TTDL-ZABTER-15-BA-121
TTDL-ZABTER-15-BA-121
ལྕགས་མཁར་ཁྲ་བོའི་བསང་མཆོད་ལ༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ བསྭོ༔ ལྷ་ར་ལྕགས་མཁར་ཁྲ་བོ་ནས༔ གནམ་ལྕགས་སྤུ་གྲི་མེ་འབར་བསང་༔ སྡིག་པའི་གདོང་ཅན་སྟོང་ཕྲག་བསང་༔ གཉན་འཇོམས་ཁྱུང་གདོང་སྟོང་ཕྲག་བསང་༔ དགྲ་འདུལ་ལྕགས་ཀྱི་གོ་ཁྲབ་ཅན༔ ཁྲི་ཕྲག་སྡེ་དང་བཅས་པ་བསང་༔ ཁྱེད་མཆོད་བསྟེན་པའི་དོན་མ་ཆུང་༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ མི་ལ་ན་ཚ་མ་བཏང་ཞིག༔ དགྲ་བགེགས་རྒྱལ་བསེན་དམ་སྲིའི་སྡེ༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ དམ་ལ་མ་འདའ་ཕྲིན་ལས་མཛོད༔ ས་མ་ཡ༔ འདིར་བརྩོན་བཀྲ་ཤིས་དགེ་ལེགས་འཕེལ༔ མི་མཐུན་ཕྱོགས་ལས་རྒྱལ་འགྱུར་རོ༔ ཨྠིྀ༔ བདུད་འཇོམས་པས་སོ།།དགེའོ།།སརྦ་མངྒ་ལཾ།།།།