TTDL-ZABTER-14-PHA-063
TTDL-ZABTER-14-PHA-063
བརྡ་ཡིག་༠༠༠༠༠༤༣༩༔ ཨེ་མ་ཧོཿཁྱབ་བདག་འཁོར་ལོའི་མགོན་པོ་ཀུན་ཏུ་བཟང་༔ ལྷུན་གྲུབ་རོལ་པ་རིགས་ལྔ་གངས་ཆེན་མཚོ༔ གདུལ་བྱ་འདུལ་མཛད་སྤྲུལ་སྐུ་རིགས་གསུམ་མགོན༔ འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་བླ་མ་རྗེ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ འདི་ཕྱི་བར་གསུམ་རྗེས་སུ་བཟུང་ནས་ཀྱང་༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་སྟེ༔ བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ ལས་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ཅེས་སྡེ་བུར་ཕྱོགས་ཀྱི་བཙུན་པ་ཆོས་འཕེལ་ཞེས་བྱ་བས་ནན་དུ་བསྐུལ་ངོར།བདུད་འཇོམས་རྡོ་རྗེས་སྨྲས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག།དགེའོ།།།།