TTDL-ZABTER-18-TSHA-124
TTDL-ZABTER-18-TSHA-124
སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཡིས། །ཡེ་ཤེས་ལྷ་ཡིས་མ་བསླད་ན། །སྲུང་མ་གང་བསྒྲུབ་འདྲེ་རུ་འགྲོ། །ལྟ་བ་སྟོང་ཉིད་མ་རྟོགས་ན། །ཡི་དམ་གང་བསྟེན་རཱུ་ཏྲ་ཡིན། །ཏིང་འཛིན་འཕྲུལ་གྱི་སྟོབས་མེད་ན། །མཆོད་པ་ཆུང་ངུས་ལྷ་ཡི་མཉེས། །སྣང་བ་གནས་འགྱུར་གནད་མེད་ན། །བརྗོད་དང་བཟླས་པས་ལྷ་མི་འགྲུབ། །ལྷར་སྣང་རྒྱུན་ཆགས་གནད་མེད་ན། །དག་པ་རབ་འབྱམས་འགྲུབ་མི་སྲིད། །འོད་ཟེར་སྤྲོ་བསྡུའི་གནད་མེད་ན། །ཕྲིན་ལས་རབ་འབྱམས་འགྲུབ་མི་སྲིད། །གོ་རྟོགས་ལྟ་བའི་གདིང་མེད་ན། །བསྐལ་པར་བསྒོམ་ཡང་སངས་མི་རྒྱ། །སྒྱུ་མའི་རྣལ་འབྱོར་གནད་མེད་ན། །དམ་ཚིག་སྡོམ་པ་ཐུབ་མི་སྲིད། །བརྩོན་འགྲུས་དྲག་པོའི་སྟོབས་མེད་ན། །རྣམ་མཁྱེན་ས་ལ་སླེབ་མི་སྲིད། །མྱུར་ལམ་ཐོད་རྒལ་གནད་མེད་ན། །ཚེ་གཅིག་སངས་རྒྱས་འགྲུབ་མི་སྲིད། །ཞིང་ཁམས་ཡིད་ལ་མ་བྱས་ན། །སྨོན་དང་ཚིག་གིས་འགྲུབ་མི་སྲིད། །ནམ་མཁའ་གཞི་རུ་མ་ཤེས་ན། །གཞི་ཉིད་གཞན་ལས་འབྱུང་མི་སྲིད། །མཁའ་འགྲོའི་གསང་ཚིག་བཅུ་གཉིས་འདི། །དུས་གསུམ་རྒྱལ་བའི་སྙིང་ཁྲག་ཡིན། །བདུད་འཇོམས་པས་སོ། །། །