TTDL-ZABTER-15-BA-065
TTDL-ZABTER-15-BA-065
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་བསྐང་གསོལ་ཤིན་ཏུ་བསྡུས་པ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༢༩༥བྷྱོ༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཏི་མ༔ མ་ལྟར་བསྟེན་ནོ་དམ་ཚིགས་གཉན་གྱིས་འབོད༔ འདོད་རྒུའི་ལོངས་སྤྱོད་དཔལ་གྱི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་འདོད་དོན་ཡོངས་འགྲུབ་མཛོད༔ ཡང་ན༔ ཐུགས་དམ་བསྐང་ངོ་བུ་སྡུག་བཞིན་དུ་སྐྱོངས༔ མ་མ་ཨེ་ཀ་ཙ་ཏི་རཀྵ་རཀྨོ་བྷྱོ་ཨེ་དམ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བརྗོད༔ ཅེས་པ་འདི་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།སརྦ་མངྒ་ལཾ།།།།