TTDL-ZABTER-18-TSHA-125
TTDL-ZABTER-18-TSHA-125
ཁྱབ་བདག་གདོད་མའི་མགོན་པོ་མཆོག་ལ་འདུད། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག།ཉག་གཅིག་བྱང་ཆུབ་སེམས་ཀྱི་རོལ་པ་རུ། །གཉིས་མེད་མཉམ་པ་ཉིད་ཀྱི་ངང་མཐོང་བ། །ལྟ་བའི་རྒྱལ་པོ་རྫོགས་པ་ཆེན་པོ་ལགས། །ཁྱབ་བརྡལ་ནམ་མཁའ་ཡངས་པ་ཁོང་ཆུབ་སྟེ། །ཡུལ་མེད་ཟང་ཐལ་ཆེན་པོར་འབྱམས་ཀླས་པ། །སྒོམ་པའི་རྒྱལ་པོ་མ་བསྒོམ་སངས་རྒྱས་ལགས། །ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་ཞིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ། །སྤྱོད་པའི་རྒྱལ་པོ་ཐར་པའི་ཤིང་རྟ་ཡིན། །མདོར་ན་ཆོས་ཉིད་ཟད་སར་མ་སླེབ་བར། །མཉམ་བཞག་བྱ་བཏང་བྱར་མེད་སྤྱོད་པ་དང་། །རྗེས་ཐོབ་ངང་གནས་ཡེ་ཤེས་རྒྱུན་ཆགས་སུ། །ཚེ་གཅིག་སངས་རྒྱས་འགྲུབ་པའི་གདམས་པ་ཡིན། །མི་རྒན་བདུད་འཇོམས་རྡོ་རྗེའི་སྙིང་གཏམ་འདི། །དཀོན་མཆོག་གྲགས་པའི་ཐུགས་སུ་ཆུབ་པར་མཛོད། །དགེའོ། །། །