TTDL-ZABTER-15-BA-099
TTDL-ZABTER-15-BA-099
རིགས་དྲུག་རྡིལ་བཀོད་ཀྱི་བདེན་བརྡར་ནི༔ ན་མོ༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྒྱུ་འབྲས་བསླུ་མེད་ཟབ་མོའི་བདེན་པས་ཆེ་གེ་མོའི་ཚེ་འདི་འཕོས་མ་ཐག་ཏུ་གནས་རིགས་ཇི་ལྟར་འཁོར་ཞིང་ཇི་ལྟར་ཁ་བརྒྱུད་པའི་ཚུལ་དེ་བཞིན་ནོར་འཁྲུལ་མེད་པར་ཕོབ་ཅིག༔ སྟོན་ཅིག༔ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་སོགསསྭཱ་ཧཱ༔ ཉེར་གཅིག་གམ་བརྒྱ་བརྗོད་པས་བསླུ་བ་མེད་པའོ༔ ཞེས་པའང་བདུད་འཇོམས་རྡོ་རྗེས་སྦྱར་བའོ།།དགེའོ།།དགེའོ།།དགེའོ།།།།