TTDL-ZABTER-15-BA-041

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-041

དག་སྣང་ལས༔ ཀུ་སུ་ལའི་ཚོགས་བསགས་དངོས་གྲུབ་བང་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་མཐར༔ ཕཊ༔ རང་རིག་ཡེ་ཤེས་ཁྲོས་མ་གྲི་ཐོད་ཅན༔ ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཕཊ་ཕཊ་ཕཊ༔ དཀོན་མཆོག་སྲི་ཞུའི་མགྲོན་གྱུར་ཐམས་ཅད་དང་༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན་ལ་མཆོད༔ འགྲོ་བ་རིགས་དྲུག་བར་དོའི་སེམས་ཅན་དང་༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཐམས་ཅད་མཆོད༔ ཚོགས་རྫོགས་སྒྲིབ་དག་བུ་ལོན་ལན་ཆགས་སྦྱངས༔ ཐམས་ཅད་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ འཁོར་གསུམ་དམིགས་མེད་དབྱིངས་སུ་འབྱམས་ཀླས་སོ༔ ཨ་ཨ་ཨ༔ ཕཊ༔ ཕྱིན་དྲུག་ལམ་བཟང་གཅིག་ཆར་དུ༔ རྫོགས་པའི་མན་ངག་གཅེས་འཛིན་གྱི༔ ཕུང་པོ་ཚོགས་སུ་འགྱེད་པའི་ལམ༔ བརྒྱུད་འཛིན་བུ་ཡི་ཉམས་སུ་ལོངས༔ གནས་སྐབས་རྐྱེན་སྣང་ཀུན་བྱང་ཞིང་༔ མཐར་ཐུག་ཚོགས་གཉིས་རྫོགས་པའི་འབྲས༔ ཡུམ་ཆེན་རྒྱལ་བའི་གོ་འཕང་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཉེར་མཁོའི་ཆེད་དུ་རིག་འཛིན་བདུད་འཇོམས་རྡོ་རྗེས་དག་སྣང་ལས་བསྒྱུར་པའི་ཡི་གེ་པ་ནི་རྣལ་འབྱོར་ཤཱི་ལ་བཛྲ་གྱིས་བགྱིས་པའོ༔ །དགེའོ།།དགེའོ།།དགེའོ།།།