TTDL-ZABTER-14-PHA-026

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-026

བརྡ་ཡིག་༠༠༠༠༠༔ མེ་དར་དམར་པོའམ༔ རླུང་དར་ལྗང་གུ་ལ༔ ཨེ་ཡཾ་ས་མ་ཡ༔ ནུབ་བྱང་ནས་རླུང་ལྷའི་རྒྱལ་པོ་ཤ་བ་ལ་ཞོན་པ་གཡས་པས་རྦུད་པ་དང་གཡོན་པས་རླུང་གི་བ་དན་བསྣམས་པ་ཞིག་ཏུ་བསྒོམ་པ་ལས་བསྐལ་པ་འཇིག་པའི་འཐོར་རླུང་ལྟ་བུར་གཡོས་པས་སྤྲིན་དང་ན་བུན་ཐམས་ཅད་ཐལ་རླུང་གིས་གཏོར་བ་བཞིན་དུ་དབྱིངས་སུ་བཤིག་ནས་ལྷག་མེད་དུ་གྱུར་པར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཆར་པ་ཆུ་བདག་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ སྤྲིན་དང་ན་བུན་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཐི་ཤ་མ་ཡེ་ར་ཙ་ཤ་བ་རི་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ཡཾ་ཡཾ་ཕཊ་སྭཱ་ཧཱ༔ ཞེས་བྲི་ཞིང་བརྗོད་དེ་སྤྲིན་དཔུང་ཆེན་པོའི་ཕྱོགས་སུ་གཡབ་པས་ངེས་པར་དབྱིངས་སུ་བཤིག་པར་འགྱུར་རོ༔ བདུད་འཇོམས་པས་སོ།།།།བརྡ་ཡིག་༠༠༠༠༠༔ ཨཱཿཨོཾགྷུཧུརསཧེཛྭལདྷཐ༔ ཐོག་སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་ཆོག༔ བདུད་འཇོམས་པས་སོ།།།།