TTDL-ZABTER-15-BA-034
TTDL-ZABTER-15-BA-034
མུ་སྟེགས་སཱཙྪ་ནག་པོའི་གདམས་པ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ཡེ༔ དེ་ནས་རང་གི་སེར་བ་སྲུང་བྱེད༔ སཱཙྪ་ས་ཆུ་ཐུབནག་པོ་ལེགས་པར་བཏབ་ཞབས་ཁུག་ཁ་སོ་བཏང་པའི་ནང་༔ ཡི་གེ་ཤོག་དྲིལ་ནང་ལ་བྲི་རྒྱུའི་རྫས༔ དཔའ་སྤྲ་ཐོག༡སེར་སྤྱི་ཞུར་༢འཇམ་འབྲས་༣སྦྲུལ་གྱི་ཤ༤༔ རུ་རྟ་༥བཙན་དུག་༦གླ་༧གུར་༨ཤིང་ཚ་༩དང་༔ སྟག་༡༠ལྡུམ་བུ་ཤ་གསེར་གྱི་མེ་ཏོག་༡༡གཟེར་འཇོམས་དང་༡༢༔ གནམ་གྱི་རལ་པ་༡༣ཁང་རྒན་དུད་པམེ་སྟག་དམར་༡༤ཡར་ཆ་ཚང་༔ དེ་རྣམས་ཞིབ་པར་བྱེད་ལ་ཤོག་དྲིལ་བྲི༔ ཨཿཡཿམཿདུཿརུཿཙཿཤཿནཿཏྲི་དུ་ཀེ་ར་ཨེ་མ་ས་ཧེ་ཏུ་ཙ་ཡར་མ་མད་ས་ན་ཏྲྀ་ཏྲྀ་ཏ་ཁ་ག་ཞ་ཙ་ཚ་ཚར་འདུས་འདུས༔ ཁུག་ཁུག༔ ཏྲིལ་ཏྲིལ༔ རྨུག་རྨུག༔ གཉོག་གཉོག༔ འདས་འདས༔ སྲུབ་སྲུབ༔ ཨུ་ཙ་ཏ་ཡ་མཱ་ར་ཡ༔ ཕཊ༔ ཕཊ༔ ཕཊ༔ དེ་ཡིས་སེར་བའི་འཇིགས་པ་སྐྱོབ༔ ས་མ་ཡ༔ ཡང་ན་སེར་བ་སྲུང་འདོད་ན༔ བསྲུང་བྱའི་ཞིང་གི་སྟེང་ཉིད་དུ༔ མུ་སྟེགས་སཱཙྪ་ནག་པོ་ཞེས༔ བྱ་བའི་ནང་དུ་ཡི་གེ་འདི༔ མགོ་འཇུག་མ་ནོར་རེ་རེ་བཞག༔ རྫས་ལ་བཟང་དྲུག་དགུ་སྦྱོར་བྱུག༔ ཡི་གེ་འདི་བཞིན་ཕྲེང་གཅིག་བྲི༔ བྷི་རུ་ཊྭ་ཀ་བྷི་ན་ཥི་རྣ་ཡ༔ བྷ་རི་ཤ་ཡ་གནོད་བྱེད་ལམ་ཆོད་ཆོངས་ཤིག༔ རཀྵ་བྷྱོ༔ རཀྵ་བྷྱོ༔ ཀཱམྨོ་བྷྱོ༔ ཀནྚཱི་བྷྱོ་བྷིནྨ་ཥྟེ་སྲཱི་ནྟུ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊཿཕཊཿཕཊཿཅེས་པ་འདི་ཉིད་བསྲུང་བྱ་ཡི༔ ཞིང་དམར་རེ་ལ་རེ་རེ་ཞོག༔ ཡང་ན་རང་ལ་དམར་བའི་ཞིང་༔ གཅིག་ལ་བཞག་པས་ཐམས་ཅད་བསྲུང་༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་འབྲོས་ཕུག་མཁའ་འགྲོ་འདུ་གླིང་དུ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།