TTDL-ZABTER-18-TSHA-126
TTDL-ZABTER-18-TSHA-126
དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །འཁོར་འདས་འུབ་ཆུབ་རྟོགས་པ་ན། །རྫོགས་པ་ཆེན་པོ་ལོགས་ན་མེད། །ཁྱབ་བརྡལ་གཤིས་སུ་ཕྱིན་པ་ན། །བསྒོམ་མེད་བྱ་བ་ལོགས་ན་མེད། །བྱར་མེད་སྤྱོད་པ་མ་གཏོགས་པའི། །སྤྱོད་པ་བྱུང་རྒྱལ་ལོགས་ན་མེད། །དེ་དོན་ཚུལ་བཞིན་ཤེས་པ་ཡིས། །ལྟ་ཡུལ་མེད་པས་མི་མཐོང་དང་། །གཏད་སོ་མེད་པས་ཡེ་བབ་རེད།བསྒོམ་རྒྱུ་མེད་པར་རང་སར་ཡིན། །འཇོག་རྒྱུ་མེད་པར་ཁྱབ་བརྡལ་ངང་། །རིག་རྒྱུ་མེད་དེ་མངོན་གྱུར་ངང་། །འཁྲུལ་དུ་མེད་པའི་གཤིས་སུ་ཕེབས། །འཛིན་སྟངས་བཅོས་སླད་མེད་པ་རུ། །ཧར་སང་ཡན་པ་བློ་བདེ་ནི། །སེམས་མེད་ནམ་མཁའི་རྣལ་འབྱོར་ཡིན། །མི་རྒན་བདག་གི་སྙིང་གཏམ་འདི། །རྣལ་འབྱོར་རྡོ་རྗེ་ཡེ་ཤེས་ཀྱིས། །བསྐུལ་བ་དོན་ཡོད་ཕྱིར་དུ་བྲིས། །དགེའོ། །། །