TTDL-ZABTER-14-PHA-025

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-025

བརྡ་ཡིག་༠༠༠༠༠༢༢༡༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཁ་བ་གཅོད་པའི་འཁོར་ལོ་བསྐོར་བ་མེ་འབར་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ བསྐལ་པ་སྙིགས་མ་ལྔ་བདོའི་དུས༔ བདུད་དང་ནག་ཕྱོགས་ཁ་དར་ནས༔ ཁ་ཆར་གདུག་པའི་ཡོ་ལང་གིས༔ སྐྱེ་འགྲོའི་བདེ་སྐྱིད་དཔལ་ཁ་བཅོམ༔ དེ་དུས་སྐལ་བཟང་སྐྱེས་བུ་ཡིས༔ གོང་བསྙེན་ཚད་དུ་ལོངས་བྱས་ཏེ༔ མཐར་ནི་ལས་ལ་སྦྱོར་བའི་དུས༔ འགྱུར་སྔགས་མང་དུ་བརྗོད་བྱས་ཏེ༔ དང་པོ་སྡེ་བརྒྱད་གཞི་བདག་ལ༔ གཏོར་མ་བཏང་ཞིང་ཕྲིན་ལས་བཅོལ༔ དེ་ནས་མནན་པ་ནན་དུ་བྱས༔ བར་བར་རྒྱ་མཚོ་གསུམ་དང་ཀླུ༔ བཾ་དང་ཁཾ་ཡིག་འོད་སྔོན་པོའི༔ རྣམ་པར་འདུས་ཏེ་སྦལ་གཟུགས་ལ༔ ཐིམ་པར་ཡང་ཡང་བསྒོམ་བྱས་ཏེ༔ འགུགས་པ་ཉིན་བཞིན་བརྒྱ་སྟོང་བརྗོད༔ ཡི་དམ་སྔགས་མཐར་ཤམ་བུ་ནི༔ ཁ་ཆར་ན་བུན་སྤྲིན་རླངས་སརྦ་མཱ་ར་ཡ་ནན་སྭཱ་ཧཱ༔ བཾ་ནན་ནན༔ ཀཾ་ནན་ནན༔ ནཱ་ག་ཕུ་ནན་ནན༔ དུ་ཏྲི་མཱ་ར་ཡ་ནན་ནན༔ བརྒྱ་ཙམ་བརྗོད་པར་བྱས་ཏེ་ལྕགས་སྲེག་གི་ཁང་སྒྲོམ་མེ་འབར་བའི་ནང་དུ་ཚུད་ནས་བདེ་བ་སྐྱེས་ནས་ཞེན་མེད་དུ་བརྒྱལ་བར་བསམ་མོ༔ འཁོར་ལོ་འདི་ལྟར་ཕྲེང་གཅིག་ཏུ་བྲིའོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ ན་མོ་བུདྡྷ་དྷརྨ་སངྒ་ཡ་རཾ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ན་མོ་དྷརྨ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སམྦྷོ་ཀ་ཡ༔ ས་མ་ཡ༔ ནཱ་ག་ཕུ་ཏྲི་ཛྭ་ལ་རཾ་རཾ༔ སྤྲིན་གཏོར་ཅིག་ན་བུན་ནན་ནན༔ འབྲུག་ཆིངས་གློག་ནན་ཛྭ་ལ་རཾ་རཾ༔ ཡ་ཤ་བ་རི་ས་མ་ཡ༔ སྤྲིན་ཤིག་ཤིག་གཏོར་གཏོར་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཁ་ཆར་ཆོད་ཆོད༔ སྤྲིན་གཏོར་ཅིག༔ ཉི་ཟླ་སྐར་གསུམ་གྱི་ཞལ་ཕྱེས་ཤིག་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ༔ ཨོཾ་ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ཕེ་ལང་ཧཱུྃ༔ ནག་པོ་ཏི་པ་ར་ཙ་ནཱ་ག་ར་ཙ་ཧཱུྃ་ཕཊ༔ ཁ་ཆར་སྤྲིན་ན་བུན་ཆུ་བདག་ཐམས་ཅད་མཱ་ར་ཡ་ནན་ནན་རཾ་ཡཾ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་པ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཧ་ར་ཧ་ར་སོགས་རྣམ་འཇོམས་བསྙེན་འབྲིང་དང་བསྙེན་ཐུང་ཚང་བར་བྲི༔ མཇུག་ཏུ༔ གནོད་བྱེད་ཁ་ཆར་ན་བུན་ཁུ་རླངས་ཆུ་བདག་ཕོ་མོ་དང་བཅས་པ་ཐམས་ཅད་མཱ་ར་ཡ་ནཾ་ནཾ༔ ཛྭ་ལ་རཾ་རཾ་ཡཾ་ཡཾ་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཡེ་དྷརྨ་སོགས་ནས༔ སྭཱ་ཧཱའི་བར་མང་དུ་བྲི༔ མཐར༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ ཁ་ཆར་ཆོད་ཆོད༔ སྤྲིན་གཏོར་ཅིག༔ ཡཾ་ཡཾ་རཾ་རཾ༔ སྤྲིན་གཏོར་གཏོར༔ ཤིག་ཤིག་ཡཾ་ཡཾ༔ ཛྭ་ལ་རཾ་རཾ་ཕཊ་བྷྱོ༔ ཞེས་བྲིས་ཏེ་བསྐོར༔ ཤིང་གི་བྱང་བུ་ལ༔ ཡཾ་ཡཾ༔ རཾ༔ མཐར་རྟེན་འབྲེལ་སྙིང་པོའི་མཐར༔ རླུང་ལྷ་ཤ་བ་རིས་སྤྲིན་གཏོར་ཅིག་ཡཾ་ཡཾ༔ ཕུ་རཾ་རཾ་སྭཱ་ཧཱ༔ ཞེས་བྲིས་ཏེ་རླུང་ལ་བསྐོར༔ མཐར་བཀྲོལ་བའི་དུས་སུ་ཡང་སྦལ་པ་ཆུ་རུ་མི་བསྐྱལ་བར་ཕྱུང་ནས་བཞག་གོ༔ གལ་ཏེ་ཆུ་རུ་འཕང་ན་ཕྱིས་ཆར་མི་ཁོག་པའི་སྐྱོན་ཡོད་པའོ༔ རྗེས་སུ་ཡང་གཏང་རག་སྡེ་བརྒྱད་མཆོད་གསོལ་བྱ་ཞིང་གཏོར་མ་བཏང་བ་གནད་ཡིན་ནོ༔ དེ་ལྟར་ལག་ལེན་གནད་དང་ལྡན་པས་ན༔ ཁ་ཆར་ཆོད་ཅིང་འདོད་དོན་ངེས་པར་བསྒྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་རྦུ་ཟོག་བླ་མ་པདྨ་རྒྱལ་མཚན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།