TTDL-ZABTER-16-MA-010
TTDL-ZABTER-16-MA-010
༠༠༠༠༠བརྡ་ཡིག༤༡མཁའ་འགྲོ་བདེ་ཆེན་མཚོ་རྒྱལ་མས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱི་རོལ་པ་ཨ་ནུ་ཡོ་ག༔ ལྷ་དང་རང་སྣང་གཉིས་མེད་དུ་རྟོགས་པ་མ་ཧཱ་ཡོ་ག༔ ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་ཡོ་ག༔ ལྟ་སྤྱོད་གཉིས་མེད་ཀྱི་རོལ་པ་སྤྱོད་རྒྱུད་ཐེག་པ༔ རྒྱུ་རྐྱེན་གནས་སུ་དག་པ་བྱ་རྒྱུད་ཀྱི་ཐེག་པ༔ བདེན་གཉིས་ཆིག་རྫོགས་སུ་རྟོགས་པ་དབུ་མའི་ཐེག་པ༔ རྒྱུ་འབྲས་གཉིས་ཡོད་དུ་གྱུར་པ་བྱང་སེམས༔ སྣང་བ་སེམས་སུ་འདོད་པ་སེམས་ཙམ་པ༔ རྟེན་འབྲེལ་བདེན་པར་མི་འཛིན་པ་རང་རྒྱལ༔ གང་ཟག་བདག་མེད་འདོད་པ་ཉན་ཐོས་ཀྱི་ཐེག་པ༔ དོན་དམ་རྟག་པར་མི་འཛིན་པ་མུ་སྟེགས་ཆད་ལྟ༔ ཡེ་གཞི་ཅང་མེད་དུ་མི་འཛིན་པ་མུ་སྟེགས་རྟག་པར་ལྟ་བ༔ བློའི་འཛིན་རྩོལ་བྲལ་བ་ནམ་མཁའ་མཐའ་ཡས༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ཅུང་ཟད་མེད་པ༔ རྟག་ཆད་ཀྱི་མཐར་མ་ལྷུང་བ་ཡོད་མིན་མེད་མིན༔ རྣམ་ཤེས་ཡེ་ཤེས་ཀྱི་རོལ་རྩལ་ཏུ་གོ་འཕོས་པ་རྣམ་ཤེས་མཐའ་ཡས་སོ༔ སྣང་སེམས་རང་བབས་སུ་ཡན་པ་སེམས་ཅན་རང་ཀ་མའོ༔ ཐམས་ཅད་གཅིག་དྲིལ་གྱི་ངོ་བོ་རྫོགས་པ་ཆེན་པོ༔ ཀུན་གྱི་སྤྱི་ཆིངས་སུ་གྱུར་པས་སྤྱི་ཏི་ཡོ་ག༔ ཐམས་ཅད་ཀྱི་འབྲས་བུར་གྱུར་པས་ཡང་ཏི་ཡོ་གའོ༔