TTDL-ZABTER-14-PHA-031
TTDL-ZABTER-14-PHA-031
བརྡ་ཡིག་༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྦས་ཡུལ་ས་སྤྱོད་ཀྱི་གནས་འོག་མིན་པདྨ་བཀོད་དུ་བགྲོད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༢༤༧༔ ཨེ་མ་ཧོཿཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ ལོངས་སྐུ་འཇམ་དཔལ་སྤྱན་གཟིགས་མཐུ་ཆེན་ཐོབ༔ སྤྲུལ་སྐུ་པདྨ་འབྱུང་གནས་སྟོན་འཁོར་བཅས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཚེ་འདིའི་སྣང་བ་མ་ནུབ་སྔ་ཐོག་ཏུ༔ སྦས་ཡུལ་པདྨ་བཀོད་དུ་ལམ་སྣ་དྲོངས༔ ད་ནས་བཟུང་སྟེ་གནས་དེར་མ་སླེབ་བར༔ ཚེ་དང་སྲོག་ལ་བར་ཆད་མི་འབྱུང་ཞིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་ཇི་བཞིན་དུ༔ གནས་དེར་ཟག་མེད་བདེ་ཆེན་སྤྱོད་གྱུར་ཅིག༔ དཀོན་མཆོག་རྩ་གསུམ་བདེན་པས་དེ་འགྲུབ་ཤོག༔ རྟེན་འབྲེལ་སྙིང་པོ་བརྗོད་ན་ངེས་པར་འགྲུབ༔ ས་མ་ཡ༔ བདུད་འཇོམས་པས་སོ།།དགེའོ།།།།