྤྱོད་ལྷུན་གྲུབ་ལྡེབ་༡ཟོ་དོར་གཉན་པོའི་གསོལ་མཆོད་ལྡེབ་༡རྫ་རྒྱལ་རྡོ་རྗེ་འཕན་འཕྱུག་ལ་གཉེར་བཅོལ་ཡིད་བཞིན་ཆར་འབེབས་ལྡེབ་༡རྡོ་རྗེ་མཆོག་རབ་རྩལ་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ་ལྡེབ་༡རྨ་རྒྱལ་སྤོམ་རའི་ཕྱག་རྒྱ་ནོར་གྱི་ཆར་འབེབས་ལྡེབ་༢དགྲ་ལྷ་ང་འདྲ་མཆེད་བརྒྱད་ཀྱི་མཆོད་གསོལ་དགོས་འདོད་ཆར་འབེབས་ལྡེབ་༡ང་འདྲ་མཆེད་བརྒྱད་ཀྱི་བསང་མཆོད་འདོད་རྒུའི་ཆར་འབེབས་ལྡེབ་༤མཁར་དམར་ཀླུ་བཙན་གཉན་པོའི་མཆོད་གསོལ་དཔག་བསམ་འདོད་འབྱུང་ལྡེབ་༡དཀར་པོ་རྒྱོག་གི་ས་འཛིན་རི་དབང་རྒྱལ་པོའི་བསང་མཆོད་ལྡེབ་༢བཅས།པོད་འདིར་ཆོས་ཚན་བརྒྱ་དང་ཉེར་བརྒྱད་ལ་ལྡེབ་༢༢༩དང་།གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ་༥བཅས་བསྡོམ་ལྡེབ་གྲངས་༢༣༤བཞུགས།༈གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི།།ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར།།ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས།།ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག།༈པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།།ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།།གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།།མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།དགེའོ།།།།