TTDL-ZABTER-14-PHA-015

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-015

བརྡ་ཡིག༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཆོད་ཕྲེང་བསོད་ནམས་ཚོགས་ཆེན་བཞུགས་སོ༔ བརྡ་ཡིག༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༩༦༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྣམས༔ ཡིད་ལ་བྱས་ཏེ་འདི་ལྟར་བྱ༔ ཕྱི་ནང་གསང་བའི་མཆོད་རྫས་རྣམས༔ གྱ་ནོམ་མཛེས་ཤིང་བཀོད་ལེགས་པ༔ མཁའ་ཁྱབ་འཁོར་ལོར་སྤྲོས་ཏེ་འབུལ༔ ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ དྭངས་ཤིང་བསིལ་བའི་ཞབས་བསིལ་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་པཱདྱཾ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ མཛེས་ཤིང་ཡིད་འོང་མེ་ཏོག་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ དྲི་ཞིམ་ཡིད་འོང་བདུག་སྤོས་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷུཥྤེ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ མཛེས་ཤིང་ཡིད་འོང་སྣང་གསལ་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ དྲི་ཞིམ་ཡུལ་འཕྱོ་དྲི་ཆབ་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ རོ་བརྒྱའི་བཅུད་ལྡན་ཞལ་ཟས་ཅི་མཆིས་པ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ནཻ་ཝིདྱ་པྲ་ཏཱིཙྪ་པཱུ་ཛ༴ཨོཾ༔ དཔག་ཡས་ནམ་མཁའི་གར་ཁྱབ་འཇིག་རྟེན་ན༔ སྙན་ཅིང་ཡིད་འཕྲོག་རོལ་མོའི་རིགས་བྱེད་སྒྲ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཧཱུྃ༔ མཛེས་སྒེག་བཅུ་དྲུག་དགའ་བའི་ལང་ཚོ་ཅན༔ དགའ་བདེའི་ཉམས་ལྡན་འཛུམ་པའི་མདངས་ངོམས་ཤིང་༔ འཁོར་བའི་འཁྲུལ་ཞེན་ལམ་ལས་བཟློག་མཛད་མ༔ རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལཱ་སྱ་ཧཱུྃ་པྲ་ཏཱིཙྪ༴ཧཱུྃ༔ ཆོས་ཉིད་དབྱིངས་ལས་ཐུགས་རྗེའི་རོལ་པའི་གར༔ རྣམ་པར་རྟོག་གསུམ་གཞིག་པའི་ཕྲེང་བ་འདྲེན༔ འཁོར་བའི་སྒོ་འཕར་གཅོད་པའི་གར་མཁན་མ༔ རྡོ་རྗེ་ཕྲེང་ཐོགས་མ་ཡིས་མཉེས་གྱུར་ཅིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མཱ་ལྱ་ཏྲཱཾ་པྲ་ཏཱིཙྪ༴ཧཱུྃ༔ དབྱངས་སྙན་ཡན་ལག་དྲུག་ཅུས་ཡིད་འགུགས་ཤིང་༔ ལོག་ལམ་ཁ་ལོ་བསྒྱུར་ཏེ་དབྱིངས་སུ་འཇིག༔ ཏམྦུ་ར་ཡི་སྒྲ་འགྱུར་མཛུབ་མོས་རྩེ༔ རྡོ་རྗེ་གླུ་དབྱངས་མ་ཡིས་མཉེས་གྱུར་ཅིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་གཱིརྟི་ཧྲཱིཿཔྲ་ཏཱིཙྪ༴ཧཱུྃ༔ རབ་མཛེས་ཡིད་འཕྲོག་སྣ་ཚོགས་གར་མཁན་མ༔ གཞོན་ནུའི་ཡིད་ལ་དགའ་བའི་ཆོ་འཕྲུལ་འགྱེད༔ མཉེན་ལྕུགས་སོར་མོའི་ཕྱག་རྒྱས་འཁྲུལ་འཁོར་གཞིག༔ རྡོ་རྗེ་གར་མཁན་མ་ཡིས་མཉེས་གྱུར་ཅིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ནཱིརྟི་ཨཱཿཔྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཕྱི་མཆོད་རྫོགས་པའི་ལེའུ་སྟེ་དང་པོའོ༔ ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ མཛེས་སྡུག་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་རཱུ་པ་པྲ་ཏཱིཙྪ༴ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ སྒྲ་སྙན་རོལ་མོའི་བྱེ་བྲག་ཅི་མཆིས་པ༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཤཔྟ་པྲ་ཏཱིཙྪ༴ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ དྲི་ཞིམ་ཡིད་འོང་བྱེ་བྲག་ཅི་མཆིས་པ༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ༴ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ རོ་བརྒྱའི་དཔལ་གྱི་ཞལ་ཟས་ཅི་མཆིས་པ༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་རཱ་ས་པྲ་ཏཱིཙྪ༴ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ མཛེས་ཤིང་ཡིད་འོང་རེག་འཇམ་རེག་བྱའི་རིགས༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་སྤཪྴེ་པྲ་ཏཱིཙྪ༴ཨཱཿཆོས་ཉིད་ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་ལས༔ སྣ་ཚོགས་སྣང་བ་མཆེད་རུང་ཆོས་ཀྱི་དབྱིངས༔ རིག་འཛིན་བླ་མ་འདུས་པའི་དལ་དུ་འབུལ༔ བཞེས་ནས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ནང་མཆོད་ཀྱི་ལེའུ་སྟེ་གཉིས་པའོ༔ ཧཱུྃ༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ དྭངས་གསལ་མཛེས་ལྡན་དུང་མདོག་འོད་དུ་འབར༔ སྐུ་ལ་རེག་པས་བདེ་སྟོང་ཡེ་ཤེས་བསྐྱེད༔ རིག་འཛིན་བླ་མའི་དགྱེས་པ་སྐོང་ཕྱིར་འབུལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨ་དཪྴ་པྲ་ཏཱིཙྪ༴ཧཱུྃ༔ འཁྲུལ་འཁོར་དབྱིངས་སུ་བཤིག་པའི་སྒྲ་བསྒྱུར་མཁན༔ ཡན་ལག་དྲུག་ཅུའི་དབྱངས་ལྡན་སྒྲའི་འབྱུང་གནས༔ རྡོ་རྗེ་པི་ཝང་མ་ཡི་བྱེ་བྲག་ཀུན༔ རིག་འཛིན་བླ་མའི་དགྱེས་པ་སྐོང་ཕྱིར་འབུལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཝི་ནི་ཧཱུྃ་པྲ་ཏཱིཙྪ༴ཧཱུྃ༔ འགྱུར་ཁུག་སྙན་སྒྲས་གཞན་ཡིད་འགུགས་བྱེད་མ༔ དབུགས་ཀྱིས་བསྒྲགས་ཤིང་མཛུབ་མོས་གར་བྱེད་པའི༔ སྒྲ་སྙན་གླིང་བུ་མ་ཡི་བྱེ་བྲག་འཕྲུལ༔ རིག་འཛིན་བླ་མའི་དགྱེས་པ་སྐོང་ཕྱིར་འབུལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཝཾ་སེ་ཏྲཱཾ་པྲ་ཏཱིཙྪ༴ཧཱུྃ༔ འཁྲུལ་འཁོར་དབྱིངས་སུ་བཤིག་པའི་སྒྲ་བསྒྱུར་མཁན༔ གྲགས་ཤིང་ལྡིར་བའི་སྒྲ་ཡིས་འཁོར་བ་འཇིག༔ རྡོ་རྗེ་རྔ་ཟླུམ་མ་ཡི་རིགས་བྱེ་བྲག༔ རིག་འཛིན་བླ་མའི་དགྱེས་པ་སྐོང་ཕྱིར་འབུལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མྲྀ་ཏཾ་གེ་ཧྲཱིཿཔྲ་ཏཱིཙྪ༴ཧཱུྃ༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པའི་དབྱིངས༔ ཆོས་ཅན་ཆོས་ཉིད་རོལ་པའི་རང་སྒྲ་ལྡིར༔ རྡོ་རྗེ་རྫ་རྔ་མ་ཡི་རིགས་བྱེ་བྲག༔ རིག་འཛིན་བླ་མའི་དགྱེས་པ་སྐོང་ཕྱིར་འབུལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མུ་རཉྫེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ གསང་མཆོད་རྫོགས་པའི་ལེའུ་སྟེ་གསུམ་པའོ༔ ཐབས་མཆོག་ཟབ་མོའི་གནད་ལྡན་པས༔ འདི་བརྗོད་བསོད་ནམས་ཚོགས་རྫོགས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་སློབ་བུ་པདྨ་ནོར་བུ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཞུ་བ་པོ་ཕྱི་མ་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།