TTDL-ZABTER-15-BA-091

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-091

དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་བཙན་རྒོད་ཆེན་པོའི་བསྐང་གསོལ་བསམ་དོན་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༦༡ཀྱཻཿདད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ གནོད་སྦྱིན་ཙི་དམར་འཁོར་བཅས་འདིར་གཤེགས་ཤིག༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ དེ་ལྟར་གྲང་ལྡན་བསྐྱར་བས་ཕྲིན་ལས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་སྤྲུལ་སྐུ་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།