TTDL-ZABTER-16-MA-016

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-016

༠༠༠༠༠བརྡ་ཡིག༥༧དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ་བཞུགས་སོ༔ ན་མོ་གུ་རུ༔ སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ༔ བདག་གི་སྨོན་ལམ་འགྲུབ་པའི་དཔང་མཛོད་ཅིག༔ ཡེ་སངས་རྒྱས་ཀྱང་གང་འདུལ་ཐབས་མང་གིས༔ ས་སྤྱོད་མཁའ་སྤྱོད་དོན་གྱི་འོག་མིན་སོགས༔ གདུལ་དཀའ་འདུལ་མཛད་བྱེ་བ་ཕྲག་བརྒྱའི་གར༔ ཡེ་ཤེས་སྒྱུ་མའི་སྐུར་སྟོན་བླ་མ་ཡིས༔ གདུལ་བྱ་ཅི་སྙེད་འདུལ་མཛད་དེ་ཙམ་གྱི༔ བདག་ཀྱང་དེ་སྙེད་འཁོར་གྱི་ཐོག་མ་རུ༔ སྤྲུལ་ནས་གཞན་དོན་རླབས་ཆེན་འགྲུབ་པར་ཤོག༔ ཁྱད་པར་ཤམྦྷ་ལ་ཡི་གནས་མཆོག་ཏུ༔ རིགས་ལྡན་རྒྱལ་པོའི་འཁོར་གྱི་ཐོག་མ་རུ༔ གྱུར་ནས་མི་འཇིགས་རྡོ་རྗེའི་སྐུ་བརྙེས་ཤིང་༔ ལྟ་ལོག་ཀླ་ཀློ་མུ་སྟེགས་ནག་པོའི་ཕྱོགས༔ མི་སྲུན་བདུད་སྡེ་གདུག་པ་ཚར་བཅད་ནས༔ རྡོ་རྗེ་ཐེག་པའི་བསྟན་པ་ཉི་འོད་བཞིན༔ ཕྱོགས་དང་དུས་རྣམས་ཀུན་ཏུ་སྤེལ་ནུས་ཤོག༔ མཐར་ཐུག་དེ་དང་དེ་འཁོར་དབྱེར་མེད་དུ༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ སླར་ཡང་སངས་རྒྱས་མོས་པ་མཐའ་ཡས་ཀྱིས༔ གང་འདུལ་སྣ་ཚོགས་སྤྲུལ་པའི་སྒོ་འབྱེད་ཚེ༔ བདག་ཀྱང་དེ་ཡི་ཕྲིན་ལས་པར་གྱུར་ནས༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་པ༔ དགའ་རབ་རྗེ་དང་དཔལ་སེང་པད་འབྱུང་བཞིན༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་མངོན་གྱུར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་བློ་རྒྱམ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།སརྦ་མངྒ་ལཾ།།