TTDL-ZABTER-15-BA-102
TTDL-ZABTER-15-BA-102
བདེན་སྟོབས་བསྡུས་པ་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ དགྲ་བོ་ཆེ་གེ་མོའི་སྲུང་བཟློག་དང་རིམ་གྲོ་བྱས་ཚད་ཐམས་ཅད་ཁོ་རང་གི་ཚེ་དང་སྲོག་གི་བདུད་དུ་འབབ་པར་གྱུར་ཅིག༔ བདག་གི་ལྷ་སྲུང་ཐམས་ཅད་དགྲ་བོ་ཆེ་གེ་མོའི་ཚེ་དང་སྲོག་གི་བདུད་དུ་འབབ་པར་གྱུར་ཅིག༔ དགྲ་བོས་རང་ཤ་རང་གིས་ཟ་བར་གྱུར་ཅིག༔ རང་ཁྲག་རང་གིས་འཐུང་བར་གྱུར་ཅིག༔ རང་སྲོག་རང་གི་གཅོད་པར་གྱུར་ཅིག༔ དགྲ་བོ་ལ་སྲུང་སྐྱོབ་བྱེད་པའི་བན་བོན་ལྷ་སྲུང་དང་བཅས་པ་ཐམས་ཅད་བརླག་པར་གྱུར་ཅིག༔ ནུབ་པར་གྱུར་ཅིག༔ ཡལ་བར་གྱུར་ཅིག༔ མཱ་ར་ཡ༔ བྷྱོ་བྷྱོ་བཟློག་བཟློག༔ རྦད་ནན༔ དེ་ལྟར་གྲངས་ལྡན་བསྐྱལ་བ་ན༔ དྲག་པོ་མངོན་སྤྱོད་ལས་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་འཇིགས་མེད་རྡོ་རྗེའི་ངོར་ཀློང་ཡངས་ནམ་མཁའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག།བསྟན་དགྲ་མ་ལུས་ཚར་གཅོད་ནུས་པར་ཤོག།།།