TTDL-ZABTER-14-PHA-069
TTDL-ZABTER-14-PHA-069
༄༅།།ཀ་དག་གདོད་མའི་དབྱིངས་སུ་ཀུན་ཏུ་བཟང་།།རྣལ་འབྱོར་ནུས་ལྡན་འཕགས་པ་ཤཱ་རིའི་བུ།།ཧཱུྃ་ཆེན་ཀཱ་ར་ཁྱེའུ་ཆུང་ལོ་ཙཱ་བ།།གྲུབ་ཐོབ་མཁར་ནག་ཧེ་པ་ཆོས་འབྱུང་གནས།།ཁྲག་འཐུང་བདུད་འདུལ་དཔལ་གྱི་རྡོ་རྗེ་ཟུང་།།བདུད་འཇོམས་གླིང་པ་རྡོ་རྗེ་ཁྲོ་ལོད་རྩལ།།གཞན་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ།།གདུལ་བྱ་འདུལ་མཛད་སྤྲུལ་པ་བསམ་མི་ཁྱབ།།འགྲོ་བའི་དཔལ་མགོན་དམ་པར་གསོལ་བ་འདེབས།།འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུང་།།དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས།།གཞི་དབྱིངས་བླ་མའི་དགོངས་ཀློང་ཡངས་པ་རུ།།འཕོ་ཆེན་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག།ཅེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པའོ།།།།