TTDL-ZABTER-14-PHA-070
TTDL-ZABTER-14-PHA-070
༄༅།།དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་མཐུ་དང་།།ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས།།པདྨ་མཁའ་འགྲོའི་ཐུགས་རྗེའི་ཡེ་ཤེས་འོད།།རབ་གསལ་མི་ཤེས་མུན་པ་དྲུང་འབྱིན་ནས།།སྐུ་གསུམ་དབྱེར་མེད་མངོན་གྱུར་ཆེན་པོའི་བར།།གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་ཏེ།།མཛད་པ་ཕྲིན་ལས་མི་ཟད་འཕེལ་རྒྱས་ཤོག།ཅེས་པདྨ་བདེ་ཆེན་གྱི་ངོར་བདུད་འཇོམས་པས་སོ།།།།འཇམ་པའི་དབྱངས་ཉིད་སྒྲིབ་གཉིས་དྲི་མ་བྲལ།།ཞུམ་མེད་ཐུགས་རྗེའི་འོད་ཟེར་ཆུ་ཟླའི་གར།།བདག་སོགས་གདུལ་བྱའི་སྣང་ངོར་ལེགས་ཤར་བ།།མི་ནུབ་རྒྱལ་མཚན་ལྟ་བུར་ཞབས་བརྟན་ཤོག།གང་འདུལ་ཐབས་དང་ཕྲིན་ལས་སྣ་ཚོགས་ཀྱིས།།ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག།ཅེས་པདྨ་བདེ་ཆེན་གྱི་ངོར་བདུད་འཇོམས་པས་སོ།།།།