TTDL-ZABTER-14-PHA-059
TTDL-ZABTER-14-PHA-059
༄༅།།གསོལ་འདེབས་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ཨེ་མ་ཧོཿདག་པ་བདེ་བ་ཆེན་པོའི་ཞིང་ཁམས་སུ༔ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ བདེ་ཆེན་པདྨ་འོད་དུ་ལམ་སྣ་དྲོངས༔ པོ་ཊ་ལ་རུ་འཕགས་མཆོག་ཐུགས་རྗེ་ཅན༔ རྔ་ཡབ་གླིང་དུ་ཨུ་རྒྱན་པདྨ་འབྱུང་༔ མཁའ་སྤྱོད་ཞིང་དུ་རིག་འཛིན་མཁའ་འགྲོའི་ཚོགས༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ བདེ་ཆེན་པདྨ་འོད་དུ་ལམ་སྣ་དྲོངས༔ ཀུན་བཟང་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ༔ དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱི༔ རྩ་བརྒྱུད་བླ་མ་རིག་འཛིན་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ བདེ་ཆེན་པདྨ་འོད་དུ་ལམ་སྣ་དྲོངས༔ གཞན་ཡང་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་༔ བྱང་སེམས་འཕགས་པའི་དགེ་འདུན་ཐམས་ཅད་ལ༔ གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག༔ ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག༔ སྐྱེས་ནས་འགྲོ་དོན་རླབས་ཆེན་འགྲུབ་པར་ཤོག༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་དགེ་མ་བདེ་མོའི་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་བྲིས་པའོ།།།།