TTDL-ZABTER-15-BA-109
TTDL-ZABTER-15-BA-109
དེ་ནས་རྒྱུན་གསོལ་བྱ་བ་ལ༔ ཀྱཻ༔ རྟ་མགྲིན་དབང་གི་རྒྱལ་པོ་དང་༔ རྟ་ལྷ་ཨཪྻ་མནྟ༔ ཀུ་བཻ་ར་དང་དབང་ཕྱུག་ཆེ༔ མགོན་པོ་ནག་པོ་རྣམ་ཐོས་སྲས༔ རྟ་ལྷ་འཁོར་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྟ་སྤེལ་རྟ་ཡི་དགྲ་བླ་མཛོད༔ རྟ་ལ་གནོད་པའི་དགྲ་བགེགས་ཐུལ༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་བརྗོད་པས་དགེ་ལེགས་ཡོན་ཏན་ཀུན་འབྱུང་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་རང་སློབ་དམ་པ་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།།།