TTDL-ZABTER-18-TSHA-104
TTDL-ZABTER-18-TSHA-104
ཀྱཻ། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །འཁོར་འདས་ཆོས་ཀུན་སྤྲོས་པའི་མཐའ་དང་བྲལ། །ཁྱབ་བརྡལ་ནམ་མཁའ་ཁོང་དུ་ཆུབ་པ་ལས། །བསྒོམ་མེད་བློ་འདས་དེ་བཞིན་ཉིད་དུ་ཞོག།དེ་ལ་གཏད་སོ་མེད་དོ་སྐལ་ལྡན་བུ། །ཤེས་རིག་དྭངས་གསལ་རྙོགས་བྲལ་ཆེན་པོ་ཡིས། །མ་དག་སྙིགས་མ་དག་དབྱིངས་དྭངས་མ་རུ། །གོ་འཕོས་ས་བཅུ་ལམ་ལྔ་གཅིག་ཆར་དུ། །རྫོགས་ཤིང་བརྒལ་བའི་ཐོད་རྒལ་གསང་ལམ་ལ། །འཇུག་པ་གནད་ཀྱི་ཡང་གཅེས་དམ་པ་རུ། །བཟུང་དང་འཇའ་ལུས་སྒྱུ་མའི་སྐུ་འགྲུབ་འགྱུར། །ཁྱོད་ནི་རང་དོན་འགྲུབ་པའི་སྐྱེས་བུ་ལགས། །ད་ནི་མི་འཇིགས་གདིང་ཐོབ་སྐལ་པ་བཟང་། །མི་རྒན་བདག་ལ་ཞལ་གདམས་དེ་ལས་མེད། །སྙིང་གི་མེ་ལོང་མཛོད་ཅིག་རྣལ་འབྱོར་མཆོག།ཅེས་བདུད་འཇོམས་པས་ཞོ་བླ་ལ་གདམས་སོ། །། །