TTDL-ZABTER-14-PHA-046

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-14-PHA-046

བརྡ་ཡིག་༠༠༠༠༠༠༣༨༥༔ མཁའ་འགྲོ་ཡེ་ཤེས་དཔལ་འབར་མས༠སྔགས་རྡོ་རྗེའི་ཐེག་པའི་སྙིང་བྱུང་བའི༠རྐྱེན་བྱས་པས་ལྷ་ལ་ཕོག་ཐུག་བྱུང་༠མི་དམ་ཉམས་ཚོགས་པའི་གྲལ་དུ་བྱུང་༠དེས་ཉམས་གྲིབ་འགོ་བའི་ལྷ་བསྲུང་མནོལ༠དེར་ན་རཀ་དོང་སྤྲུགས་ཡང་སྙིང་མཆོག༠གྲངས་འབུམ་བཅུ་བསྒྲང་ཞིང་གྲིབ་སེལ་བྱ༠ལྷ་སྒྲུབ་པའི་དམ་རྒྱ་ཟླ་གཅིག་བཟུང་༠གནད་དེ་ཡིས་གནས་སྐབས་གྲིབ་སྐྱོན་སེལ༠སླར་ཡང་གསང་བླ་མེད་གདམས་པའི་མཆོག༠ཡུལ་གཞན་ལ་སྟོན་པའི་གལ་བྱུང་ཚེ༠སྔགས་ཡི་གེ་བརྒྱ་པ་མང་པོ་དང་༠མ་མཁའ་འགྲོའི་འཁྲུག་བསྐང་ཅི་མང་དང་༠ལྷ་དབང་ཕྱུག་ཆེན་པོའི་བསྐང་གསོལ་འབད༠གནས་རབ་དབེན་གཙང་མ་དག་ལ་བྱ༠དེང་ལྔ་བརྒྱ་སྙིགས་མའི་བསྟན་འགྲོ་ལ༠ཕན་ཐོགས་པའི་གདམས་པ་འོད་བརྒྱའི་མདངས༠བདུད་ཆར་སྤྲིན་ནག་པོས་མ་བསྒྲིབ་ན༠དོན་ཉམས་ལེན་ངང་པའི་གྲོང་ཁྱེར་ལ༠བདེ་དྲོད་ཆེན་པད་ཚལ་སླར་ཡང་རྒྱས༠ཁྱོད་གདུལ་བྱ་དུས་ལ་བབ་དུས་འདིར༠མ་མཁའ་འགྲོ་དགྱེས་པའི་གད་མོ་ཐོན༠མི་འགའ་ཞིག་རྒྱལ་བའི་རྒྱལ་སར་སླེབ༠མི་འགའ་རེས་རྒྱལ་སྲས་ཐུ་བོ་བྱེད༠མི་འགའ་རེས་འཁོར་བ་མཐའ་ཅན་བྱེད༠མི་ལ་ལས་དམ་སྡོམ་ཁྲིམས་བཤིག་ཀྱང་༠མནར་མེད་པའི་གྲོང་ཁྱེར་ཚོང་དུས་འགྲིམ༠མཐར་བཀོད་པ་ལྷུན་གྲུབ་གནས་སུ་སླེབ༠གནས་ཉེར་བཞི་ཡུལ་ཆེན་སོ་གཉིས་ཀྱི༠ལྷ་དཔའ་བོ་མཁའ་འགྲོ་འདིར་འདུས་པའི༠བསྒྲུབ་བྱས་ཚད་ཚེ་འདིར་ཐར་ལམ་ཐོབ༠ཤར་གངས་རིའི་བཞིན་མདངས་རྒྱས་པ་དེ༠ལྷོའི་སྒྲ་བརྒྱས་གད་མོ་བཞད་པས་འདར༠སྟེང་ལྷ་ལམ་རྟ་བདུན་རླབས་ཤུགས་ཀྱིས༠ཆུ་ཆེན་པོ་ཕྱོགས་བཞིར་འབབས་པ་ཡི༠སྐོམ་གྱིས་གདུང་ཕྱོགས་ཀྱི་མགྲོན་པོས་བཏུང་༠ལྷ་གཙུག་ན་ཟླ་བའི་བེར་མདངས་ཀྱིས༠མི་འདོད་ལྡན་བདེ་བའི་རོ་ལ་མྱང་༠ཡང་གནོད་སྦྱིན་དམར་པོའི་དྲག་ཤུལ་གྱིས༠གདོན་གསུམ་གྱི་དཔལ་རྩལ་བསྐུང་ལ་ལྟོས༠གནམ་དབང་བྱེད་ཉི་ཟླའི་ཁ་ཟས་ཅན༠ཁས་དུག་མདའ་ཞིང་བཅུའི་ཡུལ་ལ་འཕེན༠དེ་མགོ་འཕང་གནོན་ཡང་ལྟད་མོ་ཡོད༠མ་དབྱིངས་ཀྱི་རྗེ་མོའི་རྩེད་མོ་ཡིས༠ཡུལ་བྱིས་པའི་གྲོང་ཁྱེར་ནར་སོན་བྱེད༠དཔལ་རྡོ་རྗེ་སེམས་དཔའི་བསྒྲུབ་མཆོད་ཀྱིས༠མི་ཉམས་པ་ཅན་གྱི་དྲི་མ་འཁྲུད༠དེའི་རླབས་ཀྱིས་རྗེ་ཁམས་འགའ་ཞིག་གི༠འབྱོར་རྒུད་པ་གསོ་ལ་ལྟད་མོ་ཡོད༠ལྷ་རྡོ་རྗེ་ཕུར་པའི་གར་ཉམས་ཀྱིས༠བདུད་དམ་སྲིའི་གློ་སྙིང་ཚལ་པར་གཏོང་༠བརྡ་གོའམ་སྐལ་བཟང་སྐྱེས་བུ་རྣམས༠དེ་གོ་ན་མཁོ་བའི་ཡོ་བྱད་ཡིན༠དེ་གོ་མཁན་དབང་པོ་ཟུམ་པ་ན༠ཡུལ་ཡངས་པ་ཅན་དུ་ཨ་ཐང་ཆད༠ཅེས་ཟེར་ཡལ༠བདུད་འཇོམས་པས་སོ།།།།