TTDL-ZABTER-18-TSHA-089
TTDL-ZABTER-18-TSHA-089
ཨ་ཧོ།བདེ་མོ་ལྷ་ཡུལ་སྐྱིད་པོ་མཁའ་སྤྱོད། །སྡོམ་པ་དམ་ཚིག་བསྲུང་ནུས་ན་མི་རིང་། །མྱུར་དུ་རྣམ་གྲོལ་གཏན་བདེའི་སར་སླེབས་འགྲོ། །སྲིད་པའི་སྡུག་བསྔལ་ཡུལ་ངན་ལས་དབེན་པའི། །དགའ་བདེ་སྡུག་པས་མ་གོས་པའི་དག་ཞིང་། །དེ་ལས་ཁྱད་འཕགས་དོན་གྱི་གནས་འོག་མིན། །ལྟ་བ་རྟོགས་ན་རང་རྩལ་ན་རང་ཆས། །བགྲོད་སླེབས་མི་དགོས་རང་ངོ་རུ་སད་འོང་། །ཀུན་བཟང་མིན་ཀྱང་ཀུན་བཟང་གི་ཐ་སྙད། །བཏགས་པ་ཀུན་ཏུ་བཟང་པོའི་རྒྱལ་ས་རུ་ཕེབས་སོང་། །ཧ་ཧ།ཧེ་ཧེ།ཞེས་པ་གླུ་མཁན་བདུད་འཇོམས་རྡོ་རྗེས་ཐད་ཤར་དུ་བྲིས་པ་དགེའོ། །། །