TTDL-ZABTER-14-PHA-024

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-024

བརྡ་ཡིག་༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཅོམ་ལྡན་འདས་རྟ་ཕྱག་ཁྱུང་གསུམ་ལ་བརྟེན་ནས་ཁ་ཆར་གཅོད་པའི་མན་ངག་སྣང་སྲིད་མེ་ལྕེ་འཁྱིལ་བའི་འཁོར་ལོ་བཞུགས༔ བརྡ་ཡིག་༠༠༠༠༠༢༡༤༔ བཅོམ་ལྡན་འདས་རྟ་ཕྱག་ཁྱུང་གསུམ་ལ་ཕྱག་འཚལ་ལོ༔ ནངས་པར་སྔ་ཐོག་ཏུ༔ རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ་སྐུ་མདོག་དམར་ནག་ཁྲོ་བོའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཏོ་དང་གཡོན་དབང་གི་ཞགས་པ་བསྣམས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་པ་སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་འཁྱུག་པ་སྨ་ར་དང་སྨིན་མ་མེ་འབར་ཞིང་མེའི་ཟི་ར་འཁྲིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་དུ་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་སྒྲོགས་པ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་ཁྲི་ལ་འགྱིང་བ་དེའི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གསང་བདག་ཕྱག་ན་རྡོ་རྗེ་གཏུམ་དྲག་མཐིང་ནག་རབ་ཁྲོས་རྔམས་ཤིང་བརྗིད་པ་ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་གསོར་ཞིང་༔ གཡོན་སྦྲུལ་ཞགས་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་སྣང་སྲིད་ཟིལ་གྱིས་གནོན་པ་སྤྱན་བསྒྲད་ཞལ་གདངས་མཆེ་བ་གཙིགས་པ་དབུ་སྐྲ་དམར་སེར་མེ་ལྟར་འབར་བ་ཞིག་ཏུ་བསྐྱེད་དོ༔ རྟ་མགྲིན་རྒྱལ་པོའི་སྤྱི་གཙུག་སྟེང་གི་ནམ་མཁའ་ལ་ཁྲོ་ཆུ་ཞུན་མ་ལས་གྲུབ་པའི་བྱ་ཁྱུང་འཇིགས་སུ་རུང་བ་ལྕགས་བསྲེགས་ཀྱི་རྭ་གཉིས་གནམ་ལ་གཟེར་ཞིང་རལ་པ་མེ་ལྟར་འབར་བ་སྤུ་གྲི་འབར་བའི་གཤོག་པ་བརྡབ་པས་ཉི་ཚན་དང་བྱེ་ཚན་གྱི་ཆར་འབེབས་པ་ལྕགས་བསྲེག་གི་སྡེར་མོས་ས་བདག་ཀླུ་གཉན་རྣམས་ཀྱི་སྙིང་རྩ་རྒྱུད་ནས་འདྲེན་ཅིང་སྲོག་རྩ་སྒལ་ནས་གཅོད་དེ་རོ་ལ་རོལ་པ་ཞིག་བསྐྱེད་དོ༔ བྱ་ཁྱུང་རྒྱལ་པོའི་ཐུགས་ཀར་ཁྲོཾཿཡིག་ནག་པོ་མེ་འབར་བ༔ རྟ་མགྲིན་གྱི་ཐུགས་ཀའི་སྟེང་དུ་ཧྲཱིཿཡིག་ནག་པོ༔ ཕྱག་རྡོར་གྱི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་དེ་གསུམ་དང་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ནམ་མཁའི་སྤྲིན་རྣམས་ཐམས་ཅད་རྩྭ་ཕུང་སྐམ་པོ་ལ་མེ་མཆེད་པ་བཞིན་དུ་བསྲེགས་ནས་སྣང་སྲིད་མེའི་དཀྱིལ་འཁོར་དམར་སྒ་ར་ར་འཁོར་ཞིང་འཁྱིལ་བར་བསྒོམ༔ ཧྲཱིཿཔདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ས་མ་ཡ་ཛ་ཛཿཁ་བ་ཆོད་ཆོད་སྤྲིན་ན་བུན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བར་མ་ཆད་པར་ཆུ་བོའི་གཞུང་བཞིན་བཟླས༔ དེ་ནས་འཁོར་ལོ་བསྐོར་བ་ལ༔ དུག་ཤོག་དཀར་ལ་ཟླུམ་པ་དྭངས་ཞིང་ངོས་འཇམ་པ་ལ༔ ཨོཾ་ཧྲཱིཿཔདྨ་ཏ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཁ་བ་བཏང་བའི་གནོད་བྱེད་སྤྲིན་ན་བུན་དང་བཅས་པ་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་ཁ་བ་ཆོད་ཅིག༔ སྤྲིན་གཏོར་ཅིག༔ སྤྲིན་རྣམས་མེའི་འཁོར་ལོ་རུ་གྱུར་ཅིག༔ རཾ་རཾ་ཛྭ་ལ་རཾ་ན་བུན་རླུང་གི་འཁོར་ལོ་རུ་གྱུར་ཅིག་ཡཾ་ཡཾ་ཤ་བ་རི་ཡེ་སྭཱ་ཧཱ༔ ཞེས་དབུ་ཅན་ལྷག་ཆད་མེད་པར་བྲི༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ཕཊ༔ སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿདཀོན་མཆོག་སོགས་ནས་ཤམ་སྦྱར༔ ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ སྭཱ་རཏྣ་ག་རུ་ཌ་ཧཱུྃ་ཕཊ༔ ཨཱཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ༔ ཧཱ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ག་རུ་ཌ་ས་མ་ཡེ་ཕེཾ་ཕེཾ་ཛ་ཛཿདཀོན་མཆོག་སོགས་ཤམ་སྦྱར༔ ལིང་ཚེ་གསུམ་མཐར་མེ་རིས་བསྐོར༔ ཡང་ལིང་ཚེ་ཞིག་ལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛཿསྟེང་འོག་ནས་ཁ་བ་བཏང་བའི་གནོད་བྱེད་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཤར་ཕྱོགས་ཀྱི་ཁ་བ་ཁཾ་བདག་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ལྷོ་ཕྱོགས་ཀྱི་ཁ་བ་ཁཾ་བདག་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ནུབ་ཕྱོགས་ཀྱི་ཁ་བ་ཁཾ་བདག་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ བྱང་ཕྱོགས་ཀྱི་ཁ་བ་ཁཾ་བདག་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ མཚམས་བཞིའི་ཁ་བ་ཁཾ་བདག་ཐམས་ཅད་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ མཐར་མེ་རིས་བསྐོར༔ སླར་ཡང་ལིང་ཚེ་ཞིག་ལ༔ བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཌ་ས་མ་ཡ་ཕེཾ་ཛཿགནོད་བྱེད་ཁ་བ་བཏང་བའི་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཐམས་ཅད་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ དུང་སྐྱོང་གི་རིགས་སུ་གྱུར་པ་ཐམས་ཅད་སོགས༔ ནོར་རྒྱས་ཀྱི་རིགས་སུ་གཏོགས་པ་སོགས༔ པདྨའི་རིགས་སུ་གཏོགས་པ་སོགས༔ པདྨ་ཆེན་པོའི་རིགས་སུ་གཏོགས་པ་སོགས༔ མཐའ་ཡས་ཀྱི་རིགས་སུ་གཏོགས་པ་སོགས༔ སྭཱ་ཧཱ༔ མཐར་རཾ་དང་མེ་རིས་བསྐོར༔ ཡང་ལིང་ཚེ་ཞིག་ལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་སརྦ་ས་མ་ཡ་ཕེཾ་ཕེཾ་ཛཿགནོད་བྱེད་ཁ་བ་ཁཾ་བདག་ཀླུ་རྒྱལ་རིགས་སུ་གཏོགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ རྗེ་རིགས་སུ་གཏོགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དམངས་རིགས་སུ་གཏོགས་པ༴བྲམ་ཟེའི་རིགས་སུ་གཏོགས་པ༴གདོལ་པའི་རིགས་སུ་གཏོགས་པ༴སྟོབས་རྒྱུ་དང་ལྟོ་འཕྱེའི་རིགས་སུ་གཏོགས་པ༴དེ་ལ་སོགས་པའི་ས་བདག་ཀླུ་གཉན་ཁ་ཆར་གྱི་བདག་པོ་ཐམས་ཅད་རྦད་ནན་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ འཁོར་ལོའི་འོག་ཏུ་གནམ་འཁོར་ལོ་རྩིབས་བརྒྱད་ལ་ཨེ་ཡིག་བརྒྱད༔ མཐར་མེ་དང་རླུང་གི་ར་བས་བསྐོར༔ མེ་ལ་རཾ་དང་རླུང་ལ་ཡཾ་ཡཾ་བྲི༔ སྟེང་དུ་ས་པདྨ་འདབ་བརྒྱད་བྲིས་པའི་མཐར་འདབ་མ་ལ་སུཾ་རཾ་བྲི༔ མཐར་མེ་རླུང་གི་ར་བས་བསྐོར༔ དེའི་ཕྱི་རིམ་སྟེང་འོག་གཉིས་ལ་རྡོ་རྗེ་རྒྱ་གྲམ་གྱི་མཐར༔ ནུབ་བྱང་མཚམས་ཀྱི་དབང་ཕྱུག་ཤ་བ་རི་པ་ཕེཾ་ཕེཾ་ཛཿཁ་བ་ཆོད་སྤྲིན་གཏོར་ཡཾ་ཡཾ་སྭཱ་ཧཱ༔ ཤར་ལྷོ་མཚམས་ཀྱི་དབང་ཕྱུག་ཨགྣེ་རཱ་ཙ་སརྦ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛཿཆར་པ་ཆུ་བདག་ཆུ་འཛིན་ཐམས་ཅད་ཛྭ་ལ་རཾ་པ་རཾ་སྣང་སྲིད་འབྱུང་བཞི་མེ་དཔུང་འབར་བའི་རང་བཞིན་དུ་བསྒྱུར་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཞེས་དྲག་ཏུ་བསྐོར་ཞིང་དམིགས་པའི་གནད་དང་ལྡན་ན་ངེས་པར་ཐུབ་བོ༔ ས་མ་ཡ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ཉིད་སློབ་བུ་ཨོ་རྒྱན་ཆོས་གྲགས་དང་ཁྲོ་མཆོག་ཟུང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།