TTDL-ZABTER-18-TSHA-037
TTDL-ZABTER-18-TSHA-037
མཁའ་འགྲོའི་བརྡ་བསྟན་རྡོ་རྗེའི་ཚིག་རྐང་བཞུགས།ཨེ་ཨེ།ཡུལ་ཕ་གི་མེ་ལོང་གཟུགས་བརྙན་བཞིན། །བདེ་སྡུག་གི་རི་མོ་བཀྲ་ལ་ལྟོས། །འཁོར་འདས་ཀྱི་བྱེད་པོ་ཉིད་དང་བཅས། །གཉིས་མེད་ཀྱི་རོལ་པར་མ་རྟོགས་ན། །རྣམ་མཁྱེན་ནི་ཆུ་ལ་མེ་འབར་ཙམ། །བརྡ་གོ་འམ་ཁོ་མོའི་བུ་ཆུང་བ། །མིར་སྣང་ནི་དབྱར་གྱི་པུཥྤེ་ཙམ། །འདོད་ཡོན་དང་སྨིག་རྒྱུ་རིང་དུ་འབྲོས། །སླེབ་འདོད་ཀྱི་མགྲོན་པོ་འགྲོ་ཁར་ཐུག།བརྡ་གོ་འམ་ཡེ་ཤེས་མཁའ་འགྲོའི་བུ། །ལྷོ་མོན་ནས་སྐྱེས་པའི་ཁུ་བྱུག་ཁྱོད། །ཁ་ཟས་དང་དྲོད་ལ་ཆགས་མིན་ཀྱང་། །ནམ་དུས་ཀྱིས་བསྐྱོད་ནས་བོད་དུ་འཕེན། །ལྗོན་ཤིང་གི་ཚལ་དུ་སླེབས་པའི་ཚེ། །འཚོ་སྦྱོར་གྱི་ཟབ་དོན་ཕོག་ཏུ་བཞག།རང་གཞན་གྱི་ཆེད་དུ་རོལ་ཤེས་ན། །ད་དུང་ཡང་རང་འཚོ་གཞན་དག་ལ། །གསུང་སྙན་གྱི་སྦྱིན་པ་སྟེར་ན་ལེགས། །བརྡ་གོ་འམ་མཁའ་འགྲོ་མ་ཡི་བུ། །དབྱིངས་སྐྱེ་མེད་ཡེ་ཤེས་མཁའ་འགྲོ་མ། །གཟུགས་ངོམས་ནས་རྣམ་འགྱུར་བརྩེ་བརྩེ་ཡང་། །མིག་ཉིད་ལས་མི་གཞན་མིག་ཡོར་འཕྲུལ། །གཞི་བདེ་གཤེགས་སྙིང་པོར་ཆམ་བརྡལ་ཡན། །ཞེས་ཟེར་ཞིང་ཆོས་ཉིད་སྒྱུ་མར་ཡལ། །མི་རྒན་དེ་འཆོལ་བའི་འཁྲུལ་ཉམས་སོ། །། །