TTDL-ZABTER-21-AA-003

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-21-AA-003

ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ཀྱི་འགྲེལ་ཆུང་དོན་གསལ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཤེས་རིག་མ་བཅོས་རྫོགས་པ་ཆེན་པོའི་དོན། །ཇི་བཞིན་གཟིགས་ནས་གཞན་ལ་སྤེལ་མཁས་པ། །པདྨའི་རྒྱལ་ཚབ་གཏེར་ཆེན་ཆོས་ཀྱི་རྒྱལ། །བྱང་ཆུབ་བར་དུ་མི་འབྲལ་སྤྱི་བོས་བསྙེན། །སྔ་འགྱུར་རྙིང་མའི་རིང་ལུགས་བླ་ན་མེད། །ཚེ་གཅིག་སངས་རྒྱས་མྱུར་ལམ་སྙིང་པོའི་ཆོས། །སྔོན་རབས་དུ་མའི་སྦྱངས་སྟོབས་དུས་སྨིན་པའི། །ཉམས་མྱོང་རྟོགས་པའི་ལག་རྗེས་འདི་ཀོ་རྨད། །དེ་ལ་འདིར་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་དང་།ལྷུན་གྲུབ་ཐོར་རྒལ་གྱི་ལམ་མ་ནོར་བར་སྟོན་པ་ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་ཅེས་བྱ་བ་གསང་ཆེན་སྔགས་ཀྱི་ཡང་སྙིང་བཅུད་དུ་དྲིལ་བ་འདི་ཉིད་ཀྱི་འགྲེལ་པ་ཉུང་བསྡུས་ཤིག་ཅི་ནུས་སུ་འཆད་བ་ལ་གསུམ་སྟེ།མཚན་དོན།གཞུང་དོན།མཇུག་དོན་ནོ། །དང་པོ་ལ།མཚན་སྨོས་པ།མཚན་དོན་བཤད་པ།མཚན་ཇི་ལྟར་བཏགས་ཚུལ།དེ་ལྟར་བཏགས་པའི་དགོས་པ་དང་བཞི་ལས།དང་པོ་ནི།དག་སྣང་ཡེ་ཤེས་ནས།བཞུགས༔ ཞེས་པའི་བར་རོ། །གཉིས་པ་ལ།གང་ལས་འབྱུང་བའི་གཞི།དེ་ལས་བྱུང་བའི་ཆོས་ཀྱི་མཚན་ནོ། །དང་པོ་ནི།བསྐྱེད་རྫོགས་ཟབ་མོའི་ལམ་ལ་གོམས་པའི་མཐུས་ཡུལ་གང་ལྟར་སྣང་བ་ཐམས་ཅ་དག྄༷་པའི་སྣ྄༷ང་བ་འབའ་ཞིག་ཏུ་མཆེད་ཅིང་།དེའི་ཡུལ་ཅན་ཇི་ལྟ་དང་ཇི་སྙེད་པའི་ཡ྄ེ༷་ཤ྄ེ༷ས་ཀྱི་རྩལ་ཕྱོགས་མེད་དུ་རྒྱས་པའི་ཚེ་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཐབས་སུ་གྱུར་པ་ཐབས་ཤེས་ལམ་གྱི་འཇུག་སྒོ་མཐའ་མེད་པར་ཤར་བ་ལས་བྱུང་བའི་ཕྱིར་དྲྭ྄༷་བ྄༷་ལ྄༵ས་ཏེ།མང་ལ་འབྲེལ་བ་དྲྭ་བའི་དོན། །ཞེས་གསུངས་པའི་ཕྱིར་མདོར་ན་སྒོམ་བྱུང་ཤེས་རབ་ཀྱི་རྩལ་ལས་བྱུང་བའི་ཆོས་སྡེ་ཐམས་ཅད་ལ་དག་སྣང་ཡེ་ཤེས་དྲྭ་བ་ཞེས་གསུངས་སོ། །གཉིས་པ་ནི།གནས་ལུགས་རང་ངོ་ནས་གཞལ་ན་སྒྲ་ཚིག་བསམ་བརྗོད་ལས་འདས་པས་ས་ལམ་གྱི་རྣམ་བཞག་སོགས་བྱར་མི་བཏུབ་ཀྱང་།གདུལ་བྱའི་སྣང་ཚུལ་ལ་བརྟེན་ནས་གཞི་ལམ་འབྲས་གསུམ་གྱི་ཐ་སྙད་བཞག་པ་ལྟར།ཆོས་ཉིད་ངོ་བོ་ཀ྄༷་ནས་ད྄༷ག་ཅིང་།དུས་གསུམ་འཕོ་འགྱུར་མེད་པའི་ཀུན྄༷་ཏ྄ུ༷་བཟ྄༷ང་མ྄ོ༷འི་མཁའ་དབྱ྄ི༵ངས་རྣམ་པར་དག་པ་དང་།རང་བཞིན་ལྷ྄ུ༷ན་གྱིས་གྲ྄ུ༷བ་པའི་འོད་གསལ་ཟུང་དུ་འཇུག་པའི་བདག་ཉིད་ཅན་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པས་རྫ྄ོ༷གས་པ྄༷་ཆ྄ེ༷ན་པ྄ོ༷།ལམ་དང་འབྲས་བ྄ུ༷འི་ཡོན་ཏན་མ་ལུས་པ་འབྱུང་བའི་གཞིར་གྱུར་པས་ན་མཛ྄ོ༵ད་ཁང་ལྟ་བུ་ནི་གཞི་རྒྱུད།ཡུལ་ཆོས་དབྱིངས་དེ་དང་རྗེས་སུ་མཐུན་པར་སྐྱེས་པའི་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་སམ་ཤ྄ེ༷ས་ར྄༷བ་ནི་ལམ་རྒྱུད་དངོས་དང་།དེ་མཚོན་བྱེད་མིང་ཚིག་ཡེ་གེའི་རྣམ་པར་ཤར་བ་ནི་ལམ་རྒྱུད་བཏགས་པ་བ་སྟེ།དེ་ལ་དབྱེ་ན་སྒྲར་སྣང་བའི་རྒྱུད།སྒྲར་གྲགས་པའི་རྒྱུད།བརྡར་གྱུར་པའི་རྒྱུད་དང་གསུམ་མོ། །ཤེས་རབ་དེའི་ངོ་བོ་ནི་རྡོ་རྗེའི་ཆོས་བདུད་དང་ལྡན་ཞིང་།རྟོགས་གོམས་ཀྱིས་དངོས་སྣང་བག་ཆགས་དང་བཅས་པ་འབིགས་ཤིང་གཞོམ་པས་རྡ྄ོ༷་རྗ྄ེ༷་རྣ྄ོ༷ན་པ྄ོ༷འི།རྒྱ྄ུ༵ད་ནི་རྒྱུན་མི་ཆད་པར་རྒྱུན་ཆགས་སུ་གནས་པའི་དོན་ཏེ།རྒྱུད་ནི་རྒྱུན་ཆགས་ལ་བཤད་དོ། །ཞེས་པའི་ཕྱིར།དེ་ཡང་གཞི་རྒྱུད་བདེ་གཤེགས་སྙིང་པོ་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་ཆགས་སུ་གནས་པ་སྟེ།རྒྱུད་བླ་མ་ལས།ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ།ཞེས་གསུངས་པའི་ཕྱིར།དབྱེ་ན་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་།འཁྲུལ་པ་བཏགས་པའི་གཞི་གཉིས་ལས།འདིས་སྔ་མ་དངོས་དང་།ཕྱི་མ་ཤུགས་བསྟན་ནོ། །ལམ་གྱིས་ནི་གཞི་འབྲས་མཚམས་སྦྱོར་བས་ན་རྒྱུད་དོ།དབྱེ་ན།ཐབས་གྲོལ་གཉིས་ལས་ཕྱི་མའོ། །ལམ་གྱིས་གློ་བུར་གྱི་སྒྲིབ་པ་དག་ཅིང་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་མངོན་དུ་གྱུར་པ་འབྲས་རྒྱུད་དོ། །དབྱེ་ན།རང་དོན་ཆོས་སྐུ་དང་།གཞན་དོན་གཟུགས་སྐུ་གཉིས་སོ། །དེ་ལྟར་སྟོན་པའི་ཆོས་འདི་ནི།ངེས་དོན་གྱི་མདོ་དང་གས྄༷ང་ཆ྄ེ༷ན་སྔ྄༷གས་ཀྱ྄ི༷་རྒྱུད་སྡེ་རྣམས་ཀྱི་ཡ྄༷ང་སྙིང་བཅ྄ུ༷ད་དུ་དྲིལ་བ་སྟེ།དེ་འདིར་ཡོད་པ་ལ་བཞུག྄༵ས་སོ་ཞེས་བཏགས་པའོ། །གསུམ་པ་ནི།སྤྱིར་མཚན་འདོགས་ཚུལ་མང་དུ་ཡོད་པ་ལས་འདི་ནི་དོན་གྱི་སྒོ་ནས་མཚན་བཏགས་པའོ། །བཞི་པ་ནི་གོ་སླའོ། །གཉིས་པ་གཞུང་དོན་ལ་གཉིས་ཏེ།གཞུང་སྤྱིའི་ཡན་ལག་ཏུ་མཆོད་པར་བརྗོད་པ།རྒྱུད་དོན་དངོས་བཤད་པའོ། །དང་པོ་ནི།རིགས་དང་དཀྱིལ་འཁོར་སོགས་ཀྱིས་བསྟན་ཏེ།དེ་ཡང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོར་གྱུར་པས་ན་ར྄ི༷གས་ཐམས་ཅད་ཀྱི་སྤྲོ་གཞི་དང྄༷་།ཆོས་ཉིད་གཅིག་ལ་གདུལ་བྱའི་དབང་གི་སོ་སོར་སྣང་བ་ཙམ་ཡིན་པས་ལྷ་ཞི་རྒྱས་དབང་དང་དྲག་པོའི་དཀྱ྄ི༷ལ་འཁ྄ོ༷ར་ཀ྄ུ༷ན་གྱ྄ི༷་ཁྱབ྄༷་བད྄༷གསངས་རྒྱས་ཀུན་གྱི་མེས་པོར་བྱོན་པས་ན་སངས་རྒྱས་རྣམས་ལས་ཀྱང་མཆོག྄༷་སྟེ་རྫོགས་ཆེན་གྱི་སྟོན་པ་ཐུན་མོང་མ་ཡིན་པ་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་རིག་པ་བད྄ེ༷་བར་གཤེགས་པའི་སྙ྄ི༷ང་པ྄ོ༷འི་རང་ཞལ་མངོན་དུ་གྱ྄ུ༷ར་པ་སྒོམ་མེད་ཆུ་བོའི་རྒྱུན་གྱིས་སྐྱོང་བ་ནི་མ྄ི༷་ཕྱ྄ེ༷ད་྄༷དད་པ྄༷ས་འད྄ུ༷ད་པ་སྟེ་ཡུལ་དང་ཡུལ་ཅན་གཉིས་མེད་དུ་རྟོགས་པ་དོན་དམ་ལྟ་བ་མཇལ་བའི་ཕྱག་གོ།དགོས་པ་ནི།ཚོགས་རྫོགས་པས་བར་ཆད་ཞི་ཞིང་བརྩམས་པ་མཐར་ཕྱིན་པ་དང་བློ་གྲོས་མཆོག་ཏུ་གྱུར་པ་དང་རང་ཉིད་དམ་པར་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་རྒྱུད་དོན་དངོས་ལ་གསུམ་སྟེ།རྒྱུད་འབྱུང་བའི་རྒྱུ་གླེང་གཞི།རྐྱེན་གླེང་སློང་།འབྲས་བུ་ཡོངས་ཤེས་རྒྱུད་དོན་དངོས་སོ། །དང་པོ་ལ་བཞི་སྟེ།ཆོས་ཅན་གྱི་སྣང་བ་དབྱིངས་སུ་ཐིམ་ཚུལ།ཆོས་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་ཚུལ།ལྷུན་གྲུབ་ཀྱི་སྣང་བ་སྟོན་འཁོར་དུ་མཆེད་ཚུལ།ཞར་བྱུང་སློབ་མའི་མཚན་ཉིད་བསྟན་པའོ། །དང་པོ་ནི།འཁོར་འདས་སོགས་གསུངས་ཏེ།ཚེ་རབས་དུ་མར་སྦྱངས་པའི་ཡོན་ཏན་སྟོབས་སུ་གྱུར་པའི་མཐུས་མ་རིག་འཁྲུལ་ངོར་སྣང་བའི་འཁ྄ོ༷ར་འད྄༷ས་ལ྄༷མ་གས྄ུ༷མ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གཞི་ཀ་དག་མཉ྄༷མ་པ྄༷་ཉ྄ི༷ད་ཀྱ྄ི༷་ང྄༵ང་སྟ྄ོ༷ང་ཁྱ྄༷བ་ནམ྄༷་མཁ྄༷འ་རྣ྄༷མ་པ྄༷ར་ད྄༷ག་པ྄༷འི་དབྱིངས་དེ་ར྄ུ༵་ཞི་ཞིང་།རེ་ཞིག་གི་བར་དུ་གནས་ལུགས་དེའི་ངང་དུ་འབྱམས་ཀླས་ཏེ་གནས་པའི་ངོ་བོ་ལམ་བྱེད་ཀ་དག་ཁྲགས་ཆོས་ཀྱི་དོན་མཐར་ཐུག་པ་མངོན་སུམ་ཁོང་དུ་ཆུད་པའོ་ཞེས་སོ། །གཉིས་པ་ནི།ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོའམ་སྤྲ྄ོ༷ས་བྲ྄༷ལ་ཆ྄ོ༷ས་སྐ྄ུ༷འི་རྣ྄༷ལ་འབྱ྄ོ༷ར་ཆ྄ེ༷ན་པ྄ོ༷་ང྄༵ས་གཞི་དེ་ལས་གཞི་སྣང་མཆེད་པའི་ཚེ་གཞན་སྣང་འཁྲུལ་པར་མ་སོང་བར་ཆོས་ཉིད་རང་སྣང་ཆེན་པོར་རིག་པས་རིག་གདངས་སྣང་བ་ལམ་བྱེད་ལྷུན་གྲུབ་ཐོད་རྒལ་གྱི་ལམ་མཐར་ཐུག་པ་མངོན་སུམ་དུ་གྱུར་པ་སྟེ།དེ་ཡང་ངོ་བོ་དག་ཆེན་གྱི་ཡ྄ེ༷་ཤ྄ེ༷ས་གཅིག་ལ་ཞིང་དང་སྟོན་འཁོར་རྒྱ་མཚོ་སྒྱ྄ུ༷་འཕྲ྄ུ༷ལ་རོལ་རྩ྄༷ལ་ད྄ུ༷་མཆེད་ཅིང་ཤ྄༷ར་བ྄༷འི་ཚ྄ུ༵ལ་ནི་འདི་ལྟ་སྟེ་ཞེས་པའོ། །གསུམ་པ་ནི།གཞི་ཡི་ཆོས་སྐུ་ནས།རོལ་པ་རུ།ཞེས་པའི་བར་གྱིས་བསྟན་ཏེ།གདོད་མ་ག྄༷ཞི་ཡ྄ི༷་ཆོས྄༷་སྐ྄ུ༷་བ྄༷དེ་བར་གཤ྄ེ༷གས་པའི་སྙ྄ི༷ང་པ྄ོ༷་ཉ྄ི༵ད་ནི་སྤྲ྄ོ༷ས་པའི་མཐའ་བརྒྱད་དང་བྲ྄༷ལ་བ་རྣ྄༷མ་པར་ཐ྄༷ར་པའི་སྒོ་གསུམ྄༷་དང་ལྡ྄༷ན་པའི་ཕྱིར་ཡ྄ེ༷་སང྄༷ས་རྒྱ྄༵ས་པ་སྟེ།སངས་རྒྱས་ཀུན་གྱི་མེས་པོར་སངས་རྒྱས་པ་དང་།དེའི་རང་གདངས་འགགས་པ་མེད་པ་ལྷ྄ུ༷ན་གྲ྄ུ༷བ་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་དང་།ར྄ོ༷ལ་རྩལ་སྣ་ཚོགས་སུ་ཤར་བ་སྤྲུལ་པའི་སྐུ་བྱང་ཆུབ་སེམས་དཔའ་རིག་པའི་རྡོ་རྗེ་ལ་སོགས་པ྄༷་སྟེ་སྐ྄ུ༷་གས྄ུ༷མ་མཉ྄༷མ་སྦྱོར྄༷་གྱི་དབྱ྄ི༵ངས་སུ་སྟ྄ོ༷ན་འཁ྄ོ༷ར་དགོང྄༷ས་པ྄༷་དབྱ྄ེ༷ར་མེད྄༷་པའི་ར྄ོ༷ལ་པ྄༷་ར྄ུ༵་ཤར་བ་ལ་བརྟེན་ནས་ཟབ་ཆོས་འདི་ཉིད་བདེ་བླག་ཏུ་ཤེས་ཤིང་ཁོང་དུ་ཆུད་པ་ཡིན་ནོ་ཞེས་བསྟན་ནོ། །གནས་གང་དུ་སྟོན་འཁོར་ཚོགས་པ་དེའི་ཚེ་ན་རྒྱུད་དོན་འབྱུང་བར་ངེས་པས་ན་གླེང་གཞི་དང་།དབྱེ་ན་ཐུན་མོང་དང་ཐུན་མིན་གཉིས་ལས་ཕྱི་མའོ། །བཞི་པ་ནི།བདག་དང་ནས།ཕ་ཕོག་ཕེབས༔ ཞེས་གསུངས་ཏེ།དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པའི་སྒོ་དམ་པ་འདི་ཉིད།རིག་པ་འཛིན་པ་བད྄༷ག་ད྄༷ང་སྐ྄༷ལ་བ་྄༷མཉ྄༷མ་པ྄༷འི་སྐྱ྄ེ༷ས་བ྄ུ༷་འག྄༵འ་ཞིག་གིས་སྔོན་རབས་དུ་མར་གོམས་པའི་ལས་སྨ྄ོ༷ན་བས྄ོ༷ད་ནམ྄༷ས་བཟ྄༷ང་པ྄ོ༷འི་དཔ྄༷ལ་ད྄ུ༷་ཤ྄༵ར་བ་ཡིན་པའི་ཕྱིར།ལ྄༷མ་འད྄ི༷་ཉམས་སུ་ལེན་པའི་ལས་འཕྲ྄ོ༷་མ྄ེ༷ད་པ྄༷འི་སྐྱ྄ེ༷་བ྄ོ༷་རྣ྄༵མས་སྒོ་འདི་དང་མི་འཕྲད་པའམ།འཕྲད་ཀྱང་མི་མོས་པའམ།ཅུད་ཟད་མོས་ནས་འཆད་ཉན་ལ་བརྩོན་ཀྱང་།ཤེས་རབ་ཆུང་ཞིང་བརྩོན་འགྲུས་ཞན་པས་ར྄ི༷་མ྄ོ༷འི་ཟ྄༷ས་ན྄ོ༷ར་དང་འཕྲད་པ་བཞ྄ི༷ན་ད྄ུ༷་ཐ྄ོ༷བ་ལེན྄༷་མ྄ེ༵ད་པ་སྟེ།བཟུང་ན་ཚིག་མི་ཟིན།བསམ་ན་དོན་མི་གོབསྒོམས་ན་རྒྱུད་ལ་མི་སྐྱེ་བའི་ཕྱིར་རོ། །དེས་ན་སྐ྄༷ལ་པ་བཟ྄༷ང་པོའི་སྐྱ྄ེ༷ས་བ྄ུ༷་དད་བརྩོན་ཤེས་རབ་དང་ལྡན་པ་ད྄༷ག་ག྄ི༷་སྤྱ྄ོ༷ད་ཡ྄ུ༷ལ་ད྄ུ༷་ནམ་ཡང་ཟད་མི་ཤེས་པའི་ཆ྄ོ༷ས་ཉ྄ི༷ད་ན྄༷མ་མཁ྄༷འ་མཛ྄ོ༷ད་འད྄ི༷་རང་བྱུང་པདྨས་ཕ྄༷་ཕ྄ོ༷ག་ཏུ་ཕ྄ེ༵བས་པའམ་གནང་བ་ཡིན་པས།མ་འོངས་པ་ན་ལམ་འདི་ལ་བརྟེན་ནས་གྲོལ་བ་ཐོབ་པ་ཡང་མང་དུ་འབྱུང་སྲིད་དོ་ཞེས་པའང་ཤུགས་ཀྱི་བསྟན་་ནོ།གཉིས་པ་རྐྱེན་གླེང་སློང་ནི།སྟོན་མཆོག་ཀུན་བཟང་སོགས་ནས།རང་རྩལ་འཁོར༔ ཞེས་གསུངས་ཏེ།གང་གླེང་བྱ་རྒྱུད་དོན་གླེང་བར་བསྐུལ་བ་ནི་གླེང་སློང་བ་སྟེ་བསྟན་པ་འབྱུང་བའི་རྐྱེན་བྱེད་པ་ཡིན་པའི་ཕྱིར།འདིར་ཡང་ཆོས་ཉིད་ཀྱི་རང་སྒྲས་བསྐུལ་ཏེ་འཁོར་རྣམས་ཀྱིས་ཞུས་པས་རྒྱུད་དོན་མ་འོངས་གདུལ་བྱའི་བློ་དང་འཚམས་པར་འབྱུང་མ་རག་པ་སྟེ།རང་སྣང་གི་སྟ྄ོ༷ན་པ་སངས་རྒྱས་གཞན་ལས་མཆ྄ོ༷ག་ཏུ་གྱུར་པ་ཀ྄ུ༷ན་ཏུ་བཟ྄༷ང་པོ་འཁོར་འདས་ཀུན་གྱི་ཁྱ྄༷བ་བད྄༷ག་རྡ྄ོ༷་རྗ྄ེ༷་འཆང་ཆེན་པོ་ཡིས།ཡེ་ཤེས་སྒྱ྄ུ༷་འཕྲ྄ུ༷ལ་ར྄ོ༷ལ་པ྄༷འི་སྣང་ཆ་འཁ྄ོ༷ར་ད྄ུ༷་ང྄ོ༷མས་པ྄༷་རྣམས་ལ྄༵་ཉ྄ོ༷ན་ཅིག྄༷་ཅེས་པའི་ཚིག་གིས་སྣ་དྲངས་ཏེ་སྟོན་པ་དང་གཉ྄ི༷ས་མེད་྄༷ར྄ོ༷ལ་པ྄༷འི་ར྄༷ང་རྩ྄༷ལ་སྤྲུལ་པའི་འཁ྄ོ༵ར་རྣམས་ལ་གསུངས་པའོ། །འདི་ལ་ཡང་ཐུན་མོང་དང་ཐུན་མིན་གཉིས་ལས་ཕྱི་མ་སྟེ།སྟོན་འཁོར་དགོངས་པ་དབྱེར་མེད་པའམ་སྟོན་པ་ཉིད་ལ་ཉིད་ཀྱིས་བསྐུལ་ཏེ་གསུངས་པ་ལས་གཞན་མིན་པའི་ཕྱིར་རོ། །སྐབས་འདིའི་དགོས་འབྲེལ་ཡན་ལག་བཞི་ནི།རྒྱུད་འདིའི་བརྗོད་བྱ་ཆོས་སྐུའི་གཞིར་གནས་ཀྱི་རིག་པ།རྗོད་བྱེད་ཚིག་གི་རྒྱུད་འདི་ལ་ཐོས་བསམ་བྱས་པ་དེ་རྟོགས་པ་དགོས་པ།རྟོགས་དོན་བརྩོན་འགྲུས་ལྷོད་པ་མེད་པས་ཉམས་སུ་བླངས་པས་ཚེ་འདིའམ་བར་དོར་གྲོལ་བ་ཉིང་དགོས།དེ་དག་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་གྲུབ་པ་འབྲེལ་བ་སྟེ།བཞི་དང་ལྡན་པ་རྒྱུད་དམ་བསྟན་བཅོས་ཡང་དག་གི་མཚན་ཉིད་དོ། །གསུམ་པ་འབྲས་བུ་ཡོངས་ཤེས་རྒྱུད་དོན་དངོས་བཤད་པ་ལ་གསུམ་སྟེ།ཀ་དག་ཁྲེགས་ཆོད་ཀྱི་ལམ་དང་།ལྷུན་གྲུབ་ཐོད་རྒལ་གྱི་ལམ་བསྟན་པ།གཞི་འབྲས་དབྱེར་མེད་པའི་ངོ་བོ་མངོན་དུ་གྱུར་ཚུལ་ལོ། །དང་པོ་ལ་གསུམ་སྟེ།ཆོས་ཀན་གྱི་བྱེད་པོ་སེམས་སུ་ངོས་བཟུང་།དེ་གཞི་མེད་རྩ་བྲལ་དུ་གཏན་ལ་དབབ།དབང་པོའི་བྱེ་བྲག་གིས་ལམ་ལ་འཇུག་ཚུལ་ལོ། །དང་པོ་ནི།ཀུན་བྱེད་རྒྱལ་པོ་སྒོ་གསུམ་གཙོ་ལ་བརྟག༔ ངོས་བཟུང་ཞེས་ཏེ།ཆོས་ཀ྄ུ༷ན་བྱ྄ེ༷ད་པའི་མཁན་པོའམ་རྒྱ྄༷ལ་པ྄ོ༷་སྒ྄ོ༷་གས྄ུ༷མ་གྱི་གཙ྄ོ༷་བོ་སེམས་ལ་བརྟ྄༵ག་པའི་ཚུལ་ནི།དེ་ཡང་ཉིན་མཚན་བར་དོའི་སྐབས་རྣམས་སུ་སེམས་བདག་འཛིན་གྱི་དབང་གིས་ལུས་ངག་གཉིས་སེམས་ལ་སྣང་བ་དང་།བར་དུ་བདེ་སྡུག་མྱོང་བ་པོ་དང་།མཐར་ལུས་སེམས་གཉིས་སོ་སོར་གྱེས་པའི་ཚེ་ལུས་རོ་རུ་སོང་།ངག་ཡུལ་མེད་དུ་ཡལ་བའི་ཚེ་སེམས་ལས་ཀྱི་རྗེས་སུ་འབྲངས་ནས་འཁོར་བར་འཁྱམས་པའི་མཁན་པོ་སྟེ་རྒྱུ་མཚན་གསུམ་གྱི་སྒོ་ནས་སམ།ཡང་ན་གསུམ་ཀ་སེམས་ལས་མེད་དེ་སེམས་གཅིག་པུར་ཁོ་ཐག་ཆོད་པས་ཀྱང་གཙོ་བོ་སེམས་སུ་ང྄ོ༷ས་བཟ྄ུ༷ང་བ་སྟེ།སྔ་མ་ནི་ཐ་སྙད་སྣང་ཚུལ་དང་།ཕྱི་མ་ནི་ཐ་སྙད་གནས་ཚུལ་དང་བསྟུན་ནས་གཏན་ལ་དབབ་པའོ། །ཕྱི་མ་འདིའི་དོན་ཅུང་ཟད་བཤད་ན།པཎ་ཆེན་ན་རོ་པའི་ལྟ་བ་མདོར་བསྡུས་ལས།སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །རང་རིག་སེམས་ལས་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན།གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་བ་མེད་ཕྱིར་མི་སྣང་ཐལ། །དེ་ལྟར་ཀུན་རྫོབ་གཏན་ལ་དབབ། །ཅེས་གསུངས་པ་ལྟར་ན།འཁྲུལ་ངོར་ལུས་སེམས་གཉིས་ཐ་དད་པ་ལྟར་ཤར་ཡང་གནས་ཚུལ་ལྟར་ན་རྟོག་མེད་ཀྱི་ཤེས་པར་མངོན་སུམ་སྣང་ཞིང་གསལ་པོར་ཉམས་སུ་མྱོང་བའི་རྟགས་ཀྱིས་བེམ་པོ་མ་ཡིན་པར་རང་རིག་རང་གསལ་ཙམ་དུ་གྲུབ་སྟེ།དཔེར་ན་བདེ་སྡུག་ཉམས་སུ་མྱོང་བའི་ཤེས་པ་བཞིན་ནོ། །གལ་ཏེ་སེམས་མ་ཡིན་པར་བེམ་པོ་ཡིན་ན་སྣང་མུན་ལྟར་ཕན་ཚུན་འབྲལ་མི་ཤེས་པའི་ཕྱིར་ནམ་ཡང་སྣང་བའི་ལམ་དུ་མི་འགྱུར་བས་ལུས་ངག་གཉིས་སམ་སྣང་བའི་ཆོས་ཐམས་ཅད་སེམས་སུ་གྲུབ་པའོ། །གཉིས་པ་ནི།ཀུན་བྱེད་རྒྱལ་པོ་སོགས་ཏེ།དེ་ལྟར་སྒོ་གསུམ་མམ་ཆོས་ཀ྄ུ༷ན་བྱེད྄༷་པའི་རྒྱ྄༷ལ་པ྄྄ོ༷༷ར་གྱ྄ུ༷ར་པ྄༷འི་སེམས་དེ་ནི་ཡོད་པ་དངོས་ཅན་དང་།མེད་པ་དངོས་མེད་ཀྱི་ཕྱོགས་གང་ལྟར་འདུག་བརྟག་པས།སེམས་ནི་གཞི་རྩ་དང་བྲལ་བའི་ཕྱིར་ན་གཟ྄ུ༷གས་དབྱིབས་ཁ྄༷་ད྄ོ༷ག་མ་གྲུབ་པ་དང་།སེམས་ཀྱི་ཡུལ་ལྟར་སྣང་བ་འབྱུང་ལྔ་དང་ཡུལ་ལྔ།རྟེན་ལྟར་སྣང་བ་རང་གི་ལུས་ཏེ།དེ་ཐམས་ཅད་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིག་པས་བརྟག་ན་གཅིག་དང་དུ་མ་གང་གི་ཡང་ངོ་བོར་མ་གྲུབ་པ་ནམ་མཁའ་ལྟར་གནས་པའི་ཕྱིར།བྱ྄ུ༷ང་གན྄༷ས་འགྲ྄ོ༷་གས྄ུ༷མ་ཐམས་ཅད་ཡ྄ུ༷ལ་མ྄ེ༷ད་ཟ྄༷ང་ཐ྄༷ལ་གྱི་ང྄༵ང་དུ་ཐག་ཆོད་པ་ནི་ཁྲེགས་ཆ྄ོ༷ད་ལ྄༷མ་གྱ྄ི༷་ང྄ོ༷་བ྄ོ༷ར་ལྷ྄ུ༷ན་གྱ྄ི༷ས་གྲ྄ུ༵བ་པ་སྟེ་གནས་ལུགས་ཀྱི་ཡིན་ལུགས་ཤེས་པ་ཙམ་ལས་གསར་ཐོབ་མིན་པའི་ཕྱིར་རོ། །གསུམ་པ་ལ་དབང་པོ་རབ་ལམ་ལ་འཇུག་ཚུལ་དང་།དབང་པོ་འབྲིང་ཐ་གཉིས་ལམ་ལ་འཇུག་ཚུལ་ལོ། །དང་པོ་ནི།གཅིག་ཅར་སོགས་ཏེ།དེ་ལྟར་དབང་རབ་གཅ྄ི༷ག་ཅ྄༷ར་བའི་རིགས་ཅན་རྣམས་ཀྱི་སེམས་ཉིད་གཞ྄ི༷་མ྄ེ༷ད་རྩ྄༷་བྲ྄༷ལ་དུ་གཏན་ལ་ཕབ་པ་ཙམ་གྱིས་སོ་སོར་རྟོགས་པའི་ཤེས་རབ་རང་ཡལ་དུ་སོང་བའི་རྗེས་ཤེས་ཡངས་པ་གོ་མ་འགགས་པ་ངོ་འཕྲོད་པ་ནི་སེམས་ལས་འདས་པའི་ཡེ་ཤེས་ཡིན་པས་ན་ཡང་དག་པའི་ལ྄༷མ་ད྄ུ༷་ཚ྄ུ༷ད་པའོ། །གཉིས་པ་ལ་གཉིས་ལས། །དང་པོ་ནི།ཡང་དེ་ལྟར་ངོ་འཕྲོད་པའི་སྐལ་བ་དང་མི་ལྡན་པ་གཞ྄༷ན་དག྄༷་གནས་དབེན་པར་ཕྱིན་ཏེ་བླ་མའི་རྣལ་འབྱོར་བསྒོམ་ཞིང་དབང་བཞི་བླངས་མཐར་ཕྱིའི་ན྄༷མ་མཁ྄༷འི་དབྱིངས་དང་།རྡེའུ་དང་ཤིང་བུའམ་སྐུ་གཟུགས་ཡི་གེ་སོགས་དང་།སྙིང་གར་འོད་ལྔའི་ཐིག་ལེ་གསལ་འཚེར་བསྒོམ་པ་དག྄༷་ལ྄༷་སེམས་བཟུང་སྟེ་བབ྄༷ས་ཀྱ྄ི༷ས་མཉམ་པར་བཞ྄༷ག་པས་གདོད་མའི་གནས་ལུགས་བད྄ུ༷ན་ཕྲ྄༷ག་གས྄ུ༷མ་གྱ྄ི༷་རིམ་པས་ཤེས་རབ་ཀྱི་མིག་ག྄ི༷ས་མཐོང་ནས་ང྄ེ༷ས་གས྄༷ང་རྫོགས་པ་ཆེན་པོའི་ལ྄༷མ་ད྄ུ༷་འཛ྄ུ༷ད་པར་བྱེད་པའོ། །གཉིས་པ་ལ།རྣམ་པ་ལམ་བྱེད་དང་།ངོ་བོ་ལམ་བྱེད་གཉིས་ལས།དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས།དང་པོ་ནི།དབང་པོ་དམན་པའི་སོགས་ནས།སྐྱེལ༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ལྟར་ངོ་འཕྲོད་པའི་སྐལ་བ་མེད་པའི་དབ྄༷ང་པ྄ོ༷་དམ྄༷ན་པ྄༷འི་རིག྄༷ས་ཅ྄༷ན་དག྄༷་ལ྄༷་ཡ྄༵ང་།ཐོག་མར་ཤེས་པ་ལ་གན྄༷ས་པ་ད྄༷ང་།རྣམ་པར་རྟོག་པ་འགྱ྄ུ༷་བ྄༷་སྟེ་གཉ྄ི༷ས་ས྄ུ༷་དབྱེ་བའི་ཚུལ་གྱིས་ང྄ོ༷་སྤྲ྄༷ད་ན྄༷ས།དང་པོ་རྣམ་པ་སེམ྄༷ས་ལ྄༷་ལ྄༷མ་བྱ྄༷ས་ནས་མཐར་ར྄ི༷ག་པ྄༷འི་དབྱ྄ི༷ངས་ས྄ུ༷་སྐྱེལ྄༷་བའོ། །གཉིས་པ་ཚུལ་དེ་རྒྱས་པར་བཤད་པ་ལ་བཞི་སྟེ།ལམ་གྱི་ངོ་བོ་དྲན་པ།དག་བྱ་ཉམས་ཀྱི་བྱེ་བྲགསྤང་གཉེར་གྱི་ངོ་བོ།གདམས་ངག་གི་སྣང་བ་དང་འབྲལ་མི་རུང་བའི་ཚུལ་ལོ། །དང་པོ་ནི།དང་པོ་གཉིས་ནས་སོགས།མི་རྟོག་པ༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ཡང་ལམ་གྱི་ངོ་བོ་དྲན་པ་རྣམ་པ་བཞིར་དབྱེ་སྟེ་བསྟན་པ་ལས།ད྄༷ང་པ྄ོ༷་གནས་འགྱུ་གཉ྄ི༷ས་ས྄ུ༷་དབྱེ་ན྄༷ས་ཐ་དད་པ་ལྟར་སྣང་བ་དེ་གོམས་པའི་སྟོབས་ཀྱིས་གཅ྄ི༷ག་ཏུ་གྱ྄ུ༷ར་པའི་ཆ་ནས་རྩ྄ེ༷་གཅ྄ི༷ག་གི་དྲན་པ་ད྄༵ང་།སྔར་བཞིན་འབད་རྩོལ་གྱིས་མ྄༷་བལྟ྄༷ས་པར་བཞ྄༷ག་པ྄༷ས་ཀྱང་ར྄༷ང་རྩ྄༷ལ་མང྄ོ༷ན་དུ་གྱ྄ུ༷ར་པའི་ཆ་ནས་མངོན་གྱུར་གྱི་དྲན་པ་དང་།སྟོང་པ་ཧར་སང་དྲན་མེད་སྟོང་པ་རྒྱ་ཡན་དུ་གནས་པ་དྲན་སྟོང་མལ་དུ་འཁོད་པའམ་ཀུན་གཞི་དང་།རགས་པའི་དྲན་པ་ཞི་ནས་སྟ྄ོ༷ང་གས྄༷ལ་གྱི་ལེ་བའི་ང྄༷ང་དུ་གན྄༷ས་པ་ལ་ར྄༷ང་གས྄༷ལ་གྱི་དྲ྄༷ན་པ྄༷འམ་ཀུན་གཞིའི་རྣམ་ཤེས་ཞ྄ེ༷ས་བརྗོད་པ་དང་།དེ་ཡང་དྲན་པ་སྔ྄༷་མ྄༷་གཉ྄ི༷ས་ཀྱ྄ི༷ས་རྩལ་ག྄༷ང་ཤ྄༷ར་མང྄ོ༷ན་སུམ་ད྄ུ༷་བྱ྄ེ༵ད་པ་དང་།ཕྱ྄ི༷་མ྄༷་གཉ྄ི༷ས་ཀྱི་སྐབས་སུ་ན྄ི༷་འཛ྄ི༷ན་སྟ྄༷ངས་ཕྲ་བ་ཁ྄ོ༷་ན྄༷་ལ་བརྟེན་ཅིང་གནས་པ་ལ྄༷ས་གདངས་སྣང་བ་དང་།རྩལ་རྣ྄༷མ་པ྄༷ར་རྟ྄ོ༷ག་པ྄༷་ཐམས་ཅད་འག྄༷གས་པ྄༷ས་མ྄ི༷་རྟ྄ོ༷ག་པ྄༵་ཙམ་མོ། །འདི་དག་ནི་ལམ་རྐྱེན་གྱིས་བསླངས་ཏེ་ཀུན་གཞི་གཉིས་ཀྱི་ཐོག་ཏུ་ཕེབས་པས་ན་ཐོག་ཕེབས་ཀྱི་ཀུན་གཞི་སྟེ།སློབ་དཔོན་འགའ་ཞིག་དང་པོ་རོ་གཅིག་དང་།གཉིས་པ་སྤྲོས་བྲལ་དུ་བཞེད།འགའ་ཞིག་ལུང་མ་བསྟན་དུ་བཞེད་ཀྱང་གང་ལྟར་ཡང་སེམས་ཀྱི་ངོ་བོའི་ཐོག་ཏུ་ཕེབས་པའོ། །གཉིས་པ་ནི། །ཀུན་ལ་བདེ་དང་སྟོང་པ་ནས།འབྱུང་༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ལྟ་བུའི་ལམ་གྱི་གནས་སྐབས་ཀ྄ུ༷ན་༡ལ྄༷་༢དྲན་པའི་འཛིན་སྟངས་ཕྲ་རགས་ཀྱིས་བཅིངས་པའི་རྒྱུས།བད྄ེ༷་༣་བ་མེ་དྲོད་ལྟ་བུ་ད྄༷ང་༤།གསལ་༧སྣང་༨ནམ་ལངས་པ་ལྟ་བུ།སྟ྄ོ༷ང་༥པ྄༷འམ༦་མི་རྟོག་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་སོགས་སྣ་ཚོག྄༵ས་༩པ་མ་ངེས་པར་འབྱུང་སྲིད་ཀྱང་།ཉམས་སྣང་རྫུན་པོ་ཆེ་ལ་ཡིད་ཆེས་དང་བློ་གཏད་མེད་པར་མི་ཤེས་པར་མཐར་ཐུག་གི་ཡོན་ཏན་དུ་བཟུང་ནས་ཞ྄ེ༷ན་པ་ད྄༷ང་ཆ྄༷གས་པ྄༷འི་ཡ྄ུ༷ལ་ད྄ུ༷་གྱ྄ུ༷ར་ན་ཁམས་གསུམ་གྱི་རྒྱུ་ལས་མ་འདས་པས་ཡུན་རིང་པོར་བསྒོམས་ཀྱང་འཁོར་བ་ལམ་མི་འཕགས་པ྄༷་ད྄༷ང་།གཞན་ཡང་ཕྱི་ལྷོང་ལྷ་འདྲེའི་ཆོ་འཕྲུལ།ནང་ལྷོང་ལུས་ཀྱི་ན་ཚ།གསང་ལྷོང་སེམས་ཀྱི་དགའ་སྡུག་སོགས་ལ྄ུ༷ས་ང྄༷ག་ཡ྄ི༷ད་གསུམ་ལ྄༷་ན྄༷་ཚ྄༷་དང་མ྄ི༷་བད྄ེ༷་བ྄༷འི་ཉམ྄༵ས་སྣ་ཚོགས་པ་གཅིག་ཏུ་ས྄ོ༷་ཟ྄ི༷ན་མ྄ེ༷ད་པ྄༷་ར྄ི༷མ་པ྄༷་བཞ྄ི༷ན་ད྄ུ༷་འབྱ྄ུ༵ང་བའི་ཚུལ་རྣམས་ཀྱང་བླ་མའི་ཞལ་ལས་ལེགས་པར་ཤེས་དགོས་སོ། །གསུམ་པ་ལ་སྤང་བྱའི་ངོ་བོ་ངོས་བཟུང་།དངོས་གཉེན་ལམ་གྱི་མཆོག་ཏུ་བསྟན་པའོ། །དང་པོ་ནི།བཟང་པོར་རེ་རློམས་ནས།ཐོགས༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ཡང་རྙེད་བཀུར་སྙན་གྲགས་སོགས་བཟ྄༷ང་པ྄ོ༷་ལྟ྄༷ར་སྣང་བ་ཐམས་ཅད་ལ་ར྄ེ༷་རླ྄ོ༷མས་ཀྱིས་མང྄ོ༷ན་ཞེན྄༷་སྐྱ྄ེ༷ས་ནས་ཆགས་ཤིང་ཞེན་པ྄༵ས།དེའི་དབང་དུ་ཤོར་ནས་མི་ཚེ་འདའ་བ་ད྄༵ང་།དགྲས་ལོག་སྒྲུབ་དང་མི་ཁ་གཤེ་སྐུར་སོགས་ང྄༷ན་པ྄༷་ལྟ྄༷ར་སྣང་བ་ཐམས་ཅད་ལ་ད྄ོ༷གས་ནས་མྱ་ངན་ད྄༷ང་སྡུག་བསྔལ་བྱེད་པའམ།མདོར་ན་ལྷ་དང་གན྄ོ༷ད་བྱ྄ེ༷ད་བདེ་སྡུག་ཐམས་ཅད་ར྄༷ང་རྒྱ྄ུ༷ད་པ྄༷ར་བལྟ྄༷ས་ཚ྄༷ད་ག྄྄ོ༵༷ལ་ཤ྄ོ༷ར་ན྄ོ༷ར་ས྄༷འི་གེགས་གསུམ་གྱི་འཕྲ྄༷ང་ལ྄༷་ཐོག྄༷ས་ཏེ་ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་ཏུ་བརྒལ་མི་ནུས་སོ་ཞེས་ཏེ་འདིའི་གནད་དོན་བསླངས་ཏེ་སྟོན་ན།བཟང་ངན་བདེ་སྡུག་སོགས་ཅི་ལྟར་སྣང་ཡང་སྣང་བ་ཙམ་གྱིས་འཆིང་བར་མི་འགྱུར་བས་དགག་མི་དགོས་པའི་ཚུལ།སློབ་དཔོན་འཕགས་པ་ལྷས།འདི་ནི་སྣང་ཙམ་དགག་མིན་ཏེ། །བདེན་པར་རྟོག་པ་ལྡོག་བྱ་ཡིན། །ཞེས་གསུངས་པའི་ཕྱིར་དགག་བྱའི་རྩ་བ་དངོས་ནི་སྣང་ཐོག་དེར་བདེན་གྲུབ་ཏུ་ཡོད་པར་འཛིན་པའི་བློ་དེ་ཡིན་ལ།ཕྱི་རོལ་ན་འདྲེ་གདོན་བསླུ་བདུད་ལྟར་སྣང་བ་ཐམས་ཅད་རྩ་བ་དེ་ལས་འབྱུང་བ་ཤ་སྟག་ཡིན་པས།དེ་མ་ཐུལ་བར་ཕྱི་རོལ་གྱི་འདྲེ་གདོན་སོགས་སོ་སོར་བཏུལ་བས་ཟད་པར་མི་འགྱུར་རོ། །གཉིས་པ་ནི།ཀུན་གྱི་སྤྱི་ཆིངས་སོགས་ནས།མིག་གཅིག་ཡིན༔ ཞེས་གསུངས་ཏེ།སྤང་བྱ་ཀ྄ུ༷ན་གྱ྄ི༷་གཉེན་པོ་སྤྱ྄ི༷་ཆིང྄༷ས་དང་།ལ྄༷མ་ཐམས་ཅད་ཀྱ྄ི༷་གན྄༷ད་དོན་གཅ྄ི༷ག་པ྄ུ༵་ནི།བཟང་པོ་དང་ངན་པ་བདེ་སྡུག་བར་མ་གསུམ་གྱི་མྱ྄ོ༷ང་ཚ྄ོ༷ར་ཐམ྄༷ས་ཅ྄༷ད་ཀ྄ུ༵ན་སྣང་ཡང་བད྄ེ༷ན་པ་མ྄ེ༷ད་པ་འཁྲུལ་སྣང་ཉ྄༷མས་ཀྱ྄ི༷་རྫ྄ུ༷ན་ར྄ི༷ས་ང྄ེ༷ས་པ྄༷་ར྄ུ༷་ཤ྄ེ༷ས་ཏ྄ེ༷་ངན་པ་དག྄༵ག་པ་དང་།བཟང་པོ་སྒྲ྄ུ༷བ་པ་མ྄ེ༷ད་པ྄༷ར་རོ་སྙོམས་པར་བཞ྄༷ག་པ྄༷ས་རྐྱེན་ངན་ལམ་དུ་ལོངས་ཤིང་འགལ་རྐྱེན་གྲོགས་སུ་འཆར་བས་ན྄༵་མི་མཐུན་པའི་ཕྱོགས་ག྄ོ༷ལ་ཤ྄ོ༷ར་ནོར་ས་གསུམ་ཚ྄༷ར་གཅ྄ོ༷ད་ཅིང་མཐུན་ཕྱོགས་གནས་ལུགས་ཟབ་མོའི་དོན་མ་ནོར་བར་མཐོང་བའི་ཤ྄ེ༷ས་ར྄༷བ་ནི་ལམ་ལ་འཇུག་པ་རྣམས་ལ་མེད་དུ་མི་རུང་བ་ཡིན་པས་ན་མ྄ི༷ག་གཅ྄ི༷ག་པ་ལྟ་བུ་ཡ྄ི༵ན་ནོ། །དེ་ཡང་གང་སྣང་བ་ཐམས་ཅད་འཁྲུལ་སྣང་དང་བདེན་པར་མ་གྲུབཔའི་ཚུལ་རྒྱས་པར་གཏན་ལ་དབབ་པ་ནི་འཆད་འགྱུར་ལས་ཤེས་དགོས་སོ། །འདི་ལྟར་བྱ་རྩོལ་མེད་པའི་དོན་རྟོགས་པ་རྒྱལ་བས་བསྔགས་པའི་ལམ་དངོས་ཡིན་ཀྱང་།དེ་ལྟ་བུ་འབྱུང་བའི་ཐབས་སུ་དང་པོར་དམིགས་གཏད་ཅན་གྱི་ཞི་གནས་དང་རྟོག་དཔྱོད་ཀྱི་ལྷག་མཐོང་གཉིས་ཟུང་འབྲེལ་དུ་གོམས་དགོས་པས་རྩེ་གཅིག་ནས་ཤེས་རིག་མངོན་འགྱུར་གྱི་བར་རྣམས་ཀྱིས་ཞི་གནས་དང་།སྐབས་འདིས་ལྷག་མཐོང་དོན་གྱིས་བསྟན་པས་འདི་དག་ཡ་བྲལ་དུ་མ་སོང་བར་དང་པོའི་ལས་ཅན་རྣམས་ཀྱིས་ཉམས་སུ་ལེན་དགོས་པས་སྐབས་འདིར་རིམ་བཞིན་དུ་བསྟན་ནོ། །བཞི་པ་ནི།འགའ་ཞིག་ནས།བསྟེན༔ ཞེས་པའི་བར་གྱིས་བསྟན་ཏེ།འག྄༷འ་ཞ྄ི༷ག་ལམ་སྟོན་བཤ྄ེ༷ས་གཉ྄ེ༷ན་ད྄༷མ་པ྄༷་དང་ཐག་ར྄ི༷ང་བར་གྱ྄ུ༷ར་ན྄༵ས།ལམ་དང་ལམ་མིན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅོད་མི་ཤེས་པ་འབྱུང་སྲིད་པས།སྔར་བཤད་པའི་གནས་འགྱུ་གཉིས་དང་།དྲན་པའི་རྣམ་བཞག་བཞི་སྟེ་ས྄༷་བཅ྄༷ད་ལྔ྄༷་པ྄ོ༷་ལ྄༷མ་གྱ྄ི༷་ད྄༷མ་པ྄༷་སྟེ་ཉམས་ལེན་ལ་འཇུག་པའི་ཐོག་མ྄༷ར་མེད་དུ་མི་རུང་བར་ཤེས་ནས་ཚུལ་བཞིན་ཤེས་པའི་ངེས་ཤེས་བརྟན་པོ་རྙེད་པའི་སྒོ་ནས་བཟ྄ུ༵ང་དགོས་སོ། །དེ་ཡང་དང་པོའི་ཉམས་ལེན་ཙམ་ལས་གནས་ལུགས་མཐར་ཐུག་ཏུ་བཟུང་ནས་རྩེ་གཅིག་དེ་ཁོ་ན་ཉམས་སུ་ལེན་པ་ལ་བརྩོན་པའམ།ཡང་ན་རྒྱུག་ཚོད་དང་སྦྱར་ནས་གྲིམ་ལྷོད་རན་པར་བསྟེན་མི་ཤེས་པར།ཆུ་རྒྱུན་གྱི་འོལ་ཁ་བཀག་པ་ལྟར།རྣམ་རྟོག་བཀག་པའི་ཤེས་པ་རྩེ་གཅིག་པ་ཁོ་ན་ལྟ་སྒོམ་གྱི་མཆོག་ཏུ་བཟུང་ནས་ཉམས་སུ་ལེན་པ་ལ་ཧ་ཅང་བརྩ྄ོ༷ན་དྲ྄༷ག་ན྄༵་རྩ་ཁམས་ཀྱི་བྱེད་ལས་ཏེ་ཆུ་ཁམས་པ་དང་ས་ཁམས་པ་འགའ་ཞིག་ལ་སེམ྄༷ས་རྟོག་དཔྱོད་བྱེད་ཀྱ྄ི༷་རྩ྄༷ལ་ཉམ྄༷ས་ཏེ་དྲ྄༷ན་པ྄༷འི་ང྄༷ང་བརྟ྄༷ན་པར་གྱུར་ན྄༵ས་མ྄ི༷་ཡ྄ི༷་ལ྄ུ༷ས་ལ྄༷་བླུན་ཅིང་རྨོངས་པའི་ཆ་ནས་ད྄ུ༷ད་འགྲ྄ོ༷འི་སེམ྄༷ས་ས྄ུ༷་འགྱུར྄༵་པ་སྟེ་འདི་ལ་དགོངས་ནས།འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས།ཐོས་པ་མེད་པའི་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་གསུངས་སོ། །ཡང་མེ་ཁམས་པ་དང་རླུང་ཁམས་པ་འགའ྄༷་ཞིག྄༷་ལ་སེམས་སྨྱ྄ོ༷་འབ྄ོ༷གས་དང་བརྒྱལ་བ་སོགས་ལམ་ལོག་མགོ་རྨོངས་དག྄༷་ཏ྄ུ༷་འཕྱན྄༷་པར྄༷་གྱ྄ུ༷ར་པ྄༷་ད྄ེ༷་ཕྱིར྄༷་ལམ་འདིའི་གནད་དོན་ཇི་བཞིན་སློང་ཤེས་པའི་དག྄ེ༷་བའ྄ི༷་བཤེས྄༷་གཉེན྄༷་དམ་པ་འབྲལ྄༷་མེད྄༷་དུ་བསྟེན྄༷་ནས་སྒྲོ་འདོགས་གཅོད་པའམ་དེ་ལྟ་བུའི་སྐལ་བ་དང་མི་ལྡན་ཡང་།ལམ་འདིའི་སྒོ་ནས་གྲུབ་པ་བརྙེས་པའི་རིག་འཛིན་གོང་མ་རྣམས་ཀྱི་མན་ངག་ལ་ཚུལ་བཞིན་བལྟ་རྟོགས་གོམས་འདྲིས་བྱེད་པ་ཡང་སྙོམས་ལས་སུ་མ་སོང་བ་ཞིག་མེད་ཐབས་མེད་པ་ཡིན་ནོ། །གསུམ་པ་འཇུག་བསྡུས་ཏེ་བསྟན་པ་ནི།མདོར་ན་འདི་དག་ནས།སྐྱེས་བུ་རྣམས༔ ཞེས་པའི་བར་གྱིས་བསྟན་ཏེ།མདོར྄༷་ན྄༷་སྔར་བསྟན་པའི་གཞི་གནས་ནས་གསལ་རིག་གི་ཤེས་པ་དང་ཀུན་གཞིའི་རྣམ་ཤེས་ཀྱི་བར་འད྄ི༷་དག྄༷་ནི་རྣམ་པ་སེམས྄༷་ལ྄༷་ལམ྄༷་བྱེད྄༷་པའི་སྐབ྄༵ས་ཏེ་གནས་ལུགས་རང་བཞིན་ཤེས་པའི་ལྷག་མཐོང་དང་བྲལ་བས་སྲིད་པའི་སྡུག་བསྔལ་ལས་གྲོལ་བའི་ཐ྄༷ར་པ་དང྄༷་།མཐའ་གཉིས་ལས་གྲོལ་བའི་རྣམ྄༷་མཁྱེན྄༷་གྱི་ལམ྄༷་ལ྄༷་སྤ྄ུ༷་རྩེ་ཙམ྄༷་ཡང྄༷་ཉ྄ེ༷་བ྄༷་མ྄༷་ཡིན྄༷་པའི་ཕྱིར྄༷་ན྄༷་ཡུན྄༷་རིང྄༷་པོར྄༷་བརྩོན྄༷་འགྲུས྄༷་དྲག྄༷་པོས྄༷་ཉམས྄༷་ས྄ུ༷་བླ྄༵ང་བར་བྱས་ན྄༷་ཡང྄༷་འཁོར་བའི་བསྣོན་མ་ཙམ་ལས་མེད་པས་ན།མ྄ི༷་ཚ྄ེ༷་སྟོང྄༷་ཟད྄༷་ཆུད྄༷་ད྄ུ༷་ཟ྄༷་བར྄༷་ང྄ེ༵ས་པ་ཡིན་པའི་ཚུལ་ཤེས྄༷་པར྄༷་གྱིས྄༷་ཤིག྄༵།ཅེས་ལམ་འདི་ཉམས་སུ་ལེན་པའི་སྐལ྄༷་བ་བཟང྄༷་པོའི་སྐྱེས྄༷་བ྄ུ༷་རྣམས྄༷་ལ་ཐུགས་བརྩེ་བས་གདམས་པའོ། །འོན་ཀྱང་རིག་པ་རང་ཐོག་ཏུ་ངོ་མ་འཕྲོད་པའམ་འཕྲོད་ཀྱང་རྣམ་གཡེངས་དང་ལེ་ལོའི་དབང་གིས་འཁྲུལ་པ་རྒྱ་འབྱམས་སུ་འཆོར་བའི་རིགས་ཅན་རྣམས་ལ་རེ་ཞིག་དང་པོར་སེམས་རྟོག་མི་འཕྱེ་བོ་དང་འདྲ་བས་རླུང་རྟ་རྒོད་ལོང་བ་ལྟ་བུ་ལ་ཞོན་པ་དེ་ཉམས་དང་འཛིན་པའི་རྟོད་ཕུར་གྱིས་བཅིངས་ནས་རིམ་བཞིན་བར་མི་ཆད་པར་བསྒོམས་པས་མཐར་རྣམ་རྟོག་ཕྲ་རགས་ཐམས་ཅད་དག་སོང་བའི་སྣང་བ་ཤར་ནས་ཡེ་གནས་ཀྱི་ཤེས་པ་བཟོ་བཅོས་མེད་པའི་ངང་མངོན་དུ་གྱུར་ནས་རིག་པ་སྒོམ་མེད་ཆེན་པོའི་ཐོག་ཏུ་ཕེབས་པའི་ཚེ་བླ་མས་ངོ་སྤྲོད་འདེབས་སླ་ཞིང་།སློབ་མ་ལོག་ལམ་དུ་མི་འཆོར་བའི་དགོས་པ་ཁྱད་པར་ཅན་ཡོད་པས་འདིར་གསལ་བར་བསྟན་པ་ཡིན་ནོ་ཞེས་པ་ཤུགས་ཀྱིས་བསྟན་ནོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་རྡོ་རྗེ་རྣོན་པོ་སོགས་ཀྱིས་བསྟན་ཏོ། །༈གཉིས་པ་ངོ་བོ་ལམ་བྱེད་ལ་གཉིས་ཏེ།ལམ་གྱི་རིག་པ་སྤྲོས་བྲལ་དང་།གཞིའི་རིག་པ་མཐའ་གྲོལ་ཆེན་པོ་བསྟན་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས།དང་པོ་ནི།ཤེས་རབ་རྡོ་རྗེ་རྣོན་པོ་མངོན་གྱུར་ནས༔ ཞེས་གསུངས་ཏེ།སེམས་ཅན་བཟང་ངན་མེད་པར་ཀུན་ལ་ཡེ་གདོད་མ་ནས་གནས་པའི་ཤ྄ེ༷ས་པ་མཆོག་གམ་རབ྄༷་ཏུ་གྱུར་པ་སྟོང་པ་ཉིད་གང་གིས་ཀྱང་དབྱེར་མི་ཕྱེད་པའི་རྡ྄ོ༷་རྗ྄ེ༷་རྣོན྄༷་པ྄ོ༷་དེ་ཉིད།སྔར་མ་རིག་པའི་དབང་གིས་ལྐོག་ཏུ་གྱུར་ཀྱང་སྐབས་འདིར་དམ་པའི་མན་ངག་ཟབ་མོའི་མཐུས།གཉིད་སད་པ་ལྟར་མང྄ོ༷ན་སུམ་ད྄ུ༷་གྱུར྄༷་ནས྄༷་མཐོང་བ་ཡིན་ནོ་ཞེས་པའོ། །གཉིས་པ་རྒྱས་བཤད་ལ་བཞི་སྟེ།སེམས་བྲལ་གྱི་རིག་པ་ཁྱད་ཆོས་དྲུག་དང་ལྡན་པའི་ཚུལ།ངང་བཞག་གཉུག་མའི་ངོ་བོ་བསྟན་པ།ལམ་དང་འབྲས་བུའི་ཡོན་ཏན་རྫོགས་ཚུལ།ཚུལ་དེ་རྟོགས་པའི་གང་ཟག་གི་ཆེ་བའོ། །དང་པོ་ནི།རིག་པ་ལུང་མ་བསྟན་གྱི་གཞི་ལས་འཕགས༔ ཞེས་གསུངས་ཏེ།དེ་ཡང་སེམས་ཅན་འཁྲུལ་པའི་གཞི་བཟང་ངན་གང་དུའང་མ་གྱུར་པའི་ལུང་མ་བསྟན་དེ་ཉིད་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་སྐད་ཅིག་མ་དང་པོ་ནས་རིག་ཅིང་ངོ་འཕྲོད་པའི་རིག྄༷་པ྄༷་ན྄ི༷་ལུང྄༷་མ྄༷་བསྟན྄༷་གྱ྄ི༷་གཞ྄ི༷་ལས་འཕགས྄༷་པའི་ཁྱད་ཆོས་དེ་དངོས་བསྟན་དང་།ཁྱད་ཆོ་གཞན་ལྔ་ཡང་ཤུགས་བསྟན་ལྟར་ན།དེའི་དུས་སུ་རིག་པའི་ངང་དུ་སྣང་བའི་གོ་མ་འགགས་ཤིང་བདེན་ཞེན་གཉིས་འཛིན་མེད་པར་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཤུགས་དང་ལྡན་པ་ནི་གཟུང་འཛིན་ལས་འཕགས་པའི་ཁྱད་ཆོས།ཤེས་རབ་ཡེ་ཤེས་ཀྱི་སྤྱན་ཕྱེས་པའི་སྐད་ཅིག་མ་དེ་ཉིད་དུ་སེམས་དང་རིག་པའི་བྱེ་བྲག་འབྱེད་པའི་ཁྱད་ཆོས།ངོ་བོ་དང་རང་གདངས་ལ་དབང་བསྒྱུར་བའི་ཡེ་ཤེས་གཉིས་ཀའི་གདངས་རང་ས་ཉིད་དུ་བཟུང་བས་དེ་ཐོག་ཏུ་རང་གྲོལ་བའི་ཁྱད་ཆོས།བློ་དང་ཡིད་དཔྱོད་ཀྱི་ཟོན་མི་འཇུག་ཅིང་རང་ཐོག་ཏུ་རང་ས་བཟུང་བས་ཡུལ་དང་རྐྱེན་ལ་མི་ལྟོས་པའི་ཁྱད་ཆོས།དེ་ལྟ་བུའི་ཁས་ལེན་དང་བྲལ་བའི་རིག་པ་རང་གྲོལ་ཆེན་པོ་ལ་དབང་བསྒྱུར་བས་རང་ས་ཉིད་དུ་གནས་ཤིང་སངས་རྒྱས་པའི་ཁྱད་ཆོས་སོ། །ཞེས་གསུངས་སོ། །འདི་དག་ནི་སྤྱིར་ལམ་རིག་གི་མཚན་ཉིད་དུ་བསྟན་ཀྱང་ཆ་འདྲ་བ་ཙམ་ལས་ཇི་བཞིན་པ་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་མངོན་དུ་གྱུར་པའི་སྐབས་མ་གཏོགས་ཡོད་པ་མི་འདྲ་སྟེ།ཕྱི་ཡི་ཡུལ་སྣང་རང་སར་ཕར༔ ནང་གི་ང་བདག་རང་སར་ཚུར༔ བར་དུ་སྟོང་པ་ཕྱང་ཆད་བསྒོམ༔ དེ་ནི་འཁྱགས་པའི་སྦུབས་ཆུར་སོང་༔ གྲོལ་བ་ཐོབ་པ་ཉུང་ལ་ལྟོས༔ ཞེས་གཅོད་ཁྲིད་ཀྱི་སྐབས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ནི།ཅི་ཡང་མ་ཡིན་ནས།ལྷུན་གྱིས་གྲུབ༔ ཅེས་པའི་བར་གྱིས་བསྟན་ཏེ།ཟང་མ་ཐལ་བྱུང་རིག་པའི་ངོ་བོ་ནི་ཡོད་མེད་གང་གི་ཕྱོགས་སུའང་མ་ལྷུང་བས་ཅ྄ི༷་ཡང྄༷་མ྄༷་ཡིན྄༷་པ།སྒྲ་རྟོག་གི་རྒྱུ་བ་ཆད་པས་སྨྲ྄༷་བསམ྄༷་བརྗོད྄༷་པ་ལས྄༷་འདས྄༷་པ།ལྟ་བ་དང་བསྒོམ྄༷་པས་བཅོས྄༷་བསྒྱུར་དང་དགག྄༷་སྒྲུབ྄༷་མེད྄༷་པར྄༷་རང྄༷་གསལ་གཏད་མེད་རྒྱ་ཡན྄༷་དུ་གནས་པ྄༷་དེ་ཉིད་ནི་ཤེས྄༷་རབ྄༷་རྡ྄ོ༷་རྗ྄ེ༷་རྣོན྄༷་པ྄ོ༷་ལྷུན྄༷་གྱིས྄༷་གྲུབ྄༵་པའི་ངོ་བོ་མངོན་དུ་གྱུར་པའོ། །འདིའི་དུས་སུ་རྩལ་གོ་མ་འགགས་པས་སྣང་བ་ཐམས་ཅད་མངོན་དུ་གྱུར་པ།སེམས་ཅན་གྱི་རྣམ་པར་རྟོག་པ་ལྟ་བུ་ལ་ཡུལ་དང་གཉིས་མེད་དུ་ཡལ་བ་དུམ་བུར་འཕྲོ་བ་དམིགས་པ་དང་བཅས་པ་ནི་གཅིག་ཀྱང་མེད་པས་ན།སེམས་ཅན་གྱི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ།ཡིད་ཤེས་རབ་ལ་གོ་འཕོས།རྩལ་ཡེ་ཤེས་སུ་གོ་འཕོས་ནས་དེར་བརྟན་པ་ཐོབ་པ་ཡིན་ཏེ་དཔེར་ན་རྙོག་མ་དྭངས་པའི་ཆུ་ལྟ་བུ་ཡིན་པས་ཤེས་པ་ཤིན་ཏུ་གལ་ཆེ།ལམ་འདི་ངོ་འཕྲོད་ཅིང་འདིའི་ཐོག་ནས་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་མ་རྟོགས་ན་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ་འཕེན་པའི་སྟོབས་ཙམ་ལས་འདི་རང་གིས་རྣམ་མཁྱེན་གྱི་སངས་རྒྱས་མི་ཐོབ་བོ། །དེས་ན་འདི་ཉིད་ངོ་འཕྲོད་པའི་ཚེ་ལུང་མ་བསྟན་དུ་མི་ལུས་པར་རྩེ་གཅིག་ཉམས་སུ་བླངས་ན་མཐར་སོ་སོར་རྟོག་པའི་ཡེ་ཤེས་རྩལ་དུ་འབར་བས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་ཏེ་གདོད་མའི་ཡེ་གཞི་ཆོས་སྐུ་ཀུན་ཏུ་བཟང་པོར་སངས་རྒྱས་པའོ། །གསུམ་པ་ནི།ལྟ་སྒོམ་ནས།རྫོགས༔ ཞེས་པའི་བར་གྱིས་བསྟན་ཏེ།འདི་ལྟ་བུའི་གནས་ལུགས་ཟབ་མོ་འདི་ཚུལ་བཞིན་རྟོགས་ཤིང་མཉམ་བཞག་དང་རྗེས་ཐོབ་ཀྱི་རིམ་པས་ཉམས་སུ་བླངས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་ཡང་གཅིག་ཅར་དུ་རྫོགས་པའི་ཚུལ་ནི།ལྟ་རུ་མེད་པའི་ལྟ྄༷་བ།འཛིན་སྟངས་མེད་པའི་བསྒོམ྄༷་པ།བཅོས་བསྒྱུར་མེད་པ་སྤྱོད྄༷་པའི་མཆོག་སྟེ།དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་རྫོགས།གཞ྄ི༷་ཡེ་གྲོལ་ཆེན་པོ་ལམ྄༷་ངང་བཞག་ཆེན་པོ།འབྲས྄༷་བུ་རང་གྲོལ་ཆེན་པོ་སྟེ་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བ་ཙམ་ཡིན་པས་ན་གཞི་ལམ་འབྲས྄༷་བུའི་ཆོས་གསུམ་རྫོགས།ངོ་བོ་ཀ་ནས་དག་པ་ཆོས་སྐུ།རང་བཞིན་ལྷུན་གྱིས་གྲུབ་པ་ལོངས་སྐུ།ཐུགས་རྗེ་ཀུན་ལ་ཁྱབ་པ་སྤྲུལ་སྐུ་སྟེ་སྐུ་གསུམ་རྫོགས།རང་བྱུང་གི་རིག་པ་ནི་དཀོན་མཆོག་གསུམ་གྱི་ངོ་བོ་ཡིན་པས་གནས་ལུགས་དོན་གྱི་སྐྱབ྄༷ས་འགྲོ་དང་།འཁོར་འདས་མཉམ་པར་སྒྲོལ་བས་ན་དོན་དམ་པའི་སེམ྄༷ས་བསྐྱེད་རྫོགས།མི་འཛིན་པ་སྦྱིན་པ།མི་འཁྲུལ་བ་ཚུལ་ཁྲིམས།མི་འགྱུར་བ་བཟོད་པ།མི་བརྩོན་པ་བརྩོན་འགྲུས།མི་བསྒོམ་པ་བསམ་གཏན།མི་ནོར་བ་ཤེས་རབ་སྟེ་ཕར྄༷་ཕྱིན྄༷་དྲུག྄༷་ཀྱང་གཅིག་ཅར་དུ་རྫོགས་པ་དང྄༷་།ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བླ་མར་བྱེད་པ་དང་།ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་སྙིང་པོ་གཅིག་ཏུ་དྲིལ་ནས་ཡི་དམ་དུ་བསྟེན་པ་དང་།ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་དབྱིངས་ཉིད་ཀུན་ཏུ་བཟང་མོའི་མཁའ་རུ་གཉིས་མེད་དུ་དྲིལ་ཏེ་ལྷུམས་སུ་འཇུག་པ་ཡིན་པས།ལྷ྄༷་དང་སྔག྄༷ས་ཀྱི་ད྄༷ལ་ཏེ་དཀྱིལ་འཁོར་མ྄༷་ལུས྄༷་པ་རྡ྄ོ༷་རྗ྄ེ༷་རྣ྄ོ༷ན་པོར྄༷་ཏེ་བྱར་མེད་རིག་པའི་ངོ་བོར་གཅིག྄༷་དྲིལ྄༷་དུ་རྫོག྄༷ས་པས་ན་གནད་ཟབ་ལ་ཆོད་ཆེ་བ་ཡིན་ནོ། །བཞི་པ་ནི།མ་རིག་ནས།འགྱུར༔ ཞེས་པའི་བར་གྱིས་བསྟན་ཏེ།འཇིགས་རུང་འཁོར་བའི་བཙོན་ཁང་མ྄༷་ར྄ི༷ག་པའི་མུན་པ་འཐིབ་པོའི་ཁྲོད་ན་ལས་དང་ཉོན྄༷་མ྄ོ༷ངས་པའི་བདུད྄༷་ཀྱ྄ི༷་དབང྄༷་དུ་གྱུར྄༷་པས་ཉམ་ཐག་པའ྄ི༷་སེམ྄༷ས་ཅན྄༷་གང་྄༷དག྄༷་གནས་ལུགས་རིག་པའི་རང་ཞལ་མཇལ་བའི་སྐད྄༷་ཅིག྄༷་མ་ནས་ཤེས་རྒྱུད་སྔར་དང་མི་འདྲ་བར་བྱ྄ེ༷་བྲག྄༷་བྱེད྄༷་ཅིང྄༷་ཁྱད་པར་འཕགས་པའི་ཚུལ་ནི་དུས་དེ་ནས་བཟུང་སྟེ་ལམ་དམན་པ་དང་ལམ་ལོག་པ་རུ་མི་ལྡོག་པར་རྣམ྄༷་མཁྱེན྄༷་རྫོག྄༷ས་པའ྄ི༷་སང྄༷ས་རྒྱས྄༷་ཀྱི་ས་ཁོ་ན་མང྄ོ༷ན་དུ་྄༷བྱེད྄༷་པ་དང་།གནས་སྐབས་སུ་འགྲོ་བ་ལྷ྄༷་དང་བཅ྄༷ས་པའི་སྐྱ྄ེ༷་རྒུའ྄ི༷་བས྄ོ༷ད་ན྄༷མས་བསགས་པའི་ཞིང྄༷་ས྄༷་དམ྄༷་པར྄༷་འགྱུར྄༷་བ་ཡིན་ནོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་རྡོ་རྗེ་ནས།གཉིས་པའོ༔ ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ལ་དྲུག་སྟེ།དག་པ་གཞིའི་གནས་ཚུལ།ཐ་སྙད་མིང་གི་འཇུག་སྒོ།མ་དག་འཁོར་བའི་འཁྲུལ་ཚུལ།རྒྱུད་དོན་བདེ་བླག་ཏུ་རྟོགས་ཤིང་མངོན་དུ་གྱུར་ཕྱིར་སྨོན་ལམ་གདབ་པ།ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འདའ་ཀ་མའི་མན་ངག་སོགས་ལ་བསྟེན་པ།རྫོགས་ཆེན་ཐུན་མོང་མ་ཡིན་པའི་ཆོས་ཤན་བྱེད་ཀྱི་འཕྱོངས་བསྟན་པའོ། །དང་པོ་ལ་གཉིས་ཏེ།འཁོར་བའི་འཁྲུལ་སྣང་དོན་མི་གནས་པའི་ཚུལ།མ་འཁྲུལ་པའི་ངོ་བོ་ཡེ་གཞི་སྐུ་དང་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི།འདི་ལྟར་གཟུང་འཛིན་གྱི་རྟོག་པ་ཤར་བ་དེ་ནས་བཟུང་གཞིའི་ཀློང་ལས་མ་གཡོས་བཞིན་འཁོར་འདས་གཉིས་སོ་སོར་སྣང་བའི་ཚུལ་ནི།སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས།རྒྱུ་གཅིག་དབྱེར་མེད་རྩ་བ་དེ། །རང་ངོ་ཡིན་པར་མ་ཤེས་པ། །འདི་ནི་འཁོར་བའི་ཐོག་མའོ། །ཞེས་གསུངས་པའི་ཕྱིར།འཁོར་བའི་ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་བསྡུས་ཏེ་གཏན་ལ་དབབ་པས་མྱུར་དུ་འཁྲུལ་པའི་སྲོག་གཅོད་པར་འགྱུར་བས་ན།འདིར་ཡང་གཟུང་འཛིན་གཉིས་གཏན་ལ་དབབ་པ་ཡིན་ལ།དེ་ཡང་དང་པོ་རགས་པ་ནས་ཞིབ་པར་གཏན་ལ་དབབ་པས་ཤིན་ཏུ་ཕྲ་བའི་གནད་རྟོགས་སླ་བ་ལ་དགོངས་ཏེ་གཟུང་འཛིན་ལ་ཡང་ནང་གསེས་ཕྱི་ནང་གསང་གསུམ་དུ་སྟོན་པ་ལས་སྐབས་འདིར་དང་པོ་ཕྱིའི་གཟུང་འཛིན་གཏན་ལ་དབབ་པ་ལ་གསུམ་སྟེ།འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ།གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ།དེ་དག་སྟོང་པ་ཉིད་གཅིག་ཏུ་འགག་བསྡུ་བའོ། །དང་པོ་ལ་བསྟན་བཤད་གཉིས་ལས།དང་པོ་ནི།སོར་རྟོག་ཤེས་རབ་ནས།བྱེད༔ ཅེས་པའི་བར་གྱིས་བསྟན་ཏེ།སོ་སོར྄༷་རྟོག྄༷་པའི་ཤེས྄༷་རབ྄༷་ཀྱི་རྩལ་ལས་ཤར་བའི་ཡེ་ཤེས་ཀྱི་རྡ྄ོ༷་རྗ྄ེ༷་རྣོན྄༷་པ྄ོ༷་ཡ྄ི༷ས།ངོ་བོ་བད྄༷ག་རྟོག྄༷་ལས་བྱུང་ཞིང་ཐོག་མེད་ནས་གོམས་པའི་བག་ཆགས་བརྟན་ཅིང་ལྷུན་ཆགས་པའི་འཁོར྄༷་བའ྄ི༷་ར྄ི༷་བ྄ོ༷་ལྷག་མེད་དུ་བཅོམ྄༷་པར྄༷་བྱེད྄༵་པའི་ཚུལ་ནི་འདི་ལྟ་སྟེ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ།སྲིད་རྩ་བདག་རྟོག་ངོས་བཟུང་།དེ་སྣང་ཙམ་གྱིས་སྟོང་པར་བསྟན་པའོ། །དང་པོ་ནི།འཁོར་བའི་རྩ་བ་ང་རུ་འཛིན་པ་ཡི༔ ཞེས་གསུངས་ཏེ།དེ་ཡང་འཁ྄ོ༷ར་བར྄༷་འཁྱམས་པའི་྄༷རྩ྄༷་བ྄༷་ནི།གཞིའི་ཀློང་དུ་ང་མེད་ལ་ང་྄༷ར྄ུ༷་འཛ྄ི༷ན་པ་྄༷ཡ྄ེ༵་ཤེས་པ་རྒྱུན་ཆགས་པས་སྣང་སེམས་ཐམས་ཅད་མེད་བཞིན་གློ་བུར་དུ་མཆེད་པ་སྟེ།དེའི་རྒྱུ་མཚན་གང་དུ་ངར་འཛིན་པའི་རྟོག་པ་དེ་ཡོད་ན་སྣང་སེམས་གཉིས་ཀྱང་རང་ཆས་སུ་འབྱུང་བ་ཆོས་ཉིད་དེ།ངར་འཛིན་པ་དེ་མེད་ན་མི་འབྱུང་བའི་ཚུལ་ལུང་རིགས་ཚད་མས་གྲུབ་པའི་ཕྱིར།དེས་ན་ང་མེད་ལ་ངར་འཛིན་པའི་རྟོག་པ་ནི་སྲིད་པའི་རྩ་བ་མི་བསླུ་བར་ངེས་པའོ། །གཉིས་པ་ནི།བྱུང་གནས་ནསཕེབས་པའོ༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ལྟ་བུའི་བདག་དེ་ནི་བྱུང྄༷་གན྄༷ས་འགྲ྄ོ༷་གསུམ྄༷་དང་།མིང྄༷་དང྄༷་དང྄ོ༷ས་པོར྄༷་གཞིག྄༵་པས་སྟོང་བའི་ཚུལ་ནི།དེ་ཡང་སྣང་སྲིད་ཐམས་ཅད་དང་པོ་བདག་ལས་ཤར་བའི་ཕྱིར་བྱུང་བའི་ཡུལ་གཞན་གྱིས་སྟོང་།བར་དུ་བདག་གི་ངང་ལ་གནས་པའི་ཕྱིར་གནས་ཡུལ་གཞན་གྱིས་སྟོང་།ཐ་མ་བདག་དང་མཉམ་དུ་ཡལ་བས་ན་འགྲོ་ཡུལ་གཞན་གྱིས་སྟོང་།དེ་བཞིན་དུ་བདག་གི་མིང་གདགས་པའི་གཞི་མ་གྲུབ་པའི་ཚུལ་ནི།ལུས་སེམས་གཉིས་ལས།ལུས་ལ་བདག་གམ་མིང་མ་གྲུབ་སྟེ།ལུས་ཀྱི་ཆ་ཤས་སོ་སོ་ལ་ཡང་རང་རང་གི་མིང་ལས་བདག་གི་མིང་མི་ཐོགས་ལ།ཡན་ལག་ཕྱོགས་གཅིག་ཏུ་ཚོགས་པ་ལ་ཡང་ཚོགས་པའམ་ལུས་ཞེས་བཏགས་པ་ལས་བདག་གི་མིང་མི་ཐོགས་པས་སོ། །གཞི་རྩ་དང་བྲལ་བའི་སེམས་ལ་ཡང་སེམས་ཀྱི་མིང་ལས་བདག་གི་མིང་མི་ཐོགས་སོ། །དེས་ན་བདག་གི་མིང་གི་གདགས་གཞི་སྟོང་པས་བདག་གམ་མིང་མེད་དོ། །ཡང་ལུས་སེམས་ལས་ཐ་དད་པའི་དངོས་པོར་གྲུབ་པའི་བདག་ཀྱང་མེདདེ།ཡོད་ན་སྣང་རུང་ཡིན་པས་དམིགས་དགོས་པ་ལས་མི་དམིགས་པའི་ཕྱིར།དེས་ན་བདག་དངོས་པོའམ་རྫས་སུ་གྲུབ་པ་མེད་དོ། །མདོར་ན་བདག་ལ་མིང་གི་གདགས་གཞི་མ་གྲུབ་པས་བདག་གམ་མིང་མེད་དེ།བདག་རྫས་སུ་གྲུབ་པ་མེད་པས་གདགས་གཞི་དངོས་པོར་གྲུབ་པ་མེད་དོ། །དེ་མེད་པས་དེ་ལ་བཏགས་པའི་མིང་ཡང་བརྗོད་པ་ཙམ་ལས་མེད་དོ། །དེས་ན་བདག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་སྣང་བ་དང་བཏགས་པ་ཙམ་ལས་དོན་དུ་གྲུབ་པ་མེད་པས་ཡུལ྄༷་མེད྄༷་སྟོང྄༷་པ་྄༷ཉིད྄༷་ད྄ུ༷་ཐག྄༷་ཆོད྄༷་པའ྄ི༵་ཚེ་གང྄༷་ཟག྄༷་གི་བད྄༷ག་འཛིན་བདག་མེད྄༷་དུ་གཏན྄༷་ལ྄༷་ཕེབ྄༷ས་པ྄༷་ཞེས་བྱའ྄ོ༵། །གཉིས་པ་ལ་བཞི་སྟེ།མིང་གི་གདགས་གཞི་བཙལ་བ།དངོས་པོའི་རྟག་འཛིན་བཤིག་པ།ཕན་གནོད་ཀྱི་མཚང་ལ་རྒོལ་བ།རེ་དོགས་ཀྱི་རྫུན་ཕུག་གཏིབ་པའོ། །དང་པོ་ནི།བདག་དང་ནས།ཐག་ཆོད་ནས༔ ཞེས་པའི་བར་གྱིས་བསྟན་ཏེ།ཡུལ་ཅན་བད྄༷ག་དང྄༷་དེའི་ཡུལ྄༷་གྱ྄ི༷་རྣམ་པ་ལྟར་སྣང་བའི་ང་ཡི་བ་ཕུང་པོ་ལྔ་དང་ཡུལ་ལྔ་ལ་སོགས་པ་ལ་མིང྄༷་ག྄ི༷་གད྄༷གས་གཞ྄ི༷་རིག་པས་བཙལ྄༵་བས་མིང་ཐམས་ཅད་ཕན་ཚུན་བརྟེན་ནས་བཏགས་པ་ཙམ་ལས་གདགས་གཞི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་ཡུལ྄༷་མེད྄༷་སྟོང྄༷་པ྄༷་ཉིད྄༷་ད྄ུ༷་ཐག྄༷་གཅོད་པའོ། །གཉིས་པ་ནི།དངོས་པོ་ཐམས་ཅད་ནས།ཐག་གཅོད་བྱ༔ ཞེས་པའི་པར་གྱིས་བསྟན་ཏེ།དེ་ལྟར་ཐག་ཆོད྄༷་ནས྄༵།སྣང་ངོ་ན་དང྄ོ༷ས་པ྄ོ༷་ཐམ྄༷ས་ཅད྄༷་ཡོད་ཡོད་བདེན་བདེན་རྟག་རྟག་ལྟར་སྣང་ཡང་དཔྱད་ན་རགས་པར་སྣང་བ་ཐམས་ཅད་རྡུལ་ཕྲན་དུ་མ་ཕྱོགས་གཅིག་ཏུ་ཚོགས་པ་ལ་བརྟེན་ནས་སྣང་བ་ཙམ་ལས་རགས་པ་གཅིག་བདེན་ངོ་བོ་ཉིད་ཀྱིས་གྲུབ་པ་དང་།རྡུལ་ཕྲན་ཡང་ཕྱོགས་ཆ་འདུས་པ་ལ་བརྟེན་ནས་སྣང་བ་ཙམ་ལས་རྡུལ྄༷་ཕྲན྄༷་གཅིག་བདེན་ངོ་བོ་ཉིད་ཀྱིས་མ་གྲུབ་པས་དོན་ལ་ཆ྄༷་མེད྄༷་པ་སྟེ་སྣང་དུས་ཉིད་ནས྄༵་རང྄༷་བཞ྄ི༷ན་མེད྄༷་པར྄༷་སྟོང྄༷་པའ྄ི༷་ངང྄༷་ཚུལ྄༷་ལ་བརྟག྄༵ས་པས་གང་ལྟར་སྣང་བ་ཐམས་ཅད་འདོད་འཇིགས་གོམས་པའི་ཤེས་པ་བཞིན་མེད་པ་གསལ་སྣང་ཙམ་ལས་མེད་པའི་ཕྱིར།འ྄༷དི་སྣང྄༷་ཕྱ྄ི༷་སྣང྄༷་རྨ྄ི༷་ལམ྄༷་གྱི་ངོར་སྣང་བའི་སྣང྄༷་བ་སྣོད་ཀྱི་འཇིག་རྟེན།སྲིད྄༷་པ་བཅུད་ཀྱི་སེམས་ཅན།འདོད་ཡོན་ལྔའི་ཆོས྄༵་སོ་ཅོག་ཐམས་ཅད་ཡུལ྄༷་མེད྄༷་སྟོང྄༷་པའ྄ི༷་དབྱིང྄༷ས་ས྄ུ༷་ཐག྄༷་ཆོད྄༷་པར་བྱ྄༵འོ། །སྐབས་འདི་ལས་འཕྲོས་ཏེ་ཆོས་ཐམས་ཅད་འཁྲུལ་ངོར་སྣང་ཙམ་མ་ཡིན་པར་དོན་དུ་བདེན་གྲུབ་ཏུ་ཡོད་ན།མི་ཆོད་པ།མི་ཤིགས་པ།བདེན་པ།སྲ་བ།བརྟན་པ།ཐམས་ཅད་དུ་ཐོགས་པ་མེད་པ།ཐམས་ཅད་དུ་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་ངེས་པར་ཚང་དགོས་ན་དེ་རྣམས་ལས་གཅིག་ཙམ་ཡང་མེད་པ་ནི།རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་སྣང་ཙམ་ལས་དོན་དུ་མ་གྲུབ་པའི་རྟགས་སྟོན་པའོ། །ནམ་མཁའ་ལ་ཆོས་དེ་དག་ཚང་བར་གསུངས་པ་ནི་སྟོང་པ་མཚན་མར་མ་གྲུབ་པའི་གནད་ཀྱིས་ཡིན་ལ།དེས་མཚོན་ནས་ཆོས་ཉིད་འཕོ་འགྱུར་མེད་པའི་གནས་ལུགས་རྟོགས་དགོས་པ་ལས།ནམ་མཁའ་རྟག་བདེན་དང་འབྱུང་བ་དང་འབྱུང་འགྱུར་གཞན་རྟག་བདེན་མིན་པར་ཤེས་པའི་ཆེད་དུ་བསྟན་པ་མིན་ནོ། །ཡང་མཚན་སྣང་གི་སྐབས་སུ་ཉིན་སྣང་ཤུལ་དུ་ལུས་པར་སེམས་པའི་ལོག་རྟོག་བཟློག་པའི་རིག་པའི་སྒོ་མང་དུ་བསྟན་པ་ཐམས་ཅད་བསྡུ་ན་འཁྲུལ་པའི་སྣང་ཚུལ་དབང་བཙན་དུ་བྱས་ན།ཉིན་སྣང་ཤུལ་དུ་ལུས་པར་འདོད་དེ།འཁྲུལ་པའི་གང་ཟག་ལ་མངོན་སུམ་མི་བསླུ་བ་ལྟར་སྣང་བ་ཡིན་པའི་ཕྱིར།ཐ་སྙད་གནས་ཚུལ་དབང་བཙན་དུ་བྱས་ན།ཤུལ་དུ་ལུས་པ་ལ་ཐ་སྙད་ཚད་མས་གནོད་ཅིང་།ཉིད་སྣང་ཐམས་ཅད་ཞིག་ནས་མཚན་སྣང་གསར་དུ་མཆེད་པ་དེ་རིག་པ་ཚད་མས་གྲུབ་པའི་ཕྱིར།ཤུལ་དུ་མ་ལུས་པ་དེ་མི་རྫུན་པར་ངེས་པ་སྟེ།དེས་ན་མདོ་ཏིང་འཛིན་རྒྱལ་པོ་ལས།མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བགྱི། །ཞེས་གསུངས་པ་ལྟར།སོ་སྐྱེ་བྱིས་པས་མཐོང་བ་ཚད་མ་མ་ཡིན་པར་འཁྲུལ་པ་ཡིན་པའི་ཕྱིར།དེ་བཟློག་ནས་ཐ་སྙད་ཀུན་རྫོབ་ཀྱི་གནས་ཚུལ་མ་ནོར་བ་སྟོན་པ་སྟེ་འདི་འདྲའི་རིགས་ཐམས་ཅད་ལ་འདི་ལྟ་བུས་མཚོན་ནས་ཤན་འབྱེད་པ་མེད་ན་ཐེ་ཚོམ་གྱི་མདུད་པ་གྲོལ་དཀའོ་སྙམ།གསུམ་པ་ནི།ལས་འབྲས་ནས།གཅོད༔ ཅེས་གསུངས་ཏེ།ཆོས་དབྱིངས་ནམ་མཁའ་རྣམ་དག་གི་རང་བཞིན་ལ།ལ྄༷ས་འབྲ྄༷ས་དག྄ེ༷་སྡིག྄༷་དང་།ལྷ྄༷་འདྲེས྄༷་ཕན྄༷་གནོད྄༷་ཀྱི་ཚུལ་ལ་བརྟགས་པ྄༵་ན།སྒོ་གསུམ་གྱིས་དགེ་སྡིག་གང་བསགས་པ་ཐམས་ཅད་གནས་ཡུལ་གང་དུའང་མ་མཆིས་ཤིང་།ཐམས་ཅད་ཅང་མེད་སྟོང་པ་ཡུལ྄༷་མེད྄༷་ཟང་྄༷ཐལ྄༷་གྱི་ངང྄༷་ད྄ུ༷་སོང་བ་ལས་མེད་ན།རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་ཐམས་ཅད་ལས་བྱེད་པ་དང་འབྲས་བུ་མྱོང་བའི་སྣང་བ་ཙམ་ལས་མེད་པ་དང་།སེམས་སམ་ལུས་ལ་ཕན་གནོད་དུ་སེམས་ན་ཡང་ཡུལ་དང་ཡུལ་ཅན་གཉིས་ཆར་རྨི་ལམ་ལྟར་དོན་དུ་གྲུབ་པ་མེད་པའི་ཕྱིར་དགེ་སྡིག་ཐམས་ཅད་སེམས་ཀྱི་བྱེད་ལས་དང་།བདེ་སྡུག་ཐམས་ཅད་ཉམས་སུ་སྣང་བ་ཙམ་ལས་ལས་དང་བདེ་སྡུག་ཐམས་ཅད་གཟུགས་དང་དངོས་པོ་རང་མཚན་པ་མེད་པར་ཐག྄༷་ཀྱང྄༷་གཅོད྄༵་པ་སྟེ།ཀྱང་སྒྲས་དགེ་སྡིག་དང་ལྷ་འདྲེའི་ཕན་གནོད་ཀྱི་ཆོས་གཉིས་ཆར་གཞི་སྟོང་ཉིད་གཅིག་གི་རང་བཞིན་དུ་སྡུད་པའོ། །དེ་ཡང་འཁྲུལ་སྣང་འདི་དབྱིངས་སུ་མ་ནུབ་ཀྱི་བར་དུ་དཀར་ནག་གི་ལས་ཆེ་ཕྲ་གང་བྱས་ཀྱང་རང་རང་གི་རྣམ་སྨིན་མ་ཟད་ཀྱི་བར་དུ་འཁོར་བའི་གནས་འདིར་སྐྱེ་བའི་སྣོན་པར་འགྱུར་བ་ལས་གཏན་གྱི་བདེ་བ་ཐོབ་པར་མི་འགྱུར་ངེས་པའོ། །འདི་ལྟར་དགེ་བ་གཏན་ལ་དབབ་དགོས་པའི་རྒྱུ་མཚན་ནི།ཐར་པ་དང་རྣམ་མཁྱེན་གྱིི་གོ་འཕང་ཐོབ་པར་བྱེད་པའི་ལམ་གྱི་གཙོ་བོ་ནི་ཤེས་རབ་སྟེ།ཞི་བ་ལྷས།ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག།ཞི་བར་འདོད་པས་ཤེས་རབ་སྐྱེད།ཅེས་གསུངས་པ་ལྟར་ཡིན་ཀྱང་།གང་ཟག་བློ་རྨོངས་པ་མྱོང་ཞེན་ལ་དགའ་བ་རྣམས་སྟོང་ཉིད་བསྒོམ་ཚེ་ཡིད་ལ་མྱོང་ཞེན་མ་གྲུབ་པའི་དབང་གིས་ཡིད་ཆེས་དང་བློ་གཏད་མེད་པར་གྱུར་ནས་འདི་ལ་བྱ་རྩོལ་དང་བཅས་བཅོས་མེད་པས་འདི་ཡིས་མི་ཚེ་སྟོང་ཟད་དུ་འགྱུར་རོ་སྙམ་ནས་ཕྱག་བསྐོར་སོགས་ལ་བརྩོན་པའི་ཚེ་ཡང་སྒོམ་འདི་ལྷག་པར་ཤེས་པའི་ཆེད་དང་།གཞན་ཡང་སྒོམ་ཆེན་དུ་རློམས་ཀྱང་སྒོམ་པའི་ངོ་བོ་ལྟ་བ་ལྐོག་ཏུ་གྱུར་ནས་སེམས་གསལ་སྟོང་ཙམ་བསྒོམ་པ་དང་།ལུས་ངག་གི་དགེ་སྦྱོར་ཁོ་ནས་མི་ཚེ་འདའ་བ་རྣམས་ཀྱི་རྗེས་སུ་མི་འབྲང་བར།ལྟ་སྒོམ་ཟུང་དུ་འབྲེལ་ནས་ཉམས་སུ་ལེན་ཤེས་པའི་ཆེད་དུ་བསྟན་པའོ། །སྡིག་པ་གཏན་ལ་དབབ་པས་སྒྲིབ་པ་ཐམས་ཅད་ཀྱི་ངོ་བོ་ནི་རང་ངོ་རང་གིས་མ་རིག་པ་ཡིན་པས།དེ་གནས་ལུགས་རིག་པའི་རང་ཞལ་སྐྱོང་བ་ལས་ལུས་ངག་གི་དགེ་སྦྱོར་ཙམ་གྱིས་སྦྱོང་མི་ནུས་པར་ཤེས་ནས་ཡང་དག་པའི་ལམ་ལ་ཡིད་ཆེས་ཤིང་བྱ་བ་དགུ་སྤྲུགས་སུ་བཏང་ནས་འཆི་མཐར་ཐུག་གི་བར་དུ་བརྩོན་པའི་དགོས་པ་ཡོད་དོ། །སྐྱོབ་བྱེད་ལྷ་དང་གནོད་བྱེད་འདྲེ་གདོན་ལ་བརྟགས་ན།ཡུལ་འབྱུང་ལྔ།རི་བྲག་རྩིག་པ་ཁང་ཁྱིམ་སོགས་ནི།དང་པོ་ལྷ་འདྲེ་འབྱུང་བའི་ཁུངས་སུ་མ་གྲུབ།བར་དུ་གནས་པའི་རྟེན་དུ་མ་གྲུབ།ཐ་མ་འགྲོ་བའི་ཡུལ་དུ་མ་གྲུབ་སྟེ་ཅིིའི་ཕྱིར་ཞེ་ན།དེ་ཐམས་ཅད་རང་སྣང་འཁྲུལ་པ་རྨི་ལམ་གྱི་ཡུལ་སྣང་ལྟར་དོན་ལ་མ་གྲུབ་པའི་ཕྱིར་རོ། །ལྷ་འདྲེ་དངོས་ཅན་དུ་མ་གྲུབ་སྟེ།གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་དུ་མགྲུབ་པས་སོ། །ཡང་ཐ་སྙད་ཀུན་རྫོབ་ཏུ་རང་ལས་རྒྱུད་ཐ་དད་པའི་ལྷ་འདྲེ་ཞིག་ཡོད་ངེས་ཀྱང།དེས་ཕན་གནོད་བྱེད་པ་མི་སྲིད་དེ།གཟུགས་ཅན་གྱིས་གཟུགས་ཅན་ལ་ཕན་གནོད་བྱེད་པ་མིན་ཏེ།གཟུགས་ཅན་ཡིན་ན་དམིགས་དགོས་པ་ལས།མི་དམིགས་པའི་ཕྱིར་གཟུགས་མེད་པས་གཟུགས་ཅན་ལ་མ་ཡིན་ཏེ།རི་བོང་གི་རྭས་ཕུག་པའི་རྨ་བཞིན་ནོ། །མདོར་ན་གཟུགས་གཟུགས་མེད་གཉིས་གང་ལྟར་ཡང་སྣང་ན་རང་སྣང་ལས་གཞན་མིན་པ་ལུང་རིགས་ཀྱིས་གྲུབ་པ་ལ་དགོངས་པའོ། །སྤྱིར་ལྷ་འདྲེ་ལ་ནང་གསེས་དབྱེ་བ་མང་དུ་གསུངས་ཀྱང་སྐབས་འདིའི་ལྷ་ནི་འདས་མ་འདས་གཉིས་ལས་མ་འདས་པའི་ཚུལ་དུ་བཞུགས་པ་རྣམས་དང་འདྲེ་ནི་འཇིག་རྟེན་འཁོར་བའི་ལྷ་འདྲེ་རྣམས་ཡིན་ནོ། །དེས་ན་ལྷ་འདྲེ་དང་དེས་ཕན་གནོད་དུ་སེམས་པ་ཐམས་ཅད་སེམས་ཅན་སོ་སོའི་འཁྲུལ་སྣང་ཉམས་ཀྱི་རྫུན་རིས་དང་ཡུལ་མེད་སྟོང་པའི་རོལ་པར་ཐག་གཅོད་པའོ། །འདི་ལྟར་གཏན་ལ་མ་དབབ་ན་ངར་འཛིན་གྱི་ཕུང་པོ་གྲུབ་ཙམ་ནས་འགྲོ་དྲུག་གི་སྣང་བ་རྒྱུན་མི་ཆད་པས་འབྱུང་བ་བཞིན་དུ་བལྟ་བྱ་ལྟ་བྱེད་བསྒོམ་བྱ་སྒོམ་བྱེད་གཏད་པ་བསྲེ་བ་ནང་དུ་བཀུག་པ་ལ་སོགས་པའི་སེམས་འཛིན་ཞུགས་ཕན་ཆད་ཕྱི་ནང་གསང་གསུམ་གྱི་ལྷོང་རྣམས་ངེས་པར་འབྱུང་སྲིད་པས།དེ་ལ་འདྲེ་གདོན་དུ་བཟུང་བས་ཡང་དག་པའི་ལམ་ལས་ལྡོག་སྟེ་གོལ་སར་འཕྱན་པ་དང་།བསྐྱེད་རིམ་གྱི་ལྷ་བསྒོམ་པ་རང་རྒྱུད་དུ་གོལ་བ་འདྲེར་འཛིན་གྱི་རྟོག་པའི་འདྲེ་བཙན་ཐབས་སུ་བཟོས་ཏེ་སྲོག་གི་བདུད་དུ་གྱུར་པ།ལྷ་ལ་རེ་བ།འདྲེ་ལ་དོགས་པ།རྣམ་རྟོག་དགྲ་རུ་ལངས་པས་ན་ཚ་དང་བདེ་སྡུག་རྒྱུན་མི་ཆད་པར་འབྱུང་བས།ལྷ་འདྲེ་ཐམས་ཅད་རང་སྣང་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པ་ནི།གཅོད་ཀྱི་ངོ་བོ་ལྷ་དང་འདྲེར་འཛིན་གྱི་རྣམ་པར་རྟོག་པ་གཅོད་པའི་གདམས་པ་ཟབ་ཁྱད་ཅན་ཡིན་པས་ཁྱད་པར་གཅོད་ཡུལ་ཉམས་སུ་ལེན་པ་རྣམས་ལ་མེད་དུ་མི་རུང་བ་ཡིན་ནོ། །བཞི་པ་ནི།སངས་རྒྱས་དང་ནི་ནས།ཤེས་པར་གྱིས༔ ཞེས་གསུངས་ཏེ།རིགས་པས་བརྟགས་ན་གཞི་རྩ་དང་བྲལ་བའི་ཕྱིར།རེ་ཡུལ་དག་པ་སང྄༷ས་རྒྱས྄༷་དང྄༷་ན྄ི༷་སང྄༷ས་རྒྱས྄༷་ཀྱི་ཞིང྄༷་གི་བཀ྄ོ༷ད་པ྄༵་རྒྱ་ཆེ་ཞིང་གྲངས་མང་བ་བཀོད་ལེགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་རྣམས་སེམས་ཅན་སོ་སོའི་རང་སྣང་གིས་བསྡུས་པ་ལས་གཞན་དུ་བལྟ་བར་མི་བྱ་སྟེ།ཉེ་བའི་སྙིང་པོའི་རྒྱུད་ལས།སངས་རྒྱས་ཡུལ་དུ་བསྟན་པ་འཁྲུལ་པའི་ལམ། །ཞེས་དང་།རྒྱུད་བླ་མ་ལས།ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དེ་ཡང་ཡེ་གཞི་བདེ་གཤེགས་སྙིང་པོ་ལས་མི་གཞན་པའི་གནད་ཀྱིས་གདུལ་བྱ་སོ་སོའི་ངར་འཛིན་པའི་ཆུ་སྣོད་དུ་གང་ལ་གང་འདུལ་དུ་ཟླ་གཟུགས་ལྟར་སྣང་བའོ། །དེ་བཞིན་དུ་ཡུལ་མ་དག་པ་ཁ྄༷མས་གསུམ྄༷་འཁོར྄༷་བ྄༷འི་སྣང྄༷་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།གཡོ་བ་བཅུད་ཀྱི་སེམ྄༷ས་ཅན་གྲངས་མང་བ།འདོད་ཡོན་ལྔའི་ཡུལ྄༷་སྣང་བཀོད་ལེགས་པ་དང྄༷་བཅ྄༵ས་པ་ཐམས་ཅད་རང་སྣང་འཁྲུལ་པ་རྨི་ལམ་ཙམ་སྟེ།སྤྱོད་འཇུག་ལས།ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་རིགས་པས་བརྟག་ན།དང་པོ་བྱུང྄༷་བའི་ཁུངས།བར་དུ་གནས྄༷་པའི་ས།ཐ་མ་འགྲ྄ོ༷་བའི་ཡུལ་གསུམ྄༷་མ་མཆིས་ཤིང་།བརྟེན་པར་བྱེད་པའི་གཞ྄ི༷་དང྄༷་།སྐྱེད་པར་བྱེད་པའི་རྩ྄༷་བ྄༷་བཅ྄༵ད་པས་གཟུགས་བརྙན་ལྟ་བུ་སྟེ།དེས་ན་རང་སེམས་འཁྲུལ་པ་ལས་གཞན་པའི་ཡུལ་རང་རྒྱུད་པ་མ་མཆིས་པས་ཐམས྄༷་ཅད྄༷་ཡུལ྄༷་མེད྄༷་སྟོང྄༷་པ྄༷་ཉ྄ི༷ད་ཀྱ྄ི༷་ང྄༵ང་དུ་རོ་གཅིག་པའི་ཚུལ་ལ་ཁ྄༷་ཙམ྄༷་མིན྄༷་པར྄༷་དོན྄༷་གྱ྄ི༷་སྟེང་ནས྄༷་ཐེ་ཚོམ་བྲལ་བའི་ངེས་ཤེས྄༷་རྙེད་པར྄༷་གྱིས྄༷་ཤིག་ཅེས་གདམས་པའོ། །གསུམ་པ་ཐམས་ཅད་སྟོང་པ་ཉིད་དུ་འགག་བསྡུ་བ་ལ།མདོར་བསྟན་རྒྱས་བཤད་གཉིས་ལས།དང་པོ་ནི།སྟོང་ཆེན་ནམ་མཁའ་འཁོར་བའི་སྣང་གཞིར་གྲུབ༔ ཅེས་གསུངས་ཏེ།ད་ལྟ་རང་རེ་རྣམས་ལ་ཉིན་མཚན་བར་དོ་གསུམ་གྱི་སྐབས་སུ་སྣང་བའི་སྟོང྄༷་ཆེན྄༷་ནམ྄༷་མཁ྄༷འ་འདིའི་གནས་ལུགས་ཇི་བཞིན་རྟོགས་ཤིང་ཤེས་པ་ལས་གཞན་པའི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡོད་པར་མི་སེམས་ཏེ།གནད་འདི་ལ་དགོངས་ནས།མ་ཅིག་གིས།སངས་རྒྱས་སེམས་ཡིན་སེམས་ནམ་མཁའ་ཡིན།ཞེས་དང་།གྲུབ་ཐོབ་རྦ་སྒོམ་པས།ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས་ཤིག།དེ་གཏད་མེད་དུ་རྟོགས་ན་སྒོམ་མེད་ཀྱི་གཟེར་ཆེན་ཐེབས་པའོ། །ཞེས་གསུངས་སོ། །དེས་ན་སེམས་ཉིད་ལས་གཞན་པའི་སངས་རྒྱས་དང་།ནམ་མཁའ་ལས་གཞན་པའི་སེམས་ཉིད་ཡོད་པར་མི་འདོད་པས་ནམ་མཁའ་འདི་མ་རྟོགས་པའི་ཚེ་ན་འཁ྄ོ༷ར་བ྄༷འི་སྣང྄༷་གཞིིར྄༷་ཡང་གྲུབ྄༵་པ་ཡིན་ནོ། །གཉིས་པ་ལ་གསུམ།རྟོགས་བྱ་ཆོས་དབྱིངས་ངོས་བཟུང་།དེ་དང་རྗེས་སུ་མཐུན་པར་སྐྱེས་པའི་ཡུལ་ཅན་གྱི་ཡེ་ཤེས་དང་།གེགས་སེལ་བོགས་འདོན་གྱི་མན་ངག་བསྟན་པའོ། །དང་པོ་ནི།ཐམས་ཅད་ཡུལ་མེད་ནས།བདེ་གཤེགས་སྙིང་པོ་ལགས༔ ཞེས་གསུངས་ཏེ།དེ་ལྟར་ཆོས་ཐམ྄༷ས་ཅད྄༷་ཀྱི་ངོ་བོ་སྟོང་པ་ཡུལ྄༷་མེད྄༷་ནམ྄༷་མཁ྄༷འི་ཁོར྄༷་ཡུག྄༷་ཏ྄ུ༵་ཐག྄༷་བཅ྄༷ད་པས་ནམ྄༷་མཁ྄༷འ་འདི་ཉིད་འཁོར་འདས་ཀུན྄༷་གྱ྄ི༷་འཆར་གཞ྄ི༷་ར྄ུ༷་གྲ྄ུ༵བ་པ་དང་།ནམ་མཁའི་ངོ་བོ་ཡང་སྐྱོན་ཡོན་མེད་པའི་བེམ་སྟོང་མ་ཡིན་པར་གདོད་ནས་སྐྱོན་དང་དྲི་མ་རྣམ་པར་དག་ཅིང་འོད་གསལ་བའི་བདག་ཉིད་ཅན་དུ་གྲུབ་པ་གནས་ལུགས་དོན་གྱི་སངས་རྒྱས་ཏེ་གཞི་ཡི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ཞེས་གསུངས་པ་ལགས་ཏེ།བརྟགས་གཉིས་ལས།སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ།སེམས་ཅན་གྱི་སེམས་ཀྱི་ངོ་བོ་སངས་རྒྱས་ཡིན་དུ་ཆུག་ཀྱང་།སེམས་ཉིད་དང་ནམ་མཁའ་གཅིག་མ་ཡིན་ཏེ།མདོ་རྒྱུད་ཐམས་ཅད་ནས་སེམས་ནི་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུའོ། །ཞེས་མཚོན་བྱ་དང་མཚོན་བྱེད་ཐ་དད་དུ་བསྟན་པའི་ཕྱིར་ཞེ་ན།དེ་ནི་ཐ་སྙད་སྣང་ཚུལ་དང་སྐབས་འདིར་ནི་ཐ་སྙད་གནས་ཚུལ་གཙོ་བོར་བྱས་ནས་གསུངས་པའི་ཕྱིར་མི་འགལ་ལོ། །མདོར་ན་སྣང་བ་ཐམས་ཅད་རང་སྣང་དུ་འདོད་ཕྱིན་ཆད།དེ་དག་གི་སྣང་གཞི་ནམ་མཁའ་ལས་གཞན་མི་རྙེད་པས་ནམ་མཁའ་ཡང་སེམས་ཉིད་དང་གཉིས་མེད་དུ་འདོད་པ་ལས་འོས་མེད་དོ། །གཉིས་པ་ནི།དེས་ན་ཐམས་ཅད་ནས།ཕེབས༔ ཞེས་གསུངས་ཏེ།རྒྱུ་མཚན་དེས྄༷་ན྄༷་ཆོས་ཅན་ཐམ྄༷ས་ཅད྄༷་ཀྱི་ངོ་བོ།ཆོས་ཉིད་སྟོང྄༷་པ྄༷་ནམ་མཁའི་རང་བཞིན་ཉིད྄༷་དུ་྄༷རྟོག྄༷ས་པའི་ངེས་ཤེས་རྒྱུན་ཆགས་བད྄༷ག་མེད྄༷་རྟོགས་པའི་ཤེས྄༷་རིག྄༷་རྡ྄ོ༷་རྗ྄ེ༷་རྣོན྄༷་པ྄ོ༷་ཉིད྄༷་དང་།ནམ་མཁའ་དེའི་རང་བཞིན་ཀུན་གཟིགས་ཤེས་རབ་ཆེན་པོས་མང྄ོ༷ན་སུམ་དུ་གྱུར྄༷་པ་ནི་ཆོས་སྐུ་གཞ྄ི༷ར་གན྄༷ས་ཀྱི་རིག྄༷་པ྄༷་ཚད྄༷་ད྄ུ༷་ཕེབ྄༷ས་པ་སྟེ།རིག་པའི་དཔྱད་དོན་མཐར་ཐུག་པས་དེ་ལས་བོགས་དབྱུང་དུ་མེད་པ་ཤེས་པའི་དོན་ནོ། །གསུམ་པ་ནི།དེ་མཐར་ནས།རྫུན་ཕུག་རྡིབ༔ ཅེས་གསུངས་ཏེ།ད྄ེ༷་ལྟར་ལྟ་བའི་དཔྱད་པ་མཐ྄༷ར་ཕྱིན་པའི་གང་ཟག་གིས་ར྄ེ༷་དོག྄༷ས་འཛ྄ི༷ན་ཞེན྄༷་གྱི་རྫུན་ཕུག྄༷་མངོན་སུམ་དུ་རྡིབ྄༷་པ་དང་།སྐྱོན་དང་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ལུས་ལ་གཅེས་པར་འཛིན་པའི་འཁྲི་བ་བཙན་ཐབས་སུ་གཅོད་པའི་ཕྱིར྄༷།སྒ྄ོ༷་གསུམ྄༷་རྡ྄ོ༷་རྗ྄ེ༷་གསུམ྄༷་གྱི་རང་བཞིན་ད྄ུ༷་ཡེ་ནས་གནས་ཤིང་སྣོད་བཅུད་རང་སྣང་ལས་མི་གཞན་པའི་ཚུལ་གས྄༷ལ་བཏབ་ནས་ཆིངས་ཆེན་གསུམ་ནི་སྔ་ནོན།བར་ནོན།ཕྱི་ནོན་གསུམ་སྟེ།ཟབ་དོན་གཅོད་ཀྱ྄ི༷་མན྄༷་ངག྄༷་གི་གན྄༷ད་དང་ལྡན་པས྄༷་ལུས་ལ་རོ། །རིག་པ་ལ་རོ་ཁུར།གཅེས་འཛིན་ལ་ཁུར་ཐག།གཉན྄༷་སའི་ཁྲ྄ོ༷ད་ལ་དུར་ཁྲོད་དང་།ལྷ་འདྲེ་ལ་བྱ་རྒོད་ཀྱི་འདུ་ཤེས་བཞག་ནས།ཕྱི་ན་འདྲེ་མེད་ཀྱང་།ནང་འདྲེར་འཛིན་གྱི་རྣམ་པར་རྟོག་པ་བཙན་ཐབས་སུ་སློང་བའི་ཕྱིར་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་རི་བྲག་དུར་ཁྲོད་ཁང་སྟོང་བྲག་ཕུག་ཆུ་མཚོ་སོགས་ངེས྄༷་མེད྄༷་ཀྱི་གནས་དག྄༷་ཏ྄ུ༷་གྲོགས་མེད་གཅིག་པུར་རྒྱ྄ུ༷་བར་བྱས྄༷་ནས྄༷་སྟོང་ཉིད་དང་སྙིང་རྗེས་རྩིས་ཟིན་པའི་གཅ྄ེ༷ས་འཛིན྄༷་ལུས྄༷་ཀྱ྄ི༷་མཆ྄ོ༷ད་སྦྱིན྄༷་མཆ྄ོ༷ག་ཏ྄ུ༷་སྟེ་གཙོ་བོར་བྱས྄༷་པ་ད྄ེ༷་དག་གི་མཐུ་ཡིས྄༷།སློང་དང་།ཆོ་འཕྲུལ།ཚར་ཚད།ཆོད་ཚད་ཀྱི་རིམ་པས་འཁོར་འདས་རང་སྣང་དུ་རྟོགས་ནས་ར྄ེ༷་ད྄༷ང་དོག྄༷ས་པའ྄ི༷་རྫུན྄༷་ཕུག྄༷་རྡ྄ི༷བ་སྟེ་བདུད་བཞི་མ་སྤངས་རང་སར་གྲོལ་པར་གྱུར་བའོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་རྡོ་རྗེ་རྣོན་པོ་ནས།ཆོས་སྐུ་མངོན་དུ་བྱེད་པའི་སྐབས་ཏེ་གསུམ་པའོ༔ ༈གཉིས་པ་མ་འཁྲུལ་པའི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་མཚན་ཉིད་བཤད་པ་ལ།བསྟན་བཤད་གཉིས་ལས།དང་པོ་ནི།སྣང་སྲིད་ནས།གྲུབ༔ ཅེས་གསུངས་ཏེ།དེ་ལྟར་སྣང྄༷་སྲིད྄༷་ཀུན྄༷་གྱ྄ི༷་ང྄ོ༷་བ྄ོ༷་སྟོང྄༷་པ྄༷་ཉིད྄༷་དུ་རིག་པས་ཐག་ཆོད་ཅིང་།སྟོང྄༷་ཆེན྄༷་དེ་ཉིད་ལ྄༷མ་གྱ྄ི༷་ང྄ོ༷་བ྄ོ༷ར་ཡེ་གདོད་མ་ནས་ལྷུན྄༷་གྱིས྄༷་གྲུབ྄༵་པ་སྟེ་གནས་ལུགས་རང་ཐོག་ཏུ་གཉིད་སད་པའམ་ནམ་ལངས་པ་ལྟ་བུ་ལས་འབད་རྩོལ་གྱིས་བཅོས་བསྒྱུར་མེད་པའོ། །གཉིས་པ་ལ་གསུམ་སྟེ།གནས་པ་གཞིའི་རྫོགས་ཆེན།རྟོགས་པ་ལམ་གྱི་རྫོགས་ཆེན།མངོན་གྱུར་འབྲས་བུའི་རྫོགས་ཆེན་ནོ། །དང་པོ་ལ་གསུམ་སྟེ།གཞིའི་མཚན་ཉིད་དངོས།ཐབས་ཤེས་ཀྱི་གྱེས་མདོ།དེ་དག་གི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི།ངོ་བོ་ཆོས་སྐུ་ནས།སྒོ་གསུམ་ལྡན༔ ཞེས་གསུངས་ཏེ།ཤེས་བྱའི་ཆོས་ཐམས་ཅད་ཀྱི་ང྄ོ༷་བ྄ོ༷་ཆོས྄༷་སྐ྄ུ༷་བད྄ེ༷་བར་གཤེག྄༷ས་པའི་སྙིང྄༷་པ྄ོ༷་ན྄ི༵་འཁོར྄༷་འདས྄༷་གཉ྄ི༷ས་ཀྱ྄ི༷་སྐྱོན་ཡོན་གྱིས྄༷་བཅོས྄༷་པ་དང྄༷་།བསྒྱུར྄༷་ད྄ུ༷་མེད྄༵་པ་སྤྲོས྄༷་པ྄༷འི་མཐའ྄༷་བརྒྱད་དང་བྲལ྄༷་བ།རྣམ྄༷་པར་ཐར྄༷་པའི་སྒ྄ོ༷་གསུམ྄༷་དང་ལྡན྄༷་པ།སྐ྄ུ༷་ལྔ྄༷་རིགས྄༷་ལྔ྄༷་ཡ྄ེ༵་ཤེས྄༵་རྣམ྄༷་ལྔ་྄༵དང྄༵་སོགས་ཏེ་བཞིའི་བདག་ཉིད་ཅན་དུ་ཡེ་ནས་གནས་པའོ། །དང་པོ་ནི།གཞི་བདེ་གཤེགས་སྙིང་པོ་འདི་ལ་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕན་མ་བཏགས་མི་བཏགས་ཐོགས་པར་མི་འགྱུར་ཏེ།དེ་ཡང་ཡུལ་མེད་པའི་ཕྱིར་རོ། །གཉིས་པ་ནི།གཞི་བདེ་གཤེགས་སྙིང་པོ་འདི་ཐོག་ཐ་བར་གསུམ་དུ་མ་སྐྱེས་ཤིང་མི་སྐྱེ་སྐྱེ་བར་མི་འགྱུར་བའི་ཕྱིར་ན་སྐྱེ་བའི་མཐའ་དང་བྲལ་བ།ནམ་ཡང་མེད་དུ་མི་འགྲོ་བའི་ཕྱིར་ན་འགགས་པའི་མཐའ་དང་བྲལ་བ།ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་བ་རྒྱལ་བའི་སྤྱན་གྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བའི་ཕྱིར་རྟག་པའི་མཐའ་དངབྲལ་བ།མེད་པ་ཅང་མེད་ཀྱི་ཕྱོགས་སུ་མ་ལྷུང་བ་འཁོར་འདས་གཉིས་ཀྱི་གཞི་རུ་གྲུབ་པའི་ཕྱིར་ཆད་པའི་མཐའ་དང་བྲལ་བ།དང་པོ་འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ།དུས་གསུམ་དུ་འགྲོ་བའི་ཡུལ་དང་བདག་པོ་ལས་འདས་པའི་ཕྱིར་འགྲོ་བའི་མཐའ་དང་བྲལ་བ།འཁོར་འདས་ངོ་བོ་ཉིད་དུ་རོ་གཅིག་པས་ན་ཐ་དད་པའི་མཐའ་དང་བྲལ་བའོ། །གསུམ་པ་ནི།ཕྱོགས་གང་དུ་མ་ངེས་མཐའ་གང་དུའང་མ་ལྷུང་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།ཚིག་དཔེ་དོན་གསུམ་གྱིས་མི་མཚོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ།རང་ལ་རང་གདིང་ཐོབ་ནས་གྲོལ་བ་ཐོབ་པ་ལས་རྒྱུ་གཞན་སྟོབས་ཀྱིས་འབྲས་བུ་གཞན་ཡུལ་དུ་འགྲོ་བ་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་ན་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །བཞི་པ་ལ་ནང་གསེས་བཞི་ལས།དང་པོ་སྐུ་ལྔ་ནི།འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་གཤེགས་སྙིང་པོའི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ཆོས།དེ་ཡང་སྣང་ངོས་ནས་ཕན་ཚུན་མ་འདྲེས་པར་ཚོགས་པའམ་སྤུངས་པ་ལྟ་བུར་ཡོད་པས་ན་སྐུའོ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་པས་ན་ལོངས་སྤྱོད་རྫོགས་སྐུ།ངང་ལས་མ་གཡོས་ཤིང་མ་སྤྲུལ།ཉིད་ལས་མི་གཞན་པར་སྤྲུལ་པ་སྣ་ཚོགས་པ་རང་ཆས་སུ་ཡོད་པས་ན་སྤྲུལ་སྐུའོ། །སྐུ་གསུམ་ངོ་བོ་ཉིད་དུ་རོ་གཅིག་ཅིང་རང་བྱུང་བས་ན་ངོ་བོ་ཉིད་སྐུ།དུས་གསུམ་འཕོ་འགྱུར་མེད་པས་མི་འགྱུར།ཉོན་མོངས་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ།ཡུལ་དང་རྐྱེན་རྣམས་ཀྱིས་མི་ཤིགས་པ།རང་ངོ་ཀ་ནས་དག་པས་བདེན་པ།སྐྱོན་ཡོན་བཟང་ངན་གྱིས་ལྷད་མི་འཇུག་པས་སྲ་བ།དུས་གསུམ་འཕོ་འགྱུར་མེད་པས་བརྟན་པ།ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིགས་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ།གང་གིས་ཀྱང་བསྒྱུར་དུ་མི་བཏུབ་པས་ན་མ་ཕམ་པ་སྟེ་ཆོས་བདུན་དང་ལྡན་པས་ན་རྡོ་རྗེའོ། །ཡེ་ཤེས་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རང་ཆས་སུ་རྫོགས་པས་ན་སྐུའོ། །གཉིས་པ་རིགས་ལྔ་ནི།གཞི་ཀ་ནས་དག་པ་སངས་རྒྱས་ཀྱི་རིགས།གཞི་གཞོམ་གཞིག་དང་བྲལ་བས་རྡོ་རྗེའི་རིགས།གཞི་ལ་ཡེ་ཤེས་རྫོགས་པས་རིན་ཆེན་གྱི་རིགས།གཞི་བདེ་བ་ཆེན་པོ་པདྨའི་རིགས།གཞི་ལྷུན་གྲུབ་རྫོགས་པ་ལས་ཀྱིི་རིགས་དང་ལྔའོ། །གསུམ་པ་ཡེ་ཤེས་ལྔ་ནི།གཞི་ངོ་བོ་སྟོང་པ་ཁྱབ་གདལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།རང་བཞིན་རང་གསལ་བ་མེ་ལོང་ཡེ་ཤེས།འཁོར་འདས་དག་མཉམ་གྱི་ཆ་ལ་མཉམ་ཉིད་ཡེ་ཤེས།ཡེ་ཤེས་ཡོན་ཏན་གྱི་གསལ་སྒོ་མ་འགགས་པས་སོར་རྟོག་ཡེ་ཤེས།གདོད་ནས་ཡེ་གྲོལ་གྱི་ཆ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བཞི་པ་མཁའ་འགྲོ་ལྔ་ནི།གཞི་དབྱིངས་སྟོང་པའི་ཆ་ལ་སངས་རྒྱས་མཁའ་འགྲོ།སྐྱོན་བྲལ་གྱི་ཆ་ལ་རྡོ་རྗེ་མཁའ་འགྲོ།ཡོན་ཏན་ལྷུན་འཐུག་པའི་ཆ་ལ་རིན་ཆེན་མཁའ་འགྲོ།ཆགས་པ་བྲལ་བའི་ཆ་ལ་པདྨ་མཁའ་འགྲོ།ལྷུན་གྲུབ་ཏུ་རྫོགས་པའི་ཆ་ལ་ལས་ཀྱི་མཁའ་འགྲོའོ། །དེ་དག་གཞི་རང་ལ་རང་ཆས་སུ་རྫོགས་ནི་དོན་དམ་གཞིའི་མཚན་ཉིད་དངོས་ཡིན་ནོ། །དེ་ལྟ་བུའི་གནས་ལུགས་དེ་ཉིད་སྔར་བཞིན་དབང་པོའི་རིམ་པས་རྟོགས་ཤིང་གོམས་པའི་སྦྱོར་བའི་ལམ་གཞན་ལ་མི་ལྟོས་པར་ཚེ་འདིའམ་བར་དོར་གྲོལ་བ་མངོན་དུ་གྱུར་པའོ། །གཉིས་པ་ལ་གསུམ།ཐབས་ཀྱི་གྱེས་མདོ།ཤེས་རབ་གྱི་གྱེས་མདོ།དེ་དག་གི་དགོས་ཆེད་དང་རྣམ་བཞག་བསྟན་པའོ། །དང་པོ་ནི།ཞིང་ལྔ་ཡབ་ལྔ་ཡུམ་ལྔ་ནས།ལྷུན་གྱིས་གྲུབ༔ ཅེས་པའི་བར་ཏེ།དེ་ལྟར་དོན་དམ་རྩོལ་མེད་ཀྱི་ལམ་དེ་མི་རྟོགས་པའམ་རྟོགས་ཀྱང་ཡིད་མི་ཆེས་པ་རྣམས་ཀྱི་དོན་དུ།ཀུན་རྫོབ་རྩོལ་བཅས་ཀྱི་ལམ་འདི་དག་བསྟན་པ་སྟེ།དེ་ཡང་སྦྱང་བྱ་འཁོར་བའི་རྟེན་དང་རྣམ་པ་མཐུན་པར་སྦྱོང་བྱེད་ཞིང་ལྔ་དང་ཞལ་ཕྱག་མཚན་མ་ཅན་གྱི་སྐུ་ལྔ།རིགས་ལྔ་ཡབ་ལྔ།ཡུམ་ལྔ།དཀོན་མཆོག་གསུམ།རྩ་བ་གསུམ།ཞི་རྒྱས་དབང་དྲག་གི་རིགས་དང་དཀྱིལ་འཁོར་དང་།དབང་བཞི་དང་བསྙེན་ཅིང་སྒྲུབ་པ་ལས་སྦྱོར་སོགས་གསང་སྔགས་མ་ཧཱ་ཡོ་གའི་ལམ་གྱི་རྣམ་པར་བཞག་པ་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ཡོན་ཏན་གྱི་ལྡོག་ཆ་ནས་གཞལ་དེ་བཞག་པ་ཙམ་ཡིན་པས།བདེ་གཤེགས་སྙིང་པོ་ནི་མ་ཧཱ་ཡོ་གའི་ལམ་ཐམས་ཅད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་ནི།ལུས་ཀྱི་ནང་གནས་ནས།འཕྲུལ༔ ཞེས་གསུངས་ཏེ།ལུས་སམ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་ནང་ན་གནས་པའི་བཀོད་པ་རྩའི་འཁོར་ལོ་ལྔ་དང་ལྡན་པ་དང་།དབུ་རྐྱང་རོ་གསུམ་ལ་སོགས་པའི་གནས་པ་རྩ།གཡོ་བ་རླུང།བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་སྦྱངས་ཤིང་བསྒྱུར྄༷་བར་བྱེད་པའི་བུམ་ཅན་དང་འཁྲུལ་འཁོར་གཏུམ་མོའི་འབ྄༷ར་འཛག྄༷་སོགས་ཐབས་ལམ་དང་།དབང་བཞི་དང་།ལམ་དང་།དགའ་བ་བཞི་དང་བཅས་པ་ཐམས་ཅད་ཀུན་དོན་དམ་པར་གྲུབ་པ་མེད་ཀྱང་།དགོས་པའི་དབང་གིས་བདེ་གཤེགས་སྙིང་པོའི་ལྷུན་གྲུབ་ཡོན་ཏན་གྱི་ཆ་ལས་འཕྲུལ་ཏེ་བཞག་པ་ཡིན་པའི་ཕྱིར་གསངས་སྔགས་ཨ་ནུའི་ལམ་ཐམས་ཅད་ཀྱི་ངོ་བོ་ཡང་ཡིན་ནོ། །གསུམ་པ་ནི། །མདོར་ན་ཆོས་སྐུ་ནས།རུ་བཟློག་བྱེད༔ ཅེས་གསུངས་ཏེ།མདོར་ན་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་ཏེ།རྣམ་པ་འཁོར་བའི་སྒོ་དང་བསྟུན་ཏེ།ཕྱོགས་དང་ཞིང་ཁམས་ལྷ་ཡབ་དང་ཡུམ་བཀའ་སྡོད་སྲས་འཁོར་དང་བཅས་པ་ལ་སོགས་པའི་མིང་ཚུལ་མཚན་མས་བཅིངས་ཏེ་དངོས་སུ་ཡོད་པ་ལྟར་བསྟན་པ་ནི་གདུལ་བྱ་སྣང་བ་སྣོད་བཅུད་དངོས་པོ་རྟག་པར་འཛིན་པ་ཅན་རྣམས་ཡང་དག་པའི་ལམ་ལ་ཁ་དྲངས་པའི་ཕྱིར་དང་།གནས་ཡུལ་བདག་གཞན་གོས་རྒྱན་གདན་ཁྲི་སྟེ་མངོན་པར་ཞེན་པ་དྲུག་ལས་ལྡོག་པའི་ཕྱིར།ལྷའི་རྣམ་པ་གསལ་བ།རྣམ་དག་དྲན་པ།སྣང་ལ་རང་བཞིན་མེད་པའི་སྟོང་པ་སྟེ་རྣམ་པ་གསུམ་གྱིས།མེས་ཚིག་མེ་ལ་གདུང་བས་སེལ་བ་ལྟར་མཚན་མས་མཚན་མ་གཞོམ་པའི་ཕྱིར་མ་དག་འཁོར་བའི་འཁྲུལ་སྣང་རུ་བཟློག་ནས་དག་པ་ཡེ་ཤེས་ལྷའི་རྣམ་རོལ་དུ་གོ་འཕོ་ཞིང་བརྟན་པར་བྱེད྄༵་པས་བར་དོ་ལོངས་སྐུར་གྲོལ་བར་བྱེད་པའོ། །གསུམ་པ་དེ་དག་གི་དོན་བསྡུས་ཏེ་བསྟན་པ་ནི།དེ་ཕྱིར་ཀུན་རྫོབ་ནས།རྫོགས་པ་ཆེན་པོར་གྲགས༔ ཞེས་གསུངས་ཏེ།རྒྱུ་མཚན་ད྄ེ༷འི་ཕྱིར྄༵་ན་གནས་སྐབས་དགོས་དབང་གིས་བསྟན་པའི་ཀུན྄༷་རྫོབ྄༵་བཅ྄ོ༵ས་མ྄༵འི་ཆོས྄༵་བསྐྱེད་པ་དང་།རྫོགས་པའི་རིམ་པའི་ལམ་གྱི་རྣམ་པར་བཞག་པ་ད྄ེ༷་དག྄༵་ཀྱང་དཔ྄ེ༷ར་ན྄༷་རྒྱ྄༷་མཚ྄ོ༵་ཆེན་པོར྄༷་འཛམ་གླིང་ན་གནས་པའི་ཆ྄ུ༷་ཕྲན྄༷་ཐམས་ཅད་དང་པོར་སྤྲ྄ོ༷་ཞིང་མཐར་བསྡ྄ུ༷་བ་བཞིན྄༷་བད྄ེ༷་བར་གཤ྄ེ༷གས་པའི་སྙིང྄༷་པ྄ོ༷ར་ཡང་ཐ྄ེ༷ག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཀུན་དང་པོར་སྤྲོ་ཞིང་།མཐར་ངང་དེ་ངོ་འཕྲོད་ཅིང་གདིང་ཐོབ་མངོན་སུམ་དུ་གྱུར་པས་ན་སྡུད་པར་བྱེད་པ་ཡང་ཡིན་ནོ། །མདོར་ན་གཞི་ལུང་མ་བསྟན་དུ་སོང་ནས་འཁོར་པའི་སྣང་སེམས་སུ་འཁྲུལ་པའི་དུས་སུའང་ནང་མདངས་སུ་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་རོལ་པ་ཐམས་ཅད་རང་བྱུང་རང་ཆས་སུ་རྫོགས་པ་ལས་མེད་དུ་མ་སོང་བ་དེའི་ཕྱིར་ན་གནས་པ་གཞི་ཡི་རྫོགས་པ་ཆེན་པོ་ཞེས་མཁས་ཤིང་གྲུབ་པ་ཡོངས་ལ་གྲགས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ།རྫོགས་ཆེན་གྱི་ལམ་ལ་ཨ་ནུ་མན་ཆད་ཀྱི་ཐེག་པའི་རྣམ་བཞག་རྫོགས་ཚུལ་དང་།རྫོགས་ཆེན་གྱི་རང་ལམ་མ་ནོར་བ་བསྟན་པའོ། །དང་པོ་ལ།རྒྱས་པར་བཤད་པ་དང་།བསྡུས་ཏེ་བསྟན་པའོ། །དང་པོ་ནི།རྟག་ཆད་མཐར་ཞེན་ནས།ཨ་ནུའི་ལམ༔ ཞེས་གསུངས་ཏེ།ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་པའི་དུས་སུ་ཆོས་ཉིད་རྟག་ཆད་ཀྱི་མཐར་མ་ལྷུང་བའི་ཆ་ནས།རྟག་ཆད་ཀྱི་མཐར་ཞེན་པ་མུ་སྟེགས་ལམ་ཚོལ་བའི་སེམས་རྫོགས།སེམས་དང་སྣང་བ་མ་བཅོས་རང་གར་ཡན་པས།སྣང་སེམས་ལ་མངོན་པར་ཞེན་པས་བཅིང་ཞིང་འཐས་པས་རྒྱུད་འཁྲུལ་བའི་འཁོར་ལོར་འཕྱན་པ་སེམས་ཅན་རང་ག་མའི་སེམས་དང་སྣང་བ་རྫོགས།བདག་མེད་བདེན་པ་མངོན་སུམ་རྩོལ་མེད་དུ་མཐོང་བས།གང་ཟག་གི་བདག་མེད་ལམ་དུ་བྱེད་པ་ཉན་ཐོས་ཀྱི་ཐེག་པ་རྫོགས།སྣང་སེམས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་དུ་རྟོགས་པས།རྟེན྄༷་འབྲེལ྄༷་ལུག྄༷ས་ལྡོག྄༷་དང་སེམས་གསལ་སྟོང྄༷་ཙམ་གཙོ་བོར་འཛིན྄༷་པ་རང྄༷་རྒྱལ྄༷་ལམ྄༵་གྱི་ཐེག་པ་རྫོགས།སྣང་བ་ཐམས་ཅད་སེམས་ལས་མི་གཞན་པར་ཐག་ཆོད་པས།སྣང྄༷་སྲིད྄༷་སེམས྄༷་ས྄ུ༷་ལྟ྄༷་བ྄༷འི་སེམས྄༷་ཙམ྄༷་པའི་ཐེག་པ྄༵་རྫོགས།བདག་མེད་རྣམ་པ་གཉིས་ཀྱི་དོན་རྟོགས་པས།ཆོས་ཐམས་ཅད་སྟོང་པར་འཛིན་པའི་དབུ་མ་པའི་ཐེག་པ་རྫོགས།རྒྱུ་རྐྱེན་གནས་སུ་དག་པའི་སྟོང་ཉིད་རྟོགས་པས།ལྟ་སྤྱོད་གཉིས་ལས་སྤྱོད་པ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་ཅིང་།ཡུལ་ཕ་ཀི་བ་ན་དག་པའི་ལྷ་རང་མཚན་པར་ཞེན་པ་ཀྲི་ཡའི་ཐེག་པ་རྫོགས།ལྟ་སྤྱོད་གཉིས་མེད་དུ་རྫོགས་པའི་ངང་རྟོགས་པས།ལྟ་སྤྱོད་གོང་འོག་འདྲེས་པ་ཨུ་པ་ཡའི་ཐེག་པ་རྫོགས།ལྟ་བ་གཙོ་བོར་རྟོགས་པས།བདག་དམ་ཚིག་པ་དང་ལྷ་ཡེ་ཤེས་པ་ཐ་དད་རང་རྒྱུད་དུ་ལྟ་བའི་ཡོ་གའི་ཐེག་པ་རྫོགས།ལྷ་དང་རང་སེམས་དབྱེར་མེད་དུ་རྟོགས་པས།དག་པའི་ལྷ་དང་ཞིང་ཁམས་ཡུལ་དང་མཚན་མར་གོལ་ཞིང་རང་རྒྱུད་ཅན་དུ་ལྟ་བའི་མ་ཧཱའི་ཐེག་པ་རྫོགས་པ་དང་།དབྱིངས་ཡེ་གཉིས་སུ་མེད་པའི་ངང་ཚུལ་རྟོགས་པས།རྒྱུ་མ་དག་པའི་རྩ་ཐིག་རླུང་གསུམ་དག་པ་དབྱིངས་ཀྱི་རོལ་པར་སྦྱངས་པས་འབྲས྄༷་དུས་ཀྱི་ཡེ་ཤེས་མངོན྄༷་གྱུར་དུ་རློམ྄༷ས་པ་ཨ྄༷་ནུའ྄ི༷་ཐེག་པའི་ལམ྄༵་རྫོགས་པའོ། །དེ་ཡང་ཆོས་ཉིད་བྲི་གང་འཕོ་གྱུར་མེད་པར་རྟོགས་པས་རྟག་ལྟ་དང་གཞི་མེད་རྩ་བྲལ་དུ་རྟོགས་པས་ཆད་ལྟ་རྫོགས།སེམས་ལ་དམིགས་གཏད་བཅོས་བསྒྱུར་མེད་པ་སྐྱེ་བོ་རང་ག་རྣམས་དང་འདྲ་བས་དེ་དག་གི་སྣང་བ་རྫོགས་པའོ། །ཉན་ཐོས་བྱེ་བྲག་སྨྲ་བ་ཡན་ཆད་ནས་ཨ་ནུ་མན་ཆད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་པ་ལ་གཅིག་ཅར་དུ་རྫོགས་པས་ན་ཐེག་པ་མཐའ་དག་གི་ལམ་དང་འབྲས་བུའི་ཡོན་ཏན་རྫོགས་པར་བཞག་པ་སྟེ།དེའི་རྒྱུ་མཚན་ནི་དང་པོ་ཐེག་པ་གང་ནས་ཞུགས་ཀྱང་འབྲས་བུ་མཐར་ཐུག་རྫོགས་ཆེན་གྱི་ལམ་ལ་མ་བསྟེན་པར་མི་ཐོབ་པའི་ཕྱིར་ན་ཐེག་པ་དེ་དག་གི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་རྫོགས་ཆེན་གྱི་ལམ་ལ་ཡར་ལྡན་གྱི་ཚུལ་དུ་རྫོགས་པའོ། །གཉིས་པ་ནི།དེ་དག་རྣམས་ཀྱི་ནས།ཉམ་རེ་ཐག༔ ཅེས་གསུངས་ཏེ།དེས་ན་ཐེག་པ་དེ་དག་རྣམས་ཀྱི་རྒྱུ་ས་ལམ་དང་འབྲས་བུ་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཀུན།མཐར་ཐུག་གི་ལམ་དེ་ཐོབ་པའི་ཕྱིར་དུ།གནས་ལུགས་རྫོགས་པ་ཆེན་པོའི་ལྷུན་གྲུབ་འོད་གསལ་གྱི་ཉག་ཕྲན་ནམ་ལྡོག་ཆ་རེ་ནས་གཞལ་ཏེ་གདུལ་བྱའི་ཁམས་དབང་དང་མཐུན་པར་བཞག་པ་ལ་སངས་རྒྱས་ཐོབ་པའི་ལམ་ཡོངས་རྫོགས་སུ་རློམས་པ་ཙམ་སྟེ།དཔེར་ན་སྐོམ་པ་སེལ་ཕྱིར་རྒྱ་མཚོ་ཆེན་པོའི་ཆུ་ཐིག་བླངས་པ་རྒྱ་མཚོ་འཛིན་པ་བཞིན་ཡིན་པས་ན།རྫོགས་པ་ཆེན་པོ་འདིའི་དོན་ཚུལ་བཞིན་རྟོགས་པའི་གང་ཟག་གིས་གཞལ་ན་ཨ་ནུ་མན་ཆད་ཀྱི་ཐེག་པ་ཀུན་སྤང་གཉེན་དང་འབད་རྩོལ་གྱིས་བསྒྲིབས་ནས་རང་གྲོལ་གཉུག་མའི་དོན་མི་མཐོང་བའི་ཕྱིར་ཉམ་རེ་ཐག་པའི་གནས་སུ་བཞག་པའོ། །གཉིས་པ་ནི།ཤེས་རབ་ནས།ཆེན་པོར་གྲགས༔ ཞེས་གསུངས་ཏེ།ངོ་བོ་ཤེས་རབ་དང་རྩལ་ཡེ་ཤེས་ཆེན་པོ་མངོན་སུམ་དུ་གྱུར་པ་རིག་པའི་དབྱིངས་ལ།སྐྱོན་སྔར་ཡོད་སྤངས་པ་དང་།ཡོན་ཏན་སྔར་མེད་གསར་དུ་ཐོབ་པ་དང་བྲལ་བའི་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ནི་འཁོར་འདས་ལམ་གསུམ་གྱི་ངོ་བོ་མ་ནོར་བ་སྟེ།དེ་ལྟ་བུའི་རྫོགས་པ་ཆེན་པོའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་སུམ་དུ་གྱུར་པ་ཡིན་པའི་ཕྱིར་ལམ་གྱི་རྫོགས་པ་ཆེན་པོར་ཞེས་ཡོངས་སུ་གྲགས་པའོ། །གསུམ་པ་ལ་གཉིས་ཏེ།འབྲས་བུ་དངོས་དང་།དེ་མཐའ་གཉིས་ལས་གྲོལ་བའི་ཚུལ་ལོ། །དང་པོ་ནི།རྒྱུ་ཡི་ཐེག་ཀུན་ནས་ལྷུན་གྱིས་གྲུབ༔ ཅེས་གསུངས་ཏེ།དེ་ཡང་མཚན་ཉིད་རྒྱུ་ཡི་ཐེག་པ་ལ་ཞུགས་པའི་བྱང་སེམས་ཀུན་གྱིས་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐར་འབྲས་བུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་རློམས་ནའང་ས་བཅུ་པ་ཆོས་ཀྱི་སྤྲིན་ལས།དེ་བཞིན་གཤེགས་པའི་ས་ཀུན་ཏུ་འོད་ནི་ཐོབ་པ་མ་ཡིན་ནོ། །དེའང་སྣང་གསུམ་འཕོ་བའི་བག་ཆགས་མ་སྤངས་པའི་ཕྱིར།སྐབས་འདིར་རིག་པ་བདེ་གཤེགས་སྙིང་པོའི་གནས་ལུགས་དང་པོར་ངོ་འཕྲོད།བར་དུ་གདིང་ཐོབ།ཐ་མ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས།ཚེ་འདིའམ་བར་མ་དོར་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་མཆོག་ཉིད་ཐོབ་པ་ནི་ལམ་འདིའི་ཁྱད་ཆོས་ཏེ།དེ་ཡང་འཁོར་བའི་སྣང་སེམས་ཐམས་ཅད་ཆབ་རོམ་ཆུ་རུ་ཞུ་བ་ལྟར་སྐུ་དང་ཡེ་ཤེས་སུ་མ་སྤངས་རང་གྲོལ་བ་ནི་རྒྱལ་བ་ཀུན་གྱི་བཀའ་དང་རིག་པ་ཚད་མས་གྲུབ་པའི་ཕྱིར།དེ་ལས་གཞན་དུ་གྱུར་པ་གཅིག་ནས་གཅིག་ཏུ་ཕྱིན་བསྒྲོད་ཅན་ནམ་འབྲས྄༷་བ྄ུ༷་ཐོབ་བྱ་ཐོབ་བྱེད་དུ་རློམས྄༷་པ྄༷་རྣམས་ནི་ཨ྄༷་ཐང྄༷་ཆད྄༵་དེ།ངལ་བ་ཙམ་ལས་དེ་འདྲའི་འབྲས་བུའི་སངས་རྒྱས་ནི་ནམ་ཡང་མི་སྲིད་དོ། །ད྄ེ༷འི་ཕྱིར྄༷་ན་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ནི།ལམ་གྱི་ཆོས་རྣམས་ཀུན་གྱི་མཐར་ཐུག་གི་འབྲས་བུར་ཡང་གྱུར་པས་ན།འབྲས་བུའི་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའོ། །གཉིས་པ་ནི།སྲིད་དང་ནས།རྩལ་ཆེན་འབར༔ ཞེས་གསུངས་ཏེ།དེ་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ལས་གཞན་པའི་སངས་རྒྱས་མི་སྲིད་པའི་ཕྱིར།སེམས་ཅན་རང་ག་མ་ལྟར་སྲིད་པའི་མཐར་མ་ལྷུང་བ་དང་།ཉན་རང་ལྟར་ཞི་བའི་མཐའ་རུ་མ་ལྷུང་བར་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱི་རྩལ་ཆེན་འབར་ཏེ།རང་དོན་མཐར་ཕྱིན་ནས་ནམ་མཁའ་ཇི་སྲིད་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པས་གཞན་དོན་མཐར་ཕྱིན་པའོ། །གསུམ་པ་ནི།མིང་གི་འཇུག་སྒོ་ནས།ཐ་སྙད་གདགས༔ ཞེས་གསུངས་ཏེ།དེ་ཡང་ཐ་སྙད་ཀུན་རྫོབ་ལྟར་ན་མིང་གི་བྱེ་བྲག་ཇི་སྙེད་པ་ཐམས་ཅད་རིག་པ་བདེ་གཤེགས་སྙིང་པོའི་མིང་ལས་གཞན་ན་མེད་དེ།ཆོས་ཀུན་དེ་ལས་མི་གཞན་པའི་ཕྱིར་ཡང་གནས་ལུགས་མཐར་ཐུག་པ་ནི་སྨྲ་བསམ་བརྗོད་པ་ལས་འདས་པས་ན་ཐ་སྙད་མིང་གི་འཇུག྄༷་སྒ྄ོ༷་དང་ས་དང་ལམ་གྱི་རྣམ་བཞག་སོགས་ཐ྄༷་དད་དུ་མ་གྲུབ་ཀྱང་།གནས་སྐབས་སུ་གདུལ་བྱ་རྣམས་ལ་མིང་དང་ཚིག་གིས་མཚོན་ཏེ་རྟོགས་པའི་དོན་དུ་མིང་གི་ཐ་སྙད་གདགས་པ་ལ་ལྔ་ལས།དང་པོ་གསང་སྔགས་རྡོ་རྗེའི་ཐེག་པ་ནི།ལམ་འདི་གསང་ཆེན་གཉིས་དང་ལྡན་པས་གསང་།ཐེག་པ་ཐམས་ཅད་ཀྱི་གྲོལ་སར་གྱུར་པས་སྔགས།ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།འཁོར་འདས་ཀྱིས་བཅོས་བསྒྱུར་དུ་མ་གྱུར་པར་རང་ཐེག་པའོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི།འདི་ཉིད་ཡང་དག་པའི་དོན།ཆོས་ཐམས་ཅད་ཀྱི་དམ་པ།སྐྱོན་དང་དྲི་མ་བྱང་བ།ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ།འཁོར་འདས་མཉམ་པར་སྒྲོལ་བས་ན་སེམས་ཉིད་དོ། །གསུམ་པ་རྫོགས་པ་ཆེན་པོ་ནི།ཐེག་དགུའི་དགོངས་དོན་རྫོགས་པ།ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ཆེན་པོའོ། །བཞི་པ་ཐིག་ལེ་ཉག་གཅིག་ནི།རྟོག་པའི་གྲྭ་ཟུར་ལས་འདས་པས་ཐིག་ལེ།འཁོར་འདས་ཐམས་ཅད་ངང་དུ་རོ་གཅིག་པས་ཉག་གཅིག་གོ། །ལྔ་པ་གཞོན་ནུ་བུམ་སྐུ་ནི།སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བས་གཞོན་ནུ།ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བས་བུམ་པ།ཡེ་ཤེས་ཡོན་ཏན་རྫོགས་པས་སྐུ་ཞེས་བྱའོ། །དེ་ལྟར་མིང་ལྔས་མཚོན་ཏེ་མཚོན་བྱ་བདེ་གཤེགས་སྙིང་པོའི་གནས་ལུགས་མ་ནོར་བ་རྟོགས་དགོས་སོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་རྡོ་རྗེ་རྣོན་པོ་ནས།བཞི་པའོ༔ ༈གསུམ་པ་མ་དག་འཁོར་བའི་འཁྲུལ་ཚུལ་གཏན་ལ་དབབ་པ་ལ་ལྔ་སྟེ།ནང་གི་གཟུང་འཛིན།གསང་བའི་གཟུང་འཛིན།ཁམས་གསུམ་རང་སྣང་ལས་མི་གཞན་པའི་ཚུལ།གཟུང་འཛིན་འཁོར་བའི་ངོ་བོ་རཱུ་ཏྲ་བསྟན་པ།དངོས་ཞེན་བདག་མེད་རྟོགས་པའི་ཤེས་རབ་བསྟན་པའོ། །དང་པོ་ལ་མདོར་བསྟན་པ་དང་།རྒྱས་པར་བཤད་པའོ། །དང་པོ་ནི།དེ་ཕྱིར་ཀ་དག་ནས།མཆེད་པ་ནི༔ ཞེས་གསུངས་ཏེ།གནས་ལུགས་དོན་ལ་འཁོར་བའི་འཁྲུལ་སྣང་འདི་མ་གྲུབ་པ་དེ་ཕྱིར་གཞི་ཀ་དག་ཆེན་པོའི་རོལ་པ་ལས་མ་གཡོས་བཞིན་མ་དག་འཁོར་བའི་སྣང་སེམས་གློ་བུར་དུ་མཆེད་པ་ནི།གསང་སྙིང་ལས།ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ།བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ།གཟུང་ཡུལ།འཛིན་སེམས།སྐད་ཅིག་གཅིག་གིས་གཡོ་ཞིང་འཇིག་པའི་ཚུལ་ལོ། །དང་པོ་ནི།བདག་རྟོག་ནས།མཆེད་གཞིར་ལངས༔ ཞེས་གསུངས་ཏེ།དེ་ཡང་ཐོག་མར་བདག་མེད་ལ་བདག་རྟོག་ཕྲ་བ་གློ་བུར་དུ་བྱུང་བས་ངོ་བོ་ཤེས་རབ་དང་རྩལ་ཡེ་ཤེས་བསྒྲིབས་པས་གཞི་ཡི་མདངས་ལྔ་དང་གདངས་ལྔའི་སྐུ་ལྔ་དང་ཡེ་ཤེས་ལྔ་ལྷུམ྄༷ས་ས྄ུ༷་ན྄ུ༷བ་པ྄༷་ལ྄༷་བརྟེན྄༷་ནས྄༷།འཁོར་བའི་སྣང་སེམས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་ཤར་བ་སྟེ།དེ་ཡང་ཡེ་ཤེས་ལྔ་མ་རིག་པས་བསྒྲིབས་པས་ཕྱ྄ི༷་གདང྄༷ས་འོད་ལྔར་སྣང་བ་ནི།ནང་འབྱུང་དང་འབྱུང་ལྔའི་དྭངས་མ་དང་འབྱུང་ཆེན་དང་།དེ་རྣམས་ལ་དངོས་འཛིན་དང་བདེན་ཞེན་འཐས་པས་མ་དག་པའི་འབྱུང་ལྔར་སྣང་བ་ལ་ཕྱི་འབྱུང་དང་།འབྱུང་ཕྲན་ནམ་སྙིགས་མའི་སྣང་བ་ཞེས་བརྗོད་དོ། །འཁྲུལ་པའི་གཞི་ལྔ་པོ་དེ་དག་གི་རྩལ་ལས་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཚོགས་རྣམས་ཤར་བ་སྟེ།དེ་ཡང་འཁོར་བའི་འཁྲུལ་པ་ཀུན་གྱི་གཞིར་གྱུར་པའི་ཀུན་གཞི་སྟེ།ངོ་བོ་བཟང་ངན་གང་དུ་ལུང་མ་བསྟན་པ།ཅང་མི་སེམས་པའི་སྟོང་ཧད་དེ་བ་བེམ་སྟོང་ནམ་མཁའ་ལྟ་བུ་ནི་ཀུན་གཞི་མཚན་ཉིད་པ་དང་དེ་ཉོན་མོངས་པ་གཏི་མུག་གི་ངོ་བོའོ། །དེ་ལས་བསྐལ་པ་ལས་ཀྱི་རླུང་འགུལ་བ་ཕྲག་དོག་གི་ངོ་བོ་དང་།བེམ་སྟོང་ཀུན་གཞིའི་མཁའ་ལས་རྣམ་པར་རྟོག་པ་ཐམས་ཅད་ཀྱི་འཆར་གཞིར་གསལ་བའི་ཆ་མངོན་སུམ་དུ་གྱུར་ཅིང་ཤེས་པ་ནི་ཀུན་གཞིའི་རྣམ་ཤེས་ཏེ་ཞེ་སྡང་གི་ངོ་བོ།དེ་ལས་ངའོ་སྙམ་པའི་ངར་འཛིན་གྱི་ཤེས་པ་རགས་པ་སྣང་སེམས་ཀུན་གྱི་མཆེད་གཞིར་ལངས་པ་ནི་ཉོན་ཡིད་དེ་ང་རྒྱལ་གྱི་ངོ་བོའོ། །དེ་མ་ཐག་ཏུ་བདག་དང་སྣང་བ་ཐམས་ཅད་མཆེད་པ་ཡིན།དེ་རྣམས་ལ་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ། །གཉིས་པ་ནི།ཡིད་ཉིད་གཅིག་པུ་ནས།འཕྲུལ་བཞིན་སྣང་།ཞེས་གསུངས་ཏེ།དེ་ཅུང་ཟད་བརྟན་པས་གཙོ་སེམས་ཡིད྄༷་ཉིད྄༷་གཅ྄ི༷ག་པ྄ུ༷་ལངས་ཏེ།གཞི་ལ་སྣང་བ་མཆེད་པ་དེ་ལ་གསལ་ཆ་བརྟན་པས་སྣང་བ་ཐམས་ཅད་འཕྲལ་དུ་འཆ྄༷ར་རུང྄༷་གི་གཞ྄ི༷ར་གྲུབ྄༷་པ་ཡིད་ཤེས་རྟོག་མེད་དེ་ཉོན་མོངས་པ་འདོད་ཆགས་ཀྱི་ངོ་བོ།དེ་ཡང་དུག་ལྔའི་ངོ་བོ་མེ་ལྟ་བུ་ལས་ཉོན་མོངས་པའི་རྟོག་ཚོགས་མེ་སྟག་མཆེད་པ་ལྟར་འབྱུང་བའོ། །ཡིད་དེ་ལ་བརྟེན་ནས྄༷་རྟོག་མེད་སྒོ་ལྔའི་རྣམ྄༷་པར྄༷་ཤེས྄༷་པ྄༷་དྲུག྄༷་ག྄ི༷་རང་བཞིན་གཡ྄ོ༷་ཞིང་འགྱ྄ུ༷་བའི་རྩལ་ལས྄༵།གཅིག་ཏུ་མ྄༷་ངེས྄༷་པར་གཟུགས་སོགས་སྣང྄༷་ཡུལ྄༷་སྣ་ཚོགས་པ་མིག་བསླད་པའི་ངོར་སྒྱ྄ུ༷་མའ྄ི༷་འཕྲུལ྄༷་བཞ྄ི༷ན་སྣང྄༷་བ་ལ།རྟོག་བཅས་ཡིད་ཀྱིས་མིང་དོན་དངོས་པོར་འཐས་ཤིང་ཉེ་བར་ལེན་པ་དང་བཅས་པ་ལ་རྣམ་རྟོགས་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ། །གསུམ་པ་ནི།སོ་ཟིན་མེད་པ་ནས།གནས་སྟོང་བྱེད༔ ཅེས་གསུངས་ཏེ།དེ་ལྟར་སྣང་བའི་ཡུལ་དང་བདག་པོ་ཐམས་ཅད་གཅིག་ནས་གཅིག་ཏུ་ཕྱིན་བགྲོད་མ་ཡིན་ཞིང་།རྟག་ཐུབ་ས྄ོ༷་ཟིན྄༷་མེད྄༷་པར྄༷་སྤ྄ུ༷་རྩ྄ེ༷་རླུང་གིས་བསྐྱོད྄༷་པ་བཞིན྄༷་སྐད་ཅིག་སྐད་ཅིག་གིས་མི་རྟག་པར་སྔ་མ་སྔ་མ་འགག་ནས་ཕྱི་མ་ཕྱི་མ་གསར་དུ་མཆེད་པ་ཡིན་པས་ན་གནས་འགྱུར་ཙམ་དུ་ཤེས་པར་བྱ་བ་སྟེ།དེ་ཡང་སྒྲིབ་པའི་རླུང་གིས་ཤེས་རབ་ཀྱི་མིག་བསྒྲིབས་ནས་སྣང་བ་སྔར་མེད་གསར་དུ་འཕྲུལ྄༷་པ་དང་།གཡོ་བའི་རླུང་གིས་མ་ངེས་པའི་སྣང་བ་སྣ་ཚོགས་ཅིར་ཡང་སྣང་བ་དང་།འབྱེད་པའི་རླུང་གིས་སེམས་དང་སྣང་བ་སོ་སོར་འབྱེད྄༷་པ་དང་།སྡུད྄༷་པའི་རླུང་གིས་བག་ཆགས་ཀྱི་དྲི་མ་སྡུད་པ།བསྒྱུར་྄༷པའི་རླུང་གིས་སྐད་ཅིག་གིས་གནས་འགྱུར་དུ་བྱེད྄༷་པ་སྟེ།དེ་ལྟ་བུའི་རླུང྄༷་ལྔ྄༷འམ་རྣམ་རྟོག་ཕྲ་བ་དང་རགས་པ་ཡ྄ི༷་བྱེད་ལས་ཀྱིས྄༷།མ྄༷་དག྄༷་པའི་བསྐ྄༷ལ་པ྄༷་སྔར་མེད་སྐད་ཅིག་གིས་གསར་དུ་ཆག྄༷ས་པ་དང་།གན྄༷ས་པ་དང་།འཇ྄ི༷ག་ཅིང྄༷་སྟོང྄༷་པར་བྱེད྄༷་པ་ཡིན་ཀྱང་འདྲ་བ་གཞན་འབྱུང་གི་འཁྲུལ་རྒྱུས་བསླད་ཏེ་རྟོགས་མི་ནུས་པ་ཙམ་དུ་ཤེས་དགོས་སོ། །གསུམ་པ་ནི།སྒོ་ལྔའི་རྣམ་ཤེས་ནས།དབྱིངས་སུ་ཞིག༔ ཅེས་གསུངས་ཏེ།སྐབས་འདིར་ནི་སྣང་བ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ཡིན་པར་སྟོན་པ་སྟེ་དེ་ཡང་མིག་གི་རྣམ་ཤེས་ནས་ལུས་ཀྱི་རྣམ་ཤེས་ཀྱི་བར་སྒ྄ོ༷་ལྔ྄༷འི་རྟོག་མེད་ཀྱི་རྣམ྄༷་ཤ྄ེ༷ས་རྣམས་གཟུང྄༷་བ྄༷་ཡུལ྄༷་ད྄ུ༷་མཆ྄ེ༷ད་པ་དང་།རྟོག་བཅས་ཡིད྄༷་ཤེས྄༷་ཕྲ་྄༷བའ྄ི༷་འགྱ྄ུ༷་རྟོག྄༷་འཛ྄ི༷ན་པ྄༷་སེམས་སུ་ལ྄༷ངས་དེ་ཉེ་བར་ལེན་པའོ། །དེ་ཡང་མིག་གི་དབང་པོ་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུགས་སོགས་འཆར་བའི་གཞི་བྱས།གཟུགས་སོགས་ཤར་བ་ཡུལ་དུ་བྱས།གཟུགས་སོགས་རགས་པ་ཧྲིལ་པོར་འཛིན་པ་མིག་གི་རྣམ་ཤེས་སོགས་ཀྱིས་བྱས།ཕྲ་བ་སོ་སོར་ཉེ་བར་ལེན་པ་རྟོག་བཅས་ཡིད་ཀྱིས་བྱས་ཏེ་འཁྲུལ་པའོ། །དེ་ལུགས་སུ་འབྱུང་བས་སྲིད་པར་འདུ་བྱེད་ཅིང་ལུགས་སུ་ལྡོག་པས་སྲིད་པའི་རྩེ་རུ་དུབ་པ་སྟེ།དེ་ལྟར་ན་ཉིན྄༷་གཅིག྄༷་ལ་ཡང་ཀུན་རྟོག་གི་གྲངས་དང་མཐུན་པའི་ཕྲ་྄༷བའ྄ི༷་བསྐལ྄༷་པ྄༷་གྲངས྄༷་མེད྄༷་པའམ་དུ་མ་འཕྲལ་འཕྲལ་དུ་ཆགས་ཤིང་རིམ་བཞིན་ན྄ུ༷བ་པས་རྟོག་མེད་ཡིད྄༷་ཀྱ྄ི༷་ཁམས྄༷་ས྄ུ༷་སྣང་ཡུལ་སྣང་མཁན་དང་བཅས་པ་ཡ྄ོ༷་ལོག྄༷་པས་ཉིན྄༷་སྣང྄༷་བར་མི་ཆད་པར་སྣང་བ་དང྄༷་།ཉིན་སྣང་སྣང་ཡུལ་སྣང་མཁན་དང་བཅས་པ་མཐར་ཀུན྄༷་གཞིའི་྄༷ཁམས྄༷་སུ་྄༷ཡ྄ོ༷་ལོག྄༷་པས་མཚན྄༷་སྣང྄༷་ཤར྄༷་བ་ཡིན་པས་གཉིད྄༷་ད྄ུ༷་ཕྱོགས྄༷་པའི་ཚ྄ེ༷་ཉིན་སྣང་གི་བསྐལ྄༷་པ྄༷་ལྷག་ལུས་མེད་པར་ཀུན་གཞི་སྟོང་ཧད་ཀྱི་དབྱིངས྄༷་ས྄ུ༷་ཞིག྄༷་ནས྄༷་སྟོང་པར་འབྱམས་པའི་རྗེས་སུ་ཀུན་གཞིའི་རྣམ་ཤེས་དང་ཡིད་རིམ་བཞིན་ལངས་ཏེ་མཚན་སྟེ་རྨི་ལམ་གྱི་སྣང་བ་མཆེད་པ་མཐར་ཡིད་ཀྱི་ཁམས་སུ་ནུབ་པས་ཉིན་སྣང་གསར་དུ་མཆེད་པའོ། །འདི་དག་གིས་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་མ་ནོར་བར་སྟོན་པ་སྟེ།ལང་ཀར་གཤེགས་པའི་མདོ་ལས།ཀུན་གཞིའི་རྣམ་པར་ཤེས་པ་ནི་རྒྱ་མཚོ་ལྟ་བུའོ། །དེ་ལས་བྱུང་བའི་འཇུག་ཤེས་དྲུག་ནི་རྦ་རླབས་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།མདོར་ན་འཁྲུལ་ངོར་གཟུང་འཛིན་རྒྱངས་ཆད་ལྟར་སྣང་ཡང་དོན་དུ་རྣམ་རྟོག་སྔ་མ་སྔ་མས་བཞག་པ་ཕྱི་མ་ཕྱི་མས་ཉེ་བར་ལེན་པ་ཙམ་ལས་མི་འདོད་པ་ནི་ཐེག་པ་འདིའི་རང་ལུགས་བླ་ན་མེད་པའོ། །གསུམ་པ་ནི།ཀུན་གཞི་གཟུགས་མེད་ནས།སྲིད་མ་ཡིན༔ ཞེས་གསུངས་ཏེ།སྔར་བཤད་པའི་ཀུན྄༷་གཞ྄ི༷་གཟུགས྄༷་མེད྄༷་སྐྱེ་མཆེད་མུ་བཞི།ཉོན྄༷་ཡིད྄༷་གཟུགས྄༷་ཀྱ྄ི༷་ཁམས྄༷་གནས་རིགས་བཅུ་བདུན།ཡིད྄༷་ན྄ི༷་འདོད྄༷་པའི་྄༷ལྷ་རིགས་དྲུག་མན་ཆད་ཀྱིས་ཁམས྄༷་ས྄ུ༷་ལྷུན་གྱིས྄༷་གྲ྄ུ༷བ་པ་སྟེ་དེ་དང་དེ་ངོ་འཕྲོད་ནས་བརྟན་པ་ཐོབ་པ་ལས་གནས་རིགས་དེ་དང་དེའི་སྣང་བ་གསར་དུ་མཆེད་པ་ཙམ་ལས་ཁམས྄༷་གསུམ྄༷་ཕྱ྄ི༷་ར྄ུ༷་རྡ྄ུ༷ལ་ཙམ྄༷་དུ་སྲིད྄༷་པ་མ྄༷་ཡིན྄༷་པ་ལུང་རིག་ཚད་མས་གྲུབ་པའོ། །བཞི་པ་ནི།བདག་ལྟའི་ནས།དང་བཅས་གྲུབ༔ ཅེས་གསུངས་ཏེ།གཉིས་སྣང་བདག་ལྟའ྄ི༷་ར྄ཱུ༷་ཏྲ་྄༷ནི་འཁོར྄༷་བའ྄ི༷་ཆོས་ཀུན་གྱི་གཞི་དང་ངོ་བོར་གྱུར་པས་མ྄༷་ཏྲཾ྄༷་ཀ྄༷་སྟ྄ེ༷།དེ་ཡང་ཀུན་རྫོབ་ལྟར་ན་བུས་མ་རོ་ཟོས་པས་མ་ཏྲཾ་ཞེས་བརྗོད་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་ཏེ།དགོངས་གཞི་བདག་རྟོག་གློ་བུར་བ་ལས་མ་དག་འཁོར་བའི་སྣོད་བཅུད་གསར་དུ་མཆེད་དེ།མ་ལྟ་བུའི་བདེ་གཤེགས་སྙིང་པོའི་གནས་ལུགས་བསྒྲིབས་ཏེ་མི་མངོན་པར་བྱས་པའི་དུས་དེ་ནས་བཟུང་འཁོར་བའི་གནས་རིགས་ཐམས་ཅད་གཟུང་འཛིན་རཱུ་ཏྲའི་ཕུང་ཁམས་སྐྱེ་མཆེད་ཙམ་དུ་གྲུབ་པ་ཡིན་པས་ན་རཱུ་ཏྲ་ཁྱོད྄༷་ཀྱི་ལུས྄༷་འདོད྄༷་ཁམས྄༷།ངག྄༷་ཀྱང྄༷་གཟུགས྄༷་ཀྱ྄ི༷་ཁམས྄༷།ཡིད྄༷་ན྄ི༷་གཟུགས྄༷་མེད྄༷་པའི་ཁམས་སྐྱ྄ེ༷་མཆེད྄༷་མ྄ུ༷་བཞིར྄༷་གནས་྄༷པ་དང་།ཤ྄༷་ས།ཁྲག་྄༷ཆུ།དྲོད་྄༷མེ།དབུགས་྄༷རླུང་།སེམས་ནམ་མཁའ་སྟེ་འདིར་ཚིག་རྐང་གཉིས་པོ་བསྲེས་ནས་འགྲེལ་འདུག་པས་སོ་སོར་དབྱེ་སླ་ཆེད་ཚིག་རྐང་གཅིག་གི་འགྲེལ་རྟགས་ཁྲམ་རིས་བྱས་པ་ཡིན།མཆན།འབྱ྄ུ༷ང་བ་བཞ྄ི༷་དང་།ཐིག྄༷་ལ྄ེ༷་དཀར྄༷་པོ་ཟླ྄༷་བ།དམར྄༷་པོ་ཉ྄ི༷་མ།དབྱིངས྄༷་སྟོང་པ་གཟའ་སྒྲ྄༷་གཅན་དང྄༷་བཅ྄༷ས་པའི་ཚུལ་དུ་གྲུབ྄༷་པ་དང་།ཀུན་གཞི་རྣམ་ཤེས་དབང་ཕྱུག་ཆེན་པོ།ཉོན་ཡིད་ཚོགས་བདགཡིད་འདོད་པའི་རྒྱལ་པོ་སྟེ།དེས་མཚོན་ནས་འཇིག་རྟེན་གྱི་དྲེགས་ཚོགས་ཐམས་ཅད་རཱུ་ཏྲའི་གསང་གསུམ་ལ་བརྟེན་ནས་སྣང་བ་ཡིན་པའི་ཚུལ་ལ་དགོངས་པའོ། །འདི་ལ་ཡང་དབྱེ་ན།ནམ་མཁའི་གར་ཁྱབ་ཀྱི་སྣོད་ཀྱི་འཇིག་རྟེན་འདི་དག་ཕྱི་བདག་ལྟའི་རཱུ་ཏྲ་སྟེ།དེའི་གཉེན་པོར་བསྐྱེད་རིམ་གྱི་སྐབས་སུ་སྤྲུལ་པའི་འོད་ལས་གྲུབ་པའི་ཞིང་ཁམས་སུ་སྦྱོང་བ་དང་།ནང་གི་གནས་ཁང་དང་ལོངས་སྤྱོད་ལུས་དང་བཅས་པ་རུ་འཛིན་པ་ནང་བདག་ལྟའི་རཱུ་ཏཱ་སྟེ།དེའི་གཉེན་པོར་གཞལ་ཡས་ཁང་དང་ལྷ་བསྒོམ་པའོ། །དུས་དང་རྣམ་པ་ཀུན་ཏུ་ང་ཞེས་བདག་སྣང་བའི་ཤེས་པ་བག་ལ་ཉལ་བ་རྒྱ་དང་རྒྱུན་མི་ཆད་པ་ནི་གསང་བ་བདག་ལྟའི་རཱུ་ཏྲ་སྟེ་འཁོར་བའི་སྣང་སེམས་ཐམས་ཅད་ཀྱི་སྤུན་ཐག་གོ།དེའི་གཉེན་པོ་རུ་ལྷའི་ང་རྒྱལ་བརྟན་པོ་བཟུང་བ་ཡིན་ནོ། །འདིའི་གནད་མ་ཤེས་ན་བསྐྱེད་བསྒོམ་བཟླས་པ་ཡུན་རིང་དུ་བྱས་ཀྱང་སངས་མི་རྒྱ་བས་དོན་འདི་ཚུལ་བཞིན་རྟོགས་ནས་བསྙེན་སྒྲུབ་ལ་འཇུག་པ་ནི་གསང་སྔགས་ཀྱི་རིང་ལུགས་མ་ནོར་བའོ། །ལྔ་པ་ནི།བདག་མེད་ནས།རོལ་པར་ཞི༔ ཞེས་གསུངས་ཏེ།ཤེས་བྱ་ཐམས་ཅད་བདག྄༷་མེད྄༷་པའི་རང་བཞིན་དུ་རྟོགས་པའི་ཤེས྄༷་རིག྄༷་རྡ྄ོ༷་རྗ྄ེ༷་རྣོན྄༷་པ྄ོ༷་དོན་གྱི་དཔལ་ཆེན་པོ་ཧེ་རུ་ཀ་པ་ཡ྄ི༷་ཤུག྄༷ས་ད྄༷ང་རླབས྄༷་སྐྱིས྄༷་གཉིས་འཛིན་བདག་ལྟའི་རཱུ་ཏྲ་བདག་མེད་པའི་རང་བཞིན་དུ་བསྒྲལ྄༷་ནས྄༷་ལྷུན་གྲུབ་དག྄༷་པ་ཆེན་པོའི་དབྱིངས྄༷་ས྄ུ༷་དྭངས྄༷་མ྄༷་སྐ྄ུ༷་དང྄༷་ཡ྄ེ༷་ཤེས་྄༷ཀྱི་རང་བཞིན་ཆ྄ེ༷ན་པོར྄༷་མངོན྄༷་སུམ་དུ་གྱུར་པས།ཡུལ་ལྟར་སྣང་བའི་འཁོར྄༷་བ྄༷་མ྄༷་སྤངས྄༷་སངས྄༷་རྒྱས྄༷་ཉིད་྄༷དུ་྄༷གྲོལ྄༷་བ་དང་།ཡུལ་ཅན་ལྟར་སྣང་བའི་བདག྄༷་ལྟ྄༷་མ྄༷་སྤངས྄༷་ལྷུན྄༷་གྲུབ྄༷་སྐུ་དང་ཡེ་ཤེས་ཀྱི་རོལ྄༷་པར་྄༷ཞ྄ི༷་བ་སྟེ།རྒྱུ་བདག་ལྟ་དང་དེས་བསྐྱེད་པའི་འཁོར་བའི་སྣང་སེམས་ཐམས་ཅད་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་ལྟར་བློ་ནོར་བའི་རྣམ་རྟོག་ཙམ་ལས་དོན་དུ་གྲུབ་པ་མེད་པས་སྤངས་པ་ཡང་མེད་པའི་དོན་རྟོགས་པ་དང་།གཞིར་གནས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་གཉིས་དུས་མཉམ་པའོ། །དེ་ལྟར་ན་སྔོན་ཚེ་དཔལ་ཆེན་པོས་རཱུ་ཏྲ་བསྒྲལ་ཚུལ་གསུངས་པ་དེ་ཡང་རྣམས་པ་འཁོར་བའི་སྒོ་དང་བསྟུན་ནས་བསྒྲལ་བྱ་སྒྲོལ་བྱེད་གཉིས་ཅར་གཟུགས་སུ་བཅོས་པའམ་ཚུར་མཐོང་གི་ངོར་སྣང་ཙམ་དུ་ཤར་བ་ལས་སངས་རྒྱས་རང་ངོས་ནས་འདི་བཞིན་ཡིན་པར་ཤེས་དགོས་སོ། །ལེའུའི་སྐབས་དོན་བསྡུ་བ་ནི།ཤེས་རིག་རྡོ་རྗེ་ནས།རང་གྲོལ་གྱི་ཚུལ་བསྟན་པའི་ཏེ་ལྔ་པའོ༔ བཞི་པ་རྒྱུད་དོན་བདེ་བླག་ཏུ་རྟོགས་ཤིང་གྲོལ་བ་མངོན་དུ་གྱུར་པའི་ཕྱིར་སྨོན་ལམ་གདབ་པ་ནི།གཞི་དབྱིངས་ནས།དམ་བཅའ་བཞག༔ ཅེས་གསུངས་ཏེ།དེ་ཡང་སྐབས་གཞན་དུ་འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་རྩ་ཆེ་ཕྲ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་བཞེད་པ་ལྟར།འདིར་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་གཞ྄ི༷་དབྱིངས྄༷་བདེ་བར་གཤེགས་པའི་སྙིང་པོ་ནི་དོན྄༷་གྱ྄ི༷་སངས྄༷་རྒྱས྄༷་དངོས་ཏེ།དེའི་ཡིན་ལུགས་ཚུལ་བཞིན་རྟོགས་ནས་མངོན་དུ་གྱུར་པའི་ངང་དུ་མཉམ་པར་འཇོག་པ་རབ།དེ་ལྟར་མི་ཤེས་པ་རྣམས་ཀྱིས་ཀྱང་མདུན་གྱི་ནམ་མཁར་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་གསལ་བཏབ་པ་སྨོན་ལམ་འགྲུབ་པའི་དཔང྄༷་དུ་བཙུག་སྟ྄ེ༷།དེ་དག་གི་སྤྱན་སྔར་རྒྱུད་དོན་རྣམས་ཡིད་ཀྱིས་སྨོན྄༷་ཞིང་ཚིག་གི་ལམ྄༷་དུ་དྲངས་ཏེ་བསམ་པ་རང་དོན་ཡིད་བྱེད་དང་སྦྱོར་བ་ངག་འཁྱལ་བྲེ་མོའི་གཏམ་དང་མ་འདྲེས་པས།རྣམ྄༷་པར྄༷་དག྄༷་པ་྄༷བརྗོད་པས་གནས་སྐབས་སུ་ཉམས་རྟོགས་ཀྱི་ཡོན་ཏན་སྔར་མེད་གསར་དུ་སྐྱེ་བ་དང་།ཅུང་ཟད་སྐྱེས་པ་རྣམས་ཀྱང་གོང་ནས་གོང་་འཕེལ་དུ་འགྲོ་བའ྄ི༷་སྟོབས྄༷་བསྐྱེད྄༷་ནས྄༷་རྣམ྄༷་པ་ཐམས་ཅད་མཁྱེན྄༷་པ་སངས་྄༷རྒྱས་ཀྱི་ས྄༷་ར྄ུ༷་འགོད་པའི་དམ྄༷་བཅའམ྄༷་ས་བོན་བཞ྄༷ག་པ་ཡིན་པས་མཐར་ཐུག་སངས་རྒྱས་འགྲུབ་པ་གདོན་མི་ཟ་བར་ངེས་པས།ཐུན་མཚམས་རྣམས་སུ་འདིའི་སྨོན་ལམ་ཟུར་དུ་བཞུགས་པ་ཡང་མི་ཆག་པར་གདབ་དགོས་སོ། །ལྔ་པ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འདའ་ཀ་མའི་མན་ངག་སོགས་ལ་བརྟེན་པ་ནི།དུས་ཀུན་ནས།མཆོག་ཏུ་གཅེས༔ ཞེས་གསུངས་ཏེ།ཚེ་འདིར་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་གསེང་ལམ་ནས་འཕོ་ཆེན་དང་འཇའ་ལུས་དྭངས་མར་གྲོལ་ནུས་པ་རྣས་ལ་འདི་མི་དགོས་ཀྱང་།དེ་ལྟ་བུའི་གྲུབ་མཐའ་མ་སྙོགས་པ་རྣམས་འཆི་བའི་ཚེ།སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་གམ།ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པ་ལ་སྦྱངས་པ་དང་གཉིས་ལས།དང་པོ་ནི། །སེང་གེའི་ཉལ་ལུགས་ལ་གནས་པས་ཤེས་པ་མིག་ལ་གཏད།མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པའི་ངང་ནས་འཚོ་བའི་འདུ་བྱེད་བཏང་བས་སྐད་ཅིག་མར་གྲོལ་བར་འགྱུར་རོ། །གཉིས་པ་ནི།རླུང་ཐ་མའི་ཕྱིར་འགྲོ་དུས་སྙིང་ག་ན་རིག་པ་ཨ་དཀར་པོ་ཞིག་ཏུ་བསམ་ལ་ཚངས་བུག་ནས་རྒྱང་གིས་སོང་བར་བསམ་པའི་མོད་ལ་ཧིག་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་གྲོལ་ལོ། །འདི་དག་ནི་ད་ལྟ་ནས་འབྱོངས་པ་གལ་ཆེ་བས།ཐུན་མཚམས་ཀྱི་དུས྄༷་ཀུན྄༷་ཏུ།ནམ་མཁའ་དྭངས་པའི་ཚེ་རིག་པ་དབྱིངས་སུ་གཏད་དེ་བདག་ངེས་པར་འཆ྄ི༷་པའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་དབུགས་ཕྱིར་འཕངས་པའི་ཕྱི་ལ་ཤིས་པ་གཏད་མེད་དུ་འཇོག་པ་སྟེ་འདི་ལ་ཡང་ཡང་སྦྱངས྄༷་པ་དང྄༷་གོམས་པར་བྱེད་པ་ན྄ི༷་ཤིན་ཏུ་མྱུར་བའི་ལམ་མོ། །ཤེས་བྱ་བུམ་པར་བསྡུ་བ་ནི།མཚན་མོ་ལ་ཆ་གསུམ་དུ་བྱས་པའི་སྲོད་ལ་དྲང་སྲོང་གི་འདུག་སྟངས་དང་བཅས་དབང་པོ་གནད་དུ་བསྡ྄ུ༷་བ་ནི།ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར།དབུ་མ་ནས་ཡར་སོང་༔ སྤྱི་བོའི་ཧཾ་ཡིག་ལ་ཕོག་པས་ཐིག་ལེའི་ཐིག་པས་མེའི་གསོས་བྱས།ཤིན་དུ་འབར།ལས་དང་བག་ཆགས་བསྲེགས།བདེ་སྟོང་གི་ངང་ལ་བཞག་པའོ།གཉིད་འོད་གསལ་དུ་སྦ྄༷་བ་ནི།སྙིང་གའི་དབུས་སུ་ཨ་དཀར་ཤེལ་གྱི་ཕྲེང་བརྒྱུས་པ་ལྟ་བུ་གཅིག་ལ་གཅིག་ཐིམ་གྱི་རྐྱེན་ལས་དབུ་མའི་ནང་རྒྱ་དཀར་ལ་ཉི་ཞུར་གསལ་བ་ལྟར་བསྒོམ་སྟེ།དེ་ལྟ་བུ་ཡ྄ི༷་མན྄༷་ངག་གི་གནད྄༷་ཁྱད་པར་ཅན་ལ྄༷་བསླབ྄༷་པ྄༷་མཆོག྄༷་ཏ྄ུ༷་གཅེས྄༷་ས྄ོ༷། །བརྒྱད་པ་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཆོས་ཤན་འབྱེད་ཀྱི་འཕྱོངས་བསྟན་པ་ལ་།ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ།སྒྲོ་འདོགས་ཆོད་ནས་ཉམས་སུ་ལེན་དགོས་པར་གདམས་པའོ། །དང་པོ་ནི།ཀུན་གཞི་ནས།སྟོགས་པ་ངེས༔ ཞེས་གསུངས་ཏེ།ཀུན་གཞི་དང་ཆོས་སྐུའི།ཡིད་དང་ཤེས་རབ་ཀྱི།སེམས་དང་རིག་པའི།རྣམ་ཤེས་དང་ཡེ་ཤེས་ཀྱི།གྲོལ་བ་དང་འཁྲུལ་པའི།གོ་བ་དང་རྟོགས་པའི་ཤན་འབྱེད་དེ་དྲུག་ལས།དང་པོ་ལ་གཉིས་ལས།ཀུན་གཞི་ནི་ཤིན་དུ་ཕྲ་ཞིང་དཔྱོད་མི་འཇུག་པའི་ངར་འཛིན་ཕྲ་བ་གཅིག་སྐྱེས་པ་མ་རིག་པ་སྟེ་མུན་པ་ལྟ་བུ།གདོད་མའི་ཡེ་གཞི་ནམ་མཁའ་ལྟ་བུ་སྟེ།དེ་དག་ལྷན་གཅིག་དུས་འཛོམ་པའི་ཚེ་དྲན་མེད་སྟོང་ཧད་དེ་བ།གཉིད་འཐུག་དང་བརྒྱལ་བའི་གནས་སྐབས་ལྟ་བུ་ནི་ཀུན་གཞི་མཚན་ཉིད་པ་དང་།འཕྲལ་གསལ་གྱི་ཀུན་གཞིའི་རྣམ་ཤེས་ནི་སྟོང་པའི་ངང་དུ་སང་ངེར་བཞག་ནས་བསྒོམ་པས་འགྱུ་དྲན་གྱི་རྟོག་ཚོགས་གོ་འགགས་པས་སྟོང་གསལ་གྱི་ལེ་བ་ཞིག་འཆར་བའོ། །གཉིས་པ་ཆོས་སྐུ་ནི།ཀུན྄༷་གཞི་྄༷གཉིས་ཀྱི་དབྱིངས྄༷་ལུང་མ་བསྟན་དུ་མ་སོང་བར་མངོན་དུ་གྱུར྄༷་པ་ནི་ཆོས྄༷་སྐ྄ུ༷་ཀུན྄༷་ཏ྄ུ༷་བཟང྄༷་པོ་སྟེ།དེ་ཡང་བེམ་སྟོང་ཧད་དེ་བ་མ་ཡིན་པར།མ་བཅོས་རང་བབས་སུ་བཞག་པས་རང་གྲོལ་བ།ཤེས་རབ་ཆེན་པོས་རང་གསལ་བ།གདངས་རྩལ་གྱི་གོ་མ་འགགས་པ།ཡུལ་ལ་མི་འཇུག་པ་དང་ལྡན་པ་ནི་རྒྱུ་ཡི་ཆོས་སྐུ་དང་།དེ་ལྟར་བཅོས་སུ་མེད་པ་དེ་ཡང་ངང་གིས་དྭངས་ནས་རང་བྱུང་དབུས་མཐའ་དག་བྲལ་བའི་དབྱིངས་སུ་གཉིས་མེད་ཆེན་པོར་འབྱམས་ཀླས་པ་མཁྱེན་གཟིགས་ཀྱི་ཡེ་ཤེས་ཆེན་པོའི་གཏིང་གསལ་ཏེ་སངས་རྒྱས་པའི་མཚན་ཉིད་ཐམས་ཅད་མངོན་དུ་གྱུར་པ་ནི་འབྲས་བུའི་ཆོས་སྐུའོ། །དང་པོ་ནི།ངོ་བོའི་ངང་ལ་ཤེས་པས་ལམ་བྱེད་པ་དང་།གཉིས་པ་དེ་གཉིས་ཀ་འབྲས་བུ་ཆེན་པོས་བསྲེགས་ཏེ་དེ་ཉིད་དུ་འབྱམས་ཀླས་པའོ། །གཉིས་པ་ལ་ཡང་ཡིད་དང་ཤེས་རབ་གཉིས་ལས།དང་པོ་ནི།ཤེས་རབ་ཀྱི་གདངས་རྩལ་ཀུན་གཞིས་བསྒྲིབས་པ་ལས་བྱུང་བ་ཡིན་ཏེ།གདངས་སམ་ཡིད་རྟོག་མེད་ནི་སྣང་སེམས་ཐམས་ཅད་རང་ཤེས་སུ་ཡིད་ལ་འཁྲུལ་པའི་གཞི་འཛིན་པ་དེ་ཡིན་ནོ། །རྩལ་ལམ་ཡིད་རྟོག་བཅས་ནི་བསླབ་པ་དང་མ་བསླབ་པའི་བྱ་བྱེད་ཐམས་ཅད་ཤེས་ནས་འཛིན་པ་དེ་ཡིན་ནོ། །གཉིས་པ་ཡིད྄༷་ཤེས྄༷་ཀྱི་དབྱིངས྄༷་མངོན་དུ་གྱུར྄༷་པ་ཤེས྄༷་རབ྄༷་ཆེན་྄༷པ྄ོ༷་ཉིད྄༷་ལ྄༷་ཡང྄༷་།མངོན་གྱུར་གྱི་ཤེས་རབ་དང་།ལམ་གྱི་ཤེས་རབ་གཉིས་ལས།དང་པོ་ནི།ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུག་ས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་མངོན་དུ་གྱུར་པ་ཡིན།གཉིས་པ་ནི།ཤེས་པ་རྒྱ་ཡན་ཟང་ཀ་མ་ངོས་བཟུང་ནས་བློ་ཡིད་རྟོགས་པས་མ་བཅོས་པ་རང་བཞགས་དུ་ལམ་བྱས་པས་ངོ་བོ་སྟོང་པ།རང་བཞིན་གསལ་བ།ཐུགས་རྗེ་རང་གྲོ་བ།ཡུལ་ལ་མི་འཇུག་པ།གོ་མ་འགགས་པའོ། །དེ་ལ་གོམས་པས་ཚིག་དོན་ཀློང་རྡོལ་དུ་འབྱུང་བ་དེའི་རྩལ་དང་།དེ་ལ་ཡང་མངོན་པའི་ང་རྒྱལ་སྐྱེས་ཏེ་ཞེན་པར་གྱུར་ན་ཤེར་རབ་འགྲིབ་ཅིང་ལམ་ལས་ལྡོག་པ་སྟེ་དཔེར་ན་རྙེད་པ་ཆེན་པོ་ཐོབ་ལ་ཁད་དུ་ཡོད་ཚེ་རྐུན་པོ་ཤོར་བ་ལྟ་བུའོ། །དེའི་ཕྱིར་ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཀློང་རྡོལ་བའི་ཚེ་གོལ་འཆུག་ཏུ་མི་འགྲོ་བའི་གནད་ཤེས་པ་གལ་ཆེའོ། །ཡིད་ནི་སེམས་ཀྱི་གཞི་ཡིན་ཏེ་བཅས་བཅོས་དང་སྤོང་ལེན་མྱོང་ཞེན་ཅན་དེ་ལ་ལམ་དུ་མི་བྱ་བ་གནད་དོ། །ཤེས་རབ་ནི་ཅི་ཡང་མ་བྱས་པ་ཉིད་དེ་ལམ་ཡང་དག་པ་ཡིན་པས་ཤེས་བྱའི་གཙོ་བོའོ། །གསུམ་པ་ལ་སེམས་དང་རིག་པ་གཉིས་ལས།དང་པོ་སེམས་ཞེས་བྱ་བ་ནི་འཁོར་བའི་ངོ་བོ།རྒྱུ་མ་རིག་པ།འཕྲུལ་སྣང་བ།རྩལ་རྣམ་པར་རྟོག་པ།རོལ་པ་ཀུན་རྫོབ་བོ།དེ་ལ་དབྱེ་ན་འཁྲུལ་པའི་སེམས་དང་།ལམ་ཚོལ་གྱི་སེམས་གཉིས་སུ་ཡོད་དེ།དང་པོ་ནི།སེམས་ཅན་ཐམས་ཅད་ཀྱི་སེམས་འཁྲུལ་པའི་འཁོར་ལོ་ཅན་ནོ། །གཉིས་པ་ནི།ཡང་དག་པའི་ལམ་དུ་འཛུད་པར་འདོད་ནས་སེམས་ལ་ལམ་བྱེད་པ་ཐམས་ཅད་དོ། །དེ་དག་གི་རྒྱུ་ནི་འཁོར་བའི་གཞིས་བསྐྱེད་པའི་ཕྱིར་འབྲས་བུ་ཡང་འཁོར་བ་ཁོ་ནའི་ཕྱོགས་སུ་ངེས་པས་ཀུན་རྫོབ་བོ། །སེམས྄༷་ཉིད྄༷་ཀྱི་དབྱིངས་མངོན྄༷་གྱ྄ུ༷ར་པ྄༷་རིག྄༷་པ྄༷་ནི་ཤེས་རབ་ཆེན་པོས་དབང་བསྒྱུར་བ་ལ་བྱ་སྟེ།དེའི་ཚེ་ཡང་གཞི་ཆོས་སྐུ།གདངས་ཤེས་རབ།རྩལ་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པ་སྟེ།སྐུ་གསུམ་ལྷུན་གྲུབ་ཀྱི་གཞིས་བསྐྱེད་པའི་ཕྱིར་ལྟ་སྒོམ་ཐམས་ཅད་རྣམ་མཁྱེན་གྱི་འབྲས་བུར་གྱུར་པ་ཁོ་ན་ཡིན་པས་ལམ྄༷་གྱ྄ི༷་མཆོག྄༷་ཡང་དག་པའོ།གཉིས་པ་རིག་པ་ལ་རྒྱུའི་རིག་པ་དང་།འབྲས་བུའི་རིག་པ་གཉིས་ཡོད་པ་ལས།དང་པོ་ནི།ངོ་བོ་ཁྱབ་གདལ་དབུས་མཐའ་དང་བྲལ་བའི་ངང་དུ་རང་བབས་མ་བཅོས་པར་ཡན་པའི་ཤེས་རབ་ཆེན་པོས་དབང་བསྒྱུར་ཞིང།གདངས་རྩལ་གྱི་གོ་མ་འགགས་པ་ཡུལ་གྱི་རྐྱེན་མི་འཇུག་ཅིང་ཡུལ་ལ་མ་འདྲེས་པའོ། །དེ་ཡང་ལས་དང་པོ་པས་ངོ་འཕྲོད་ཀྱང་བརྗེད་ངེས་ཆེ་སྟེ་གནས་འཁྲུལ་གྱི་ཐོབ་ཤོར་ཅན་དུ་ཡོད་པའི་བློ་དང་ཡིད་ཀྱི་འཛིན་རྩོལ་ཕྲ་བ་བག་ཉལ་དུ་ཡོད་པའི་བརྡར་སྐབས་གཉིས་མཆིས་པ་ཡིན།དེ་ནི་ལམ་དུ་ཞུགས་པ་ཙམ་ལས་བརྟན་ཐོབ་དང་སོ་ཟིན་མེད་པའི་ཕྱིར་ལམ་ཤེས་པ་ཙམ་གྱི་གནས་སྐབས་སོ། །དེ་ལ་ཆེས་ཆེར་གོམས་པའི་སྟོབས་ཀྱིས་ཉིན་སྣང་དུ་གནས་འཁྲུལ་གྱི་སྐབས་མེད་པར་ངང་གནས་གྱི་ངང་དུ་འབྱམས་ཀླས་པ།རྨི་སྣང་དུ་དེ་ལྟར་མ་ཡིན་པར་རེས་འགའ་ངང་གནས་གྱི་དབང་དང་།རེས་འགའ་ཡེངས་འཁྲུལ་དུ་འཁྱོལ་བའི་དུས་དེ་ནི་ལམ་ཐོབ་པ་ཙམ་གྱི་གནས་སྐབས་ཡིན་པས་ལམ་ཐོབ་ཀྱི་རིག་པའོ། །དེ་ལ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱིས་རྨི་སྣང་དང་ཉིན་སྣང་ཐམས་ཅད་དུ་རིག་པ་རང་གི་དབང་ལས་གཞན་དུ་མི་འགྱུར་བ་ནི་ཀློང་དུ་གྱུར་པའི་རིག་པའོ།དུས་དང་རྣམ་པ་ཀུན་ཏུ་རིག་པའི་འོད་གསལ་ཆེན་པོ་ལས་དུས་དང་སྐབས་མི་འབྱེད་པར་དཔེར་ན་ནམ་ལངས་ཚེ་ཉིན་མོ་ལས་མུན་པ་མེད་པ་ལྟར་རིག་པ་མངོན་དུ་གྱུར་ཏེ་ལྟ་སྒོམ་ཕྲ་རགས་ཀྱི་འཛིན་སྟངས་ཐམས་ཅད་རང་སར་ཞིག་ནས་སེམས་ཀྱི་དྲི་མ་མི་འབྱུང་བ་ནི་གདིང་ཐོབ་ཀྱི་རིག་པའོ། །ད་དུང་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པ་དེ་ནི།ཀུན་གཞིའི་སྒྲིབ་པ་ལས་མ་འདས་པའི་བརྡ་རུ་མཆིས་པས་རྒྱུ་ཡི་རིག་པ་ཡིན།དེའི་མཚོན་དཔེ་ནམ་ལངས་ཏེ་ཉི་མ་མ་ཤར་བ་ལྟ་བུའོ། །ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པས་རྒྱུའི་རིག་པ་འབྲས་བུ་ཆེན་པོའི་དབྱིངས་སུ་སད་དེ་ཆོས་སྐུ་མཚན་མ་དང་བྲལ་བའི་ལྷུམས་སུ་ཞུགས་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ་ནི་འབྲས་བུའི་རིག་པའོ། །དཔེར་ན་ཉི་མ་ཤར་ཚེ་ནམ་ལངས་པའི་འོད་དེ་ཡང་ཉི་འོད་དུ་ཡལ་བ་ལྟར་འབྲས་བུའི་རིག་པ་ཆོད་ཆེ་བའོ། །དང་པོའི་གནས་སྐབས་ན་རིག་པ་ངོ་འཕྲོད་ཀྱང་འཁོར་བ་ལས་སྤུ་རྩེ་ཙམ་ཡང་མ་འཕགས་པས་རྒྱུ་རུ་བཞག་པ་དང་སྤྱིར་འབྲས་བུའི་ཐེག་པར་སྨྲ་བའི་རྒྱུ་མཚན་ནི།མ་འོངས་པ་ན་འབྲས་བུ་སངས་རྒྱས་ཐོབ་པར་རློམས་ནས།ད་ལྟ་ལུས་ངག་བློ་ཡིད་ཀྱིས་དགེ་བ་རྒྱུ་རུ་བསྒྲུབས་པ་ལྟར་མ་ཡིན་པར།ཆོས་ཉིད་རང་ལ་ལམ་བྱས་ནས་བསྒོམས་པས་རང་སར་གྲོལ་བ་ལས།འབྲས་བུ་ལེན་ཐོབ་མེད་པས་ན་འབྲས་བའི་ཐེག་པར་བརྗོད་པའོ། །བཞི་པ་ལ་ཡང་རྣམ་ཤེས་དང་ཡེ་ཤེས་གཉིས་ལས།དང་པོ་ནི།་ཤེས་རབ་ཀྱི་མིག་བསྒྲིབས་ནས་ཀུན་གཞི་ལས་ཚོགས་པ་མཆེད་པ། །དུམ་བུར་འཕྲོ་བ།སྐྱེ་ཞིང་འགགས་པ་ཅན་འཁོར་བར་འདུ་བྱེད་པ་རྟོགས་ཤིང་དཔྱོད་པའི་རང་བཞིན་ཅན་ནོ། །གཉིས་པ་ནི།རྣམ྄༷་ཤེས྄༷་ཀྱི་དབྱིངས་མངོན྄༷་སུམ་དུ་གྱུར྄༷་པའི་ཚེ་སྔར་མེད་པའི་ཡ྄ེ༷་ཤེས་྄༷རྩལ྄༷་དུ་྄༷འབ྄༷ར་བ་ལྟར་སྣང་ཡང་དོན་དུ་ཡེ་གདོད་མ་ནས་རང་ཤར་བ་ཉིད་རྟོགས་གོམས་ཀྱིས་མངོན་དུ་གྱུར་པ་ཙམ་མོ། །མཐར་ཐུག་མ་རིག་པའི་དྲི་མ་དབྱིངས་སུ་སངས་ཏེ་རྣམ་པར་ཤེས་པ་གཞི་ལ་དེངས་པའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ནས་ས་ལམ་གྱི་བྱེ་བྲག་ཡན་ཆད་སྔ་ཕྱི་སྐྱེ་འགགས་འཕོ་འགྱུར་ཅན་གྱི་བློ་ཡིད་རྟོག་པ་ལྟ་བུ་མ་ཡིན་པར་རང་བྱུང་རང་ཤར་ཆེན་པོར་ཡོད་པ་ནི་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་སོ། །ལམ་གྱི་ཡེ་ཤེས་ནི་ཀུན་གཞིའི་སྒྲིབ་གཡོགས་དང་བྲལ་ཚེ་སྣ་ཚོགས་ཤར་བའི་སྒོ་མ་འགགས་པ་དེ་ཀའོ། །མདོར་ན་ཡེ་ཤེས་ནང་མདངས་སུ་ནུབ་པའི་གདངས་སྣང་བ་དང་རྩལ་རྣམ་པར་ཤེས་པ་ཡིན་ནོ། །ལྔ་པ་ལའང་འཁྲུལ་པ་སེམས་ཅན་དང་།གྲོལ་བ་སངས་རྒྱས་གཉིས་ལས།དང་པོ་འཁྲུལ་པའི་སེམས་ཅན་ནི་སྣོད་བཅུད་དང་བདག་དང་གཞན་དུ་སྣང་ཞིང་ཞེན་པས་རིགས་དྲུག་ཏུ་འཁྱམས་ཤིང་འཁོར་བའོ། །གཉིས་པ་ནི་སེམས྄༷་ཅན྄༷་གྱི་ང྄ོ༷་བ྄ོ༷་བདེ་བར་གཤེགས་པའི་སྙིང་པོའི་རང་ཞལ་མངོན྄༷་དུ་གྱུར྄༷་པའི་སངས྄༷་རྒྱས྄༷་ཉིད྄༷།མ྄༷་དག྄༷་སྣང྄༷་སེམས྄༷་བག་ཆགས་དང་བཅས་པ་ཟད྄༷་པས྄༷་གྲོལ྄༷་བ྄༷་དངོས྄༷་ཡིན་ཏེ།དེའི་རང་བཞིན་ནི་བརྡལ་ཁྱབ་འཕོ་འགྱུར་དང་བྲལ་བ་།ཕྱོགས་གང་དུའང་མ་ལྷུང་བ།མཐའ་ཀུན་ལས་འདས་པ། །སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ།ཡུལ་ལས་འདས་པ།སྟོན་འཁོར་དུ་མ་གྲུབ་པ།ལུས་ལས་འདས་པ།བདག་གཞན་གྱི་མཐའ་རུ་མ་ལྷུང་བ།ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་མཉམ་བརྡལ་ཤེས་རབ་ཀྱི་མདངས་མངོན་དུ་གྱུར་པ་མཚན་མ་རིས་ཆད་ཅན་དུ་མ་གྱུར་པ་ཉིད་དུ་ཤེས་དགོས་ཏེ།རྡོ་རྗེ་གཅོད་པ་ལས།གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོད་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་ལ་ཡང་གོ་བ་དང་རྟོགས་པ་གཉིས་ལས།དང་པོ་ལ་ཡང་སྟོང་ཉིད་ཀྱི་དོན་ཡིད་དཔྱོད་ཙམ་དུ་གོ་བ།སྟོང་འཛིན་སྟོང་ཉིད་དུ་གོ་བ།ལས་འབྲས་སོགས་ཀུན་རྫོབ་དུ་ཡང་མེད་པར་ལྟ་བ་རྣམས་ནི་ཕྱིན་ཅི་ལོག་གམ་ནོར་བའི་གོ་བའོ། །ཡང་དག་པའི་གོ་བ་ནི།སྣང་བ་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པས་བདག་མེད་མིག་ཡོར་ལྟ་བུ།བདེན་མེད་རྨི་ལམ་ལྟ་བུ།ཡུལ་མེད་ནམ་མཁའི་ཁོར་ཡུག་ཏུ་ཐག་གཏིང་ནས་ཆོད་པའི་མཐར།དུས་དང་རྣམ་པ་ཀུན་ཏུ་བདེན་འཛིན་མེད་པའི་ངང་དུ་མ་བཅོས་རང་བབས་སུ་གནས་པ་ནི།དང་པོའི་གནས་སྐབས་སུ་གོ་བ་རྒྱུད་ལ་ཆགས་པ་ཙམ་གྱི་སྐབས་དང་།གཉིས་པ་ག྄ོ༷་བ྄༷་གཤ྄ི༷ས་ཐོག྄༷་ཏུ་ཕེབས྄༷་པ྄༷་རྟོག྄༷ས་པར྄༷་ངེས་྄༷པ་དངོས་ནི།གཟུང་འཛིན་གྱི་ཆོས་ཐམས་ཅད་སྨིག་རྒྱུ་ལྟར་བན་བུན་དུ་ཤར་ཏེ་དེར་འཛིན་མེད་པ་རབ་རིབ་ལྟ་བུར་གྱུར་པའི་ཚེ་སྣང་བ་སྒྱུ་མར་ཤར་བའི་གནས་སྐབས་སོ། །དུས་དང་རྣམ་པ་ཀུན་ཏུ་རིག་པ་རང་གི་ཁོར་ཡུག་ལས་སེམས་སུ་མི་འཁྲུལ་པ་དང་།བློ་ཡིད་རྟོག་པས་བཟོ་མི་འཆོས་པར་རྨི་ལམ་ངོས་ཟིན་པས་བདེན་འཛིན་མེད་པ་ལྟར་དེར་འཛིན་རང་སར་ཞིག་ནས་ཆོས་དབྱིངས་ཀུན་ནས་བཟླུམས་པའི་ཀློང་དུ་འུབ་ཆུབ་ཀྱི་རོལ་པར་འབྱམས་ཀླས་པ་ནི་རྟོགས་ཤིང་གོམས་པ་མཐར་ཐུག་པའོ། །ཡང་ཤན་འབྱེད་དང་པོ་གསུམ་བསྡུ་ན།འཁྲུལ་འབྱམས་ལུང་མ་བསྟན་དུ་མ་སོང་བར་ཤེས་རབ་ཆེན་པོ་མངོན་དུ་གྱུར་པའི་དུས་སུ།ངོ་བོ་ཆོས་སྐུ།གདངས་ཤེས་རབ།རྩལ་བྱུང་ཡེ་ཤེས།རོལ་པ་དོན་དམ་པའོ། །ཤེས་རབ་ཆེན་པོ་མ་རིག་པས་བསྒྲིབས་ཚེ།ངོ་བོ་ཀུན་གཞི།གདངས་ཡིད།རྩལ་སེམས་བྱུང་།རོལ་པ་ཀུན་རྫོབ་བོ། །གཉིས་པ་དེ་ལྟར་སྒྲོ་འདོགས་ཆོད་ནས་ཉམས་སུ་ལེན་དགོས་པར་གདམས་པ་ནི།དེ་ལྟར་ཤན་འབྱེད་ནས།མཆོག་དུ་གལ༔ ཞེས་གསུངས་ཏེ།ད྄ེ༷་ལྟར྄༷་ཤན྄༷་འབྱེད྄༷་ཀྱི་གནད྄྄༷༷་རྣམས་ལ྄༷་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ནས་མ྄༷་རྨ྄ོ༷ངས་པར྄༷་ཤེས་པ་གལ་ཆེ་བའི་ཚུལ།རྒྱུད་བླ་མ་ལས།ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག།ཅེས་གསུངས་སོ། །ཡང་ཤེས་པ་ཙམ་གྱིས་མི་ཆོག་པར།ངོ་འཕྲོད་ལུང་མ་བསྟན་དུ་མ་སོང་ཞིང་གྲོལ་བ་མངོན་དུ་མ་གྱུར་ཀྱི་བར་དུ་ཉིད་མཚན་གཡེལ་བ་མེད་པར་ཉམ྄༷ས་སུ་ལེན྄྄༷༷་ཅིང་གནད྄༷་ད྄ུ༷་བསྣུན྄༷་པ྄༷་མཆོག྄༷་ཏ྄ུ༷་གལ྄༷་ཆེ་བའི་ཚུལ་ཡང་།ཀུན་མཁྱེན་ཆོས་རྗེས།རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན།རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་དང་།རྒྱལ་ཚབ་བྱམས་པས།མ་ཐོས་པར་ཡང་དོན་རྟོགས་འགྱུར་ན་སངས་རྒྱས་རྣམས་ཀྱིས་གསུངས་པ་དོན་མེད་འགྱུར། །མ་བསྒོམས་པར་ཡང་དོན་རྟོགས་འགྱུར་ན་རྣལ་འབྱོར་རྣམས་ཀྱིས་བསྒོམས་པ་དོན་མེད་འགྱུར། །ཞེས་གསུངས་པ་ལྟར་རྟོགས་གོམས་ཟུང་དུ་འབྲེལ་བ་ཞིག་ཡང་དག་པའི་ལམ་གྱི་མཚན་ཉིད་ཀྱང་ཡིན་ནོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་ནས།དྲུག་པའོ༔ དེ་ཡན་ཆད་ཀྱིས་ཀ་དག་ཁྲེགས་ཆོད་ཀྱི་ལམ་རྒྱས་པར་བཤད་པ་སོང་ནས།གཉིས་པ་དེ་དག་གི་འཇུག་བསྡུས་ཏེ་བསྟན་པ་ནི།དེ་ལྟར྄༷་གནས་ལུགས་ནས།གནད་ལྡན་བྱ༔ ཞེས་གསུངས་ཏེ།དེ་ལྟར་གདོད་མ་གཞིའི་གནས྄༷་ལུགས྄༷་མངོན྄༷་སུམ་དུ་གྱུར་྄༷པ་ལམ་གྱི་རྫོགས྄྄༵༷་པ྄༷་ཆེན྄༷་པོའ྄ི༷་ཡིན་྄༷ལུགས྄༷་ཚ྄ུ༷ལ་བཞིན྄༷་རྟོགས྄༷་པའ྄ི༷་ཤེས྄༷་རབ྄༷་ཀྱིས་྄༷དཔྱད་དོན་མཐར་ཐུག་སྟེ་ཀུན་གཟུགས་ཤེར་རབ་ཆེན་པོས་མངོན་སུམ་དུ་གྱུར་པ་ལྟ྄༷་བ།རྒྱུན་དུ་རིག་པ་རང་གྲོལ་ཆེན་པོ་ལ་རང་དབང་བསྒྱུར་བ་ལས་མི་འདའ་བ་སྒོམ྄༷་པ། །སྤྱོད་པའི་གནད་ཀྱང་ལྟ་བའི་ཕྱོགས་སུ་སྤྱོད྄༷་པ྄༷་མི་འཆོལ་བ་མི་དགེ་བའི་བསམ་སྦྱོར་དུག་བཞིན་དུ་སྤངས་ནས།ཞི་དུལ་བག་ཡོད་དང་ལྡན་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་དང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ་དོན་དམ་རྩོལ་མེད་ཀྱི་གནས་ལུགས་སྐྱོང་བ་རྫོགས་སངས་རྒྱས་པའི་ལམ་མ་ནོར་བར་ཤེས་ནས་ཀུན་རྫོབ་རྩོལ་བཅས་ཀྱི་དགེ་བ་གང་གིས་ཀྱང་ཟིལ་གྱིས་མི་གནོན་པ་སེངྒེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས།དེ་ལྟ་བུའི་ལྟ་སྒོམ་སྤྱོད་པ་གསུམ་ཡ་བྲལ་དུ་མ་སོང་བར་གཅིག྄༷་དུ་དྲིལ྄༷་ནས་གནད྄༷་དང་ལྡན྄༷་པར་ཉམས་སུ་བླངས་པར་བྱ྄༷ས་པས་ཚད་གསུམ་རྨི་ལམ་དུ་འབྱུང་བ་སྟེ།རབ་ཀྱིས་རྨི་ལམ་འོད་གསལ་དུ་དག་ནས་ཁོར་ཡུག་འདྲེས་པ་ནི་ཆོས་ཀྱི་སྐུར་འཚང་རྒྱ།འབྲིང་གི་རྨི་ལམ་རྨི་ལམ་དུ་ངོ་ཤེས་ནས་སྤྲུལ་བསྒྱུར་ནས་པའི་དུས་ན་སྤྲུལ་པའི་སྐུ་རུ་དབུགས་འབྱིན།ཐ་མས་བག་ཆགས་ང་གོམས་ཀྱི་རྨི་ལམ་རྒྱུན་ཆད་དེ་བཟང་པོ་ཁོ་ན་རྨི་བའི་དུས་སུ་སྐྱེས་བ་སྤྲུལ་པའི་སྐུར་དབུགས་དབྱུང་ཐོབ་པ་ཁོ་ནར་ངེས་པའོ། །སྤྱོད་པའི་རྟགས་ཀྱང་ཆོས་བརྒྱུད་ཀྱི་བྱ་བ་ལ་མི་འཇུག་པར་བྱ་བྲལ་དུ་གནས་པ་ཁོ་ནའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་བསྟན་པ་ལ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས།དང་པོ་ནི།ལམ་གྱི་ལམ་མཆོག་ནས།མྱུར་དུ་གྲོལ༔ ཞེས་གསུངས་ཏེ།དེ་ཡང་རིམ་དགུའི་ལ྄༷མ་ཐམས་ཅད་ཀྱ྄ི༷་ཡང་རྩེ་ཁྲེགས་ཆོད་ཀྱི་ལམ྄༷་ལས་ཀྱང་མཆོག྄༷་དུ་གྱུར་པའི་མྱ྄ུ༷ར་ལམ྄༷་རྡོ་རྗེ་སྙིང྄༷་པོའ྄ི༷་ཆ྄ོ༷ས།སྤྱན྄༷་དང྄༷་མང྄ོ༷ན་ཤ྄ེ༷ས་རྫ྄ུ༷་འཕྲ྄ུ༷ལ་རླབ྄༷ས་པ྄ོ༷་ཆ྄ེ༷འི་བད྄༷ག་ཉིད྄༷་འཇའ་ལུས་འཕ྄ོ༷་བ྄༷་ཆེན་྄༷པོའ྄ི༷་གྲོང྄༷་ཁྱེར་དུ་འཇུག྄༷་པ྄༷འི་འོད་གསལ་ཐ྄ོ༷ད་རྒ྄༷ལ་ལ྄༷མ་ལ་྄༷ཁྲེགས་ཆོད་ཀྱི་སྐབས་སུ་གཞིར་གནས་ཆོས་སྐུའི་རིག་པ་ངོ་འཕྲོད་ཅིང་ཅུང་ཟད་བརྟན་པ་ཐོབ་པ་རྣམས་ཀྱིས་བསྟེན྄༷་པའ྄ི༷་མྱུར་དུ་སྟེ་ཚེ་འདིའམ་བར་མ་དོར་གྲོལ་བ་མཆོག་ཐོབ་པ་གདོན་མི་ཟའོ་། །གཉིས་པ་རྒྱས་པར་བཤད་པ་ལ།སྤྱི་དོན་དང་།གཞུང་དོན་ནོ། །དང་པོ་ལ་ཁྱད་པར་གྱི་སྔོན་འགྲོ་དང་།དངོས་གཞི་ཉམས་སུ་ལེན་ཚུལ་གཉིས་ལས།དང་པོ་ནི།སྔོན་དུ་འགྲོ་བའི་ཆོ་ག་ཟབ་མོ་ཉམས་སུ་མ་བླངས་ན་དངོས་གཞི་ཉམས་སུ་ལེན་པའི་ཚེ་གེགས་དང་གོལ་ས་ཤིན་ཏུ་མང་བའི་ཕྱིར་ཐོག་མར་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བ་ལ་བརྩོན་པར་བྱ་སྟེ།དེ་ཡང་ཕྱི་ནང་གསང་གསུམ་ལྟར་དབྱེ་བའི་ཚུལ་རྣམས་འདིའི་ཁྲིད་གཞུང་གནས་ལུགས་རང་བྱུང་སོགས་ལས་ཤེས་པར་བྱས་ཏེ་ཚུལ་བཞིན་ཉམས་སུ་ལེན་དགོས་སོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་ཚུལ་ལ།ཐོད་རྒལ་ལ་སོགས་སྤྱི་ལ་གཅེས་པའི་ཆིངས།བྱེ་བྲག་ཏུ་སྐབས་འདིའི་ཤེས་བྱའི་གཙོ་བོ་ངོས་བཟུང་བ།སྒོ་གསུམ་གྱི་གནད་བསྟན་པ།གནད་གསུམ་གྱིས་འོད་གསལ་ལྟ་བ།སྒྲོན་མའི་རྣམ་པར་བཞག་པ།མི་འགུལ་བ་གསུམ་གྱིས་གཞི་བཅའ་བ།ཇི་ལྟར་ལག་ཏུ་ལེན་ཚལ་གྱི་རིམ་པ་དང་བདུན་ལས།དང་པོ་ནི།ཐེག་པ་འདིར་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ཨ་ཏིའི་ཨ་ནུ་ཞེས་བྱ་བ་སྟེ།དེ་ཡང་མདོར་བསྡུ་ན་མ་དག་པའི་རླུང་སེམས་ཀྱི་རྒྱུ་བ་མངོན་དུ་གྱུར་པའི་སྒོ་ཁ་དང་།རླུང་སེམས་ལྐོག་ཏུ་གྱུར་པའི་སྒོ་སྣ་བུག་གཉིས་ཡིན་ཏེ།དེའི་རྒྱུ་ཚུལ་གློ་བ་ན་རྩ་གྲོ་སོགས་ཙམ་འབྱུང་འཇུག་གི་རླུང་ཞེས་བྱ་བས་གང་བ་ལས་འཕེལ་ཁ་ཆེར་མཆེད་ན་ཚ་བའི་ནད་དང་།བྲི་བར་གྱུར་ན་གྲང་བའི་ནད་འབྱུང་བ་དང་།དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་དང་།སེམས་ཀྱི་རྣམ་པར་རྟོག་པའི་བཞོན་པ་ལྟ་བུ་ཞགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་རྒྱུ་བའོ། །དེའི་ཕྱིར་ན་རྩ་རླུང་འཛིན་རྩོལ་ཅན་ནི་རླུང་སེམས་བཙན་ཐབས་སུ་འཆིང་བར་བྱེད་པའི་ཐབས་ཟབ་མོ་ཡིན་ཀྱང་གེགས་དང་གོལ་ས་ཤིན་དུ་ཆེ་བ་ཡིན་ནོ། །ཉོན་མོངས་རགས་པ་རྒྱུ་བའི་སྒོ་ཁ་དང་ཕྲ་བ་ལྐོག་ཏུ་རྒྱུ་བའི་སྒོ་སྣ་བུག་གཉིས་ཡིན་ནོ། །གནས་ལུགས་གཞིའི་སྒྲོན་མ་དྲུག་ནི།སྐུ་དང་ཡེ་ཤེས་ཀྱི་འཆར་སྒོ་དང་།ཡེ་ཤེས་མངོན་དུ་གྱུར་པའི་སྒོ་ཡང་ཡིན་ནོ། །ཤེས་པས་སྣང་བ་དབང་བྱེད་ཀྱི་རྒྱུ་ལམ་དང་།ཡེ་ཤེས་ཕྲ་བ་དང་ལྐོག་གྱུར་གྱི་སྒོ་རྣ་བ་གཉིས་ཡིན་ནོ། །དེ་ལ་བརྟེན་ནས་སྒྲ་སྦྱང་བ་དང་།ཡེ་ཤེས་མངོན་གྱུར་གྱི་སྒོ་ལས་མུན་ཁྲིད་དུ་སྣང་བའི་འོད་གསལ་སྦྱང་བ་དང་།མིག་དྲི་མ་མེད་པ་སྣང་བ་མངོན་དུ་བྱེད་པའི་འཇུག་སྒོ་དང་།རྨི་ལམ་སྦྱང་བ་རྨི་ལམ་གྱི་འཇུག་སྒོ་དང་།འོད་གསལ་དང་སྤྲུལ་བསྒྱུར་ལ་གོམས་པར་བྱས་པས། །སྲིད་པ་བར་དོར་སྣང་བ་སྤྲུལ་བསྒྱུར་ལས་སྤྲུལ་སྐུའི་ཞིང་ཁམས་རྣམ་པར་དག་པ་འཕྲུལ་ཞིང་བར་དོའི་སྣང་བ་བསྒྱུར་བ་ལ་གོམ་པར་བྱ་བ་ཡིན་ནོ། །གཉིས་པ་ནི།སྒོའི་རྣམ་གྲངས་བཤད་པ་དེ་དག་ལས།སྐབས་འདིར་བྱེ་བྲག་ཏུ་བཤད་པར་བྱ་བ།སྐུ་དང་ཡེ་ཤེས་ཀྱི་སྣང་བ་མངོན་དུ་བྱེད་པའི་སྒོ་ལ།གནས་ལུགས་གཞིའི་སྒྲོན་མ་དང་།རྣལ་འབྱོར་ལམ་གྱི་སྒྲོན་མ་གཉིས་ལས།དང་པོ་ལ།སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི།ལུས་ཀྱི་དྭངས་མ་ཙཏྟི་ཤའི་སྒྲོན་མའི་སྦུབས་སུ་རྩའི་དྭངས་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་པ་རྟ་རྔ་བརྒྱད་དུ་གཤགས་པའི་ཆ་གཅིག་ཙམ་པ་ཡལ་ག་གཉིས་གྱི་རྩ་བ་གཅིག་པ་སྙིང་དབུས་སུ་ཟུག་པའི་ཡལ་ག་བ་མེད་ཀྱི་རྭ་ལྟར་རྣ་ལྟག་གཉིས་ནས་གུག་སྟེ།མིག་གི་ཨ་འབྲས་སུ་ཟུག་པའི་རྩ་བ་སྙིང་། །སྡོང་པོ་རྩ་འབྲས་བུ་མིག་སྟེ་སྒོའི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ་ཤེས་བྱ་བ་ཡིན། །དེ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་རྩ་བ་དང་སྡོང་པོ་འབྲས་བུའི་ཁྱད་པར་ཙམ་ལས་དོན་གཅིག་ཏུ་འདུ་བའི་ཕྱིར་ལམ་གྱི་གནས་སྐབས་སུ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བརྗོད་དོ། །སྣང་བ་མཐོང་ཚུལ་ནི།འོད་རྩའི་ཆ་དེའི་འོད་སྣང་མཐོང་བས་རྒྱང་ཞགས་དག་པ་ཆུའི་སྒྲོན་མ་དང་།དབང་པོའི་རྟེན་གྱི་ཆ་དེས་འཁྲུལ་སྣང་མཐོང་བས་རྒྱང་ཞགས་མ་དག་པ་ཆུའི་སྒྲོན་མ་ཞེས་བྱ་བར་གནས་སོ། །ངེས་ཚིག་ནི།རྒྱང་རིང་པོའི་གཟུགས་དང་ཁ་དོག་དང་། །རིག་པའི་སྐུ་མཐོང་ཞིང་འཛིན་པར་བྱེད་པས་དང་།དྭངས་མའི་འོད་གསལ་དེ་ཉིད་རྟོགས་ན་འཁོར་བ་དང་།མ་རྟོགས་ན་མྱང་འདས་རྒྱང་རིང་དུ་འཕེན་པས་རྒྱང་ཞེས་བྱའོ། །འཁོར་བའི་སྣང་ཆ་གཟུགས་དང་འདོད་ཡོན་སོགས་བདག་ཏུ་འཛིན་པས་འཆིང་བས་དང་། །འོད་སྣང་གཡེངས་སུ་མི་འཇུག་པར་འཆིང་བས་ན་ཞགས་ཞེས་བྱའོ། །སྣང་བ་དྭངས་སྙིགས་བྱེད་པའམ།སྣང་བ་ལ་བདག་འཛིན་བྲལ་བས་ཆུ་ཞེས་བྱའོ། །འཁྲུལ་སྣང་དབང་པོའི་རང་སྒོར་གསལ་བས་དང་།རིག་པའི་ཡེ་ཤེས་གསལ་བས་ན་སྒྲོན་མ་ཞེས་བྱའོ། །བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ལས།དང་པོ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བའི་ཡིན་ལུགས་ནི།འབྱུང་ལྔའི་སྙིགས་མ་དྭངས་མར་འཕོས་པས་འོད་ལྔ་སྟེ།དེ་ཡང་མཁར་སྣང་གི་དྭངས་མ་མཐང་ག་དང་སྔོ་སྐྱ།ཆུར་སྣང་གི་དྭངས་མ་དཀར་པོ་དང་སྐྱ་བོ།མེར་སྣང་གི་དྭངས་མ་དམར་པོ་དག་དང་ཁམ་པ།སར་སྣང་གི་དྭངས་མ་སེར་པོ་དང་སེར་སྐྱ་སེར་ནགརླུང་སྣང་གི་དྭངས་མ་ལྗང་གུ་དང་མོག་པ་ལྗང་སྐྱ།དེ་དག་ནི་དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་བཞིན་དབྱིངས་སུ་འཕོས་པའི་ཚེ་ཡང་མ་ཆད་མ་ལྷག་པར་སྣང་བའོ། །དབྱིངས་སྣང་དེ་ལམ་པའི་གང་ཟག་གིས་མཐོང་ཚུལ་ནི།སེམས་མིག་དང་མིག་ནམ་མཁའ་རྐྱེན་བྲལ་ལ་མདུང་ཚུགས་སུ་བཏད་པས་དབྱིངས་སྣང་སྔོ་རིབ་ཀྱི་རྣམ་པར་མཐོང་བ་ཕྱི་དབྱིངས་ཏེ།དེ་ཡང་སྣང་ཚུལ་དབང་བཙན་དུ་བྱས་ན།ནམ་མཁའ་ནི་སྐྱེས་བུ་དང་མ་འབྲེལ་ལ།སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པས།ཕྱིའི་ནམ་མཁའ་སྤྲིན་མེད་གོ་འབྱེད་འཆར་གཞིའི་ཆ་ཙམ་ལས་དབྱིངས་དངོས་མ་ཡིན་ནོ། །དབྱིངས་ཏེ་འཇའ་འོད་ཀྱི་གུར་ཁྱིམ་དུ་གསལ་བ་ནང་གི་དབྱིངས་ཏེ།དེ་ལས་དེ་བྱུང་བ་ལྟ་བུ་ལས་ཐ་དད་པ་ནི་མིན་ནོ། །དེ་ལྟ་བུའི་དབྱིངས་སྣང་དེ་དང་པོ་ཉི་མ་དང་ཟླ་བ་མར་མེ་སོགས་ཀྱི་གཤིས་ལ་ཁ་དོག་སྣ་ལྔ་ཚང་བ་འཇའ་རིས་ཀྱི་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ་འཇའ་ཡི་སྣམ་བུ་གྱེན་བསྒྲེང་དང་རྩིབ་ཤར་གྱི་རྣམ་པ་སྣང་བ་ཡིན་ནོ། །ལས་དང་པོ་པའི་ཟླ་བ་རེ་ཙམ་ལ་ཉིན་མོ་ཉི་མ་དང་མན་ཤེལ།མཚན་མོ་ཟླ་བ་དང་། །ནང་ནུབ་མར་མེ་ལ་བལྟས་པས་སྣང་བའི་རྟེན་བསྒྲིབས་ཏེ་འཆར་བ་ཡིན།དེ་ཡང་དང་པོ་འདར་འཕྲིག་གི་རྣམ་པར་ཤར་བ་དང་།བར་དུ་ཇེ་བརྟན་དུ་སོང་ནས་མཐར་འགུལ་འཕྲིག་མེད་པར་གནས་པའི་དུས་སུ་དཀར་ཁུང་དང་གསལ་ལམ་ལ་བལྟས་ཏེ་འོད་སྣང་བཟང་ངན་གང་སྣང་ཡང་དེར་བཞག་པ་ལས་མཛེས་མི་མཛེས་སོགས་ཀྱིས་ཡིད་ཚིམ་པ་དང་མི་ཚིམ་པའི་སྐྱོན་སྤངས་ནས་ཕྱིའི་ནམ་མཁའ་སྟོང་པ་མ་ཡིན་པའི་སྐྱ་རིབ་སྔོ་རིབ་ཙམ་མཆེད་ཀྱང་བཟང་ངན་དང་བླང་དོར་མེད་པའི་ངང་ལ་བཞག་པ་གནད་དུ་ཤེས་པར་བྱའོ། །ངེས་ཚིག་ནི།འབྱུང་ལྔ་དྭངས་པའི་དབྱིངས་ཉིད་འོད་ལྔར་སྣང་བས་དབྱིངས་དང་།དངོས་ཞེན་དག་པས་རྣམ་པར་དག་པ་ལ་བརྟེན་ནས།རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གསལ་བས་ན་སྒྲོན་མའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བའི་ཡིན་ལུགས་ནི་ནང་འབྱུང་ལྔ་པོ་དྭངས་མར་འཕོ་པས་དྭངས་མ་ལྔ་སྟེ།དེ་ཡང་སེམས་ཀྱི་དྭངས་མ་མཐིང་གར་འཕོ་པས་མཐིང་གཁྲག་གི་དྭངས་མ་དམར་པོའི་ཁ་དོག་དུ་འཕོས་པས་དམར་པོ།དེ་བཞིན་དུ་ཤའི་དྭངས་མ་སེར་པོ།དྲོད་ཀྱི་དྭངས་མ་དཀར་པོ།དབུགས་ཀྱི་དྭངས་མ་ལྗང་གུར་སྣང་བའོ། །དྭངས་མ་ལྔ་པོ་དེ་མུ་ཁྱུད་ཅན་གྱི་རྣམ་པར་སྣང་བས་ཐིག་ལེ་སྟེ་དོན་ལ་ཟླུམ་པོ་གྲྭ་ཟུར་མེད་པ་ཞིག་ཡིན་ནོ། །མཐོང་སྣང་ནི་ཀོ་མོག་ཆུ་ལ་རྡོ་བོར་བའི་རི་མོའི་རྣམ་པ་ལྟར་སྣང་བ་ཡིན་ནོ། །ངེས་ཚིག་ནི།མུ་ཏིག་ཕྲེང་བ་ལས།ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པ་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་སོ། །དེ་ཡང་སྙིང་དབུས་ཀ་ཏི་ཤེས་སྦུག་གི་ནང་ན་ཡོད་པ་ནང་གི་དབྱིངས་ཐིག་དང་།གཟིགས་སྟངས་ཀྱིས་གཅུན་པས་ཕྱིར་སྣང་བ་གདངས་ཀྱི་དབྱིངས་ཐིག་སྟེ་གཉིས་སུ་བཞེད་དོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བའི་ཡིན་ལུགས་ནི། །ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་འགགས་པ་མེད་པ་མཚོན་པའི་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ཡེ་ནས་འབྲལ་མེད་དུ་གནས་པའི་སེམས་ཀྱི་ངོ་བོ་ཡེ་ཤེས་སོ། །དེ་སྣང་ཚུལ་ནི།རྒྱང་ཞགས་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དྭངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་ཚིག་དོན་ཀློང་རྡོལ་དུ་འཆར་བ་ནི་དེའི་རྩ་ལ་ཡིན་ནོ། །དེ་ལས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུག་གུ་རྒྱུད་ནི་དབྱིངས་རྣམ་པར་དག་པའི་ཀློང་དུ་མུ་ཏིག་བསྟར་ལ་བརྒྱུས་པའམ་གསེར་གྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཞེས་བྱ་སྟེ།དེ་ཡང་རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ།རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་སྣང་བ།ཐིག་ལེའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོགས་མཚམས་སུ་ཐིག་ལེ་ཡོད་པ།རྒྱུ་མིང་འབྲས་བུ་ལ་ཆགས་པས་མིང་ལའང་རྡོ་རྗེའི་ལུ་གུ་རྒྱུད་ཅེས་བྱའོ།དེ་ཡང་དང་པོའི་གནས་སྐབས་དང་བར་དུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་།མཐར་དྲྭ་བ་དང་དྲྭ་ཕྱེད་ཀྱི་རྣམ་པར་འཆར་བ་ཡིན་ནོ། །དེ་རྣམས་ནི་ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱི་དབྱེ་བའོ། །ངེས་ཚིག་ནི།མུ་ཏིག་ཕྲེང་བ་ལས།ཤེས་པར་ཆོས་རྣམས་གཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །སྒྲོན་མས་འཆར་བྱེད་སྒོ་མ་འགགས། །ཞེས་སོ། །གཉིས་པ་འཆར་བ་ལམ་གྱི་སྒྲོན་མ་བཞི་ནི།རྒྱང་ཞགས་ཆུའི་སྒྲོན་མ།དབྱིངས་རྣམ་དག་གི་སྒྲོན་མ།ཐིག་ལེ་སྟོང་པའི་སྒྲོན་མ།ཤེས་རབ་རང་བྱུང་གི་སྒྲོན་མ་དང་བཞི་སྟེ།རྣལ་འབྱོར་པའི་ལམ་གྱི་གནས་སྐབས་སུ་སྒྲོན་མ་རྣམ་པ་བཞི་གནད་གཅིག་ཏུ་དྲིལ།མདོ་གཅིག་དུ་བསྡུས་ཏེ་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་དགོས་སོ། །གསུམ་པ་སྐབས་འདིའི་ཤེས་བྱའི་གཙོ་བོ་ངོས་བཟུང་བ་ནི།སྔར་ཁྲེགས་ཆོད་ཀྱི་སྐབས་སུ་གཞི་གཏན་ལ་དབབ་པའི་ཚེ་ཤེས་པ་དང་པོ་མ་དག་པ་ཡུལ་གྱི་རྣམ་པར་མཆེད་པ་རྣམ་པར་རྟོག་པ་ཕྱི་མས་ཉེ་བར་བླངས་ནས་འཁྲུལ་པ་ཡིན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས།ད་ཐོད་རྒལ་ཉམས་སུ་ལེན་པའི་སྐབས་ཤེས་པ་དང་པོ་འོད་གསལ་གྱི་སྣང་བ་རུ་གོ་འཕོས་ཏེ་ཤེས་པ་རང་གིས་མངོན་དུ་བྱས་པས།མ་དག་པས་སྣང་བ་དབྱིངས་སུ་ཞིག་པ་ལས་རྗེས་ལྷག་མེད་ཀྱང་ཉོན་ཡིད་ཀྱི་ཤེས་པས་ཡོད་པར་བཟུང་བ་ཙམ་ལས་མ་དག་པའི་བསྐལ་པ་ཞིག་ནས་ཡུལ་མེད་དུ་སོང་བའི་ངང་ཤེས་པ་ཐོད་རྒལ་གྱི་གནད་དམ་པ་མེད་དུ་མི་རུང་བའོ། །བཞི་པ་སྒོ་གསུམ་གྱི་གནད་བསྟན་པ་ནི།ལྐོག་གྱུར་གྱི་མུན་སྒོམ་དང་བློ་ཡིད་ཀྱིས་བཅོས་པ་ལྟ་བུ་མ་ཡིན་པར་ཤེས་རབ་ཀྱི་མིག་གིས་འོད་གསལ་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བར་བྱེད་པ་ལ།དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིངས་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཁོར་ནས་མངོན་དུ་མི་འགྱུར་བ་ནི་དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་གཅུས་ན་སྣང་བ་བཞིན་དུ་བཞུགས་སྟངས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ལ་དང་པོ་ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི།ལུས་སེང་གེའི་འདུག་སྟངས་རྐང་པ་གཉིས་ཀྱི་མཐིལ་སྤྲད་དེ་མདུན་སར་བཞག་པའི་ནང་དུ་རྡོ་རྗེའི་ཁུ་ཚུར་ས་ལ་བཙུགས་ཏེ་སྟེང་གི་ནམ་མཁར་གྱེན་དུ་བལྟ་བ་ནི་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ཡིན།དེ་ཡང་རྐང་མཐིལ་ཁ་སྦྱར་བས་ཉོན་མོངས་པའི་རླུང་རང་མལ་དུ་སྡོམ།རྡོ་རྗེའི་ཁུ་ཚུར་སར་སྦུབས་པས་ཉོན་མོངས་པའི་རྒྱུ་ལམ་གཅོད།ལྟ་སྟངས་གྱེན་དུ་གཟིར་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བའི་དགོས་པ་ཡོད་དོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི།པུས་མོ་དང་གྲུ་མོ་སར་བཙུགས་ཏེ་ལག་མཐིལ་གཉིས་ཀྱི་འགྲམ་པ་བཏེགས།རྐང་མཐིལ་གཉིས་ཕྱིར་བསྟན་ཏེ་ལྟ་སྟངས་ཐད་དྲང་དུ་ལྟ་བ་ཡིན་ནོ། །དེ་ཡང་རྐང་མཐིལ་གཉིས་ཕྱིར་བསྟན་པས་རླུང་བདེ་ལུགས་སུ་རྒྱུ།པུས་བྲང་སྦྱར་བས་ཚ་གྲང་ཆ་སྙོམས།ཚིག་བཞི་སར་བཙུག་པས་མ་དག་པའི་སྒོ་འཕར་འགོགལག་མཐིལ་གྱིས་འགྲམ་པ་བཏེགས་པས་བདེ་སྟོང་ཆ་སྙོམས།གཟིགས་སྟང་ཐད་ཀར་བཞག་པས་ཡེ་ཤེས་རང་གསལ་བའི་དགོས་པ་ཡོད་དོ།སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ནི།རྐང་མཐིལ་གཉིས་སར་ཕབ།པུས་བྲང་སྦྱར།ལག་གཉིས་པུས་མོར་བཀབ་པའི་སོར་མོ་རེའུ་མིག་ལྟར་བསྣོལ།རྒལ་པ་དྲང་པོར་བསྲང་ནས་ལྟ་སྟངས་ཐུར་དུ་ཕབ་པའོ། །དེ་ཡང་རླུང་གི་རྩལ་ནོན་པའི་ཕྱིར་རྐང་མཐིལ་རླུང་གི་དཀྱིལ་འཁོར་གནོན།བརླ་དང་འཕོ་བ་མེའི་དཀྱིལ་འཁོར་གཉིས་ཁ་སྦྱོར་བས་མ་དག་འཁོར་བའི་རླུང་རང་མལ་དུ་གསོད།པུས་མོ་ཆུས་དཀྱིལ་འཁོར་དང་ལག་མཐིལ་མེའི་དཀྱིལ་འཁོར་གཉིས་ཁ་སྦྱར་བས་ཚ་གྲང་ཆ་སྙོམས།ཡང་ལག་མཐིལ་དང་མཆན་ཁུང་མེ་ཡི་འཁོར་ལོ་གཉིས་ཁ་སྦྱར་བས་གྲང་བའི་ནད་སེལ།ལྟ་སྟངས་ཐུར་དུ་ཕབ་པས་ཀུན་གཟུགས་ཀྱི་སྤྱན་དབྱེ་བ་ཡིན་ཙམ་ལས་མ་གསུངས་ཀྱང་ཐད་དྲང་གིས་མཐོང་ཡང་ཀུན་མཁྱེན་གྱི་སྤྱན་ཕྱེ།གྱེན་ཟློག་གིས་མཐོང་ཡང་ཀུན་ཁྱབ་ཀྱི་སྤྱན་ཕྱེ་བས་ཁྱད་པར་མེད་གསུངས།ལྔ་པ་གནད་གསུམ་གྱི་འོད་གསལ་ལ་ལྟ་བའི་ཚུལ་ལ།འཆར་བྱེད་སྒོའི་གནད་ནི།མིག་ཕྱེད་བཙུམ་གྱིས་བལྟ་བ་ལས་ཧར་གྱིས་ཕྱེས་ཏེ་བལྟས་པས།མིག་གི་རྣོ་ཉམས་ཤིང་འོད་གསལ་གྱིས་སྣང་བ་མངོན་དུ་མི་འགྱུར་བས་མིག་གཅེར་གྱིས་བལྟ་བར་མི་བྱའོ། །རླུང་གི་གནད་ནི་མཆུ་སོ་བག་ཙམ་མ་རེག་པའི་བར་ནས་རླུང་འབྱུང་འཇུག་དལ་བ་ལ་བསླབ་པ་དང་།ཡུད་ཙམ་ཕྱི་རུ་འདུ་བར་བྱ་བའོ། །འཆར་གཞི་ཡུལ་གྱི་གནད་ནི།དང་པོ་ཟླ་བ་རེ་ཙམ་དུ་ཉིན་མོ་ཉི་མ་ཁྲུ་གང་མ་རེག་པའི་སར་བལྟ་བ་དང་།མཚན་མོ་ཡང་ཉིན་མོ་མིག་ལ་ཚ་བ་འཕེལ་བའི་སྐྱོན་བསལ་བ་དང་།འོད་གསལ་ལ་བརྟན་པ་ཐོབ་པའི་ཕྱིར་ཟླ་བ་ལའང་དེ་བཞིན་དུ་བལྟ་བ་དང་།མཚན་མོ་མར་མེའི་སྟེང་དུ་མིག་ཕྱེད་བཙུམ་གྱིས་བལྟས་པས།དང་པོ་དམར་སེར་རྩྭའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་།བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཕྲིག་གི་རྣམ་པར་འཆར་བ་ཡིན།ཐ་མ་ནི་དབྱིངས་སྣང་མཛེས་ཤིང་དྭངས་པ་གསལ་བ་རྒྱ་ཆེ་བར་སྣང་བ་ཡིན་ནོ། །དྲུག་པ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བའི་ཚུལ་ནི།དེ་ལྟར་ཉམས་སུ་ལེན་པའི་ཚེ།ལུས་མི་འགུལ་བ་དུར་ཁྲོད་ཀྱི་མི་རོ་ལྟ་བར་སྡོད་པ་དང་།ངག་མི་འགུལ་བ་སྨྲ་བརྗོད་དང་བཟླས་པ་ཐམས་ཅད་སྤངས་ཏེ་རླུང་སྣ་ནས་མི་གཏོང་བར་ཁ་ནས་དགག་སྒྲུབ་མེད་པར་དལ་གྱིས་བཞག་པ་ནི་རྩ་རླུང་འཛིན་རྩོལ་དང་བྲལ་བའི་གནད་ལ་བརྟེན་པ་དང་།སེམས་མ་བཅོས་པར་ཤེས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པའོ། །སྤྱིར་གནས་གང་དུ་འདུག་ཀྱང་ལུས་དྲང་པོར་བྱས་པས་རྩ་རླུང་ཐམས་ཅད་དྲང་ཞིང་སེམས་རིག་སྟོང་དུ་དེངས་ནས་ངང་བརྟན་པར་བྱེད་པའོ། །བདུན་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི།སྤྱིར་རྒྱུད་འགྲེལ་གཞན་རྣམས་ལས་བཞུགས་སྟངས་ཀྱང་གསུམ་ཙམ་དུ་མ་ཟད་གཞན་ཡང་སྣ་ཚོགས་པ་དང་།ཁྱད་པར་དབྱིངས་ལ་ཁ་ཏོག་ལྔ་ལྡན་མ་ཤར་གྱི་བར་དུ་ལྟ་སྟངས་ཐ་དད་དུ་བལྟ་བ་དང་།དབྱིངས་དང་ཐིག་ལེའི་རྭ་བར་ལུ་གུ་རྒྱུད་བཙོན་དུ་བཟུང་ནས་བསྒོམ་དགོས་པར་གསུངས་ཀྱང་།སྐབས་འདིའི་ཁྲིད་ཡིག་རྣམས་སུ་དེ་ལྟ་བུའི་དམིགས་བསལ་མ་གསུངས་ལ།ཕྱིར་གང་ལྟར་བྱས་ཀྱང་འོད་གསལ་གསལ་བ་དང་འཆར་བདེ་བ་དེ་ལྟར་དུ་སྡོད་པ་དང་།བཞུགས་སྟངས་ཀྱང་གང་བདེ་ཞིང་ཕན་པ་དང་རན་པ་གང་ཡིན་པ་ལས་གསུམ་ཀ་རྫོགས་མི་དགོས་པ་དང་།ཉམས་གོང་འཕེལ་གྱི་སྐབས་སུ་བདེ་རྩུབ་གྱི་ཉམས་སྣ་ཚོགས་འབྱུང་བར་གསུངས་པ་སོགས་ནི་འདིའི་ཁྱད་པར་ཙམ་ཡིན་པར་ཤེས་དགོས་སོ། །ཡང་སྤྲོས་པ་ལ་དགའ་ན་བཞུགས་སྟངས་རེས་མོས་སུ་སྡོད་ཅིང་བར་སྐབས་སུ་དགེ་སྦྱོར་ལ་འབད།སྤྲོས་པ་མེད་ན་བྱ་བ་དགུ་སྤྲུགས་སུ་བཏང་ནས་ཉིད་མཚན་ཁོར་ཡུག་ཏུ་བསྒོམ་པ་ལ་འབད།ཉིན་མོ་ལས་བསྒོམ་མི་ནུས་པ་རྣམ་ཀྱིས་ཉིན་མོར་བར་མཚམས་མེད་པར་འབད།མཚན་མོ་ཐུན་གྱི་སྟོད་སྨད་ཀྱི་དམིགས་བསལ་གསུམ་དང་།བར་བར་རླུང་ལྔ་རང་སར་དག་ནས་རྣམ་པར་མི་རྟོགས་པ་སྐྱེ་བའི་ཡན་ལག་ཨ་ཡིག་ཁ་དོག་ལྔ་ལྡན་བརྩེགས་མར་བསྒོམ་པ་དང་།འཆི་བ་སྦྱངས་པའི་ཚུལ་རྣམ་ཀྱང་ཤེས་པར་བྱས་ནས་བརྩོན་དགོས་སོ། །གཉིས་པ་གཞུང་གི་དོན་ལ་སྔ་སྟེ་ཁྲེགས་ཆོད་ལས་ཀྱང་ཐོད་རྒལ་ཁྱད་པ་འཕགས་ཚུལ།སྣང་བཞི་རིམ་གྱིས་འབྱུང་ཚུལ།དབང་རབ་ཚེ་འདིར་གྲོལ་ཚུལ།གོང་འཕེལ་ཉམས་ཀྱི་བྱེ་བྲགདབང་པོ་འབྲིང་ཐ་གཉིས་ཆོས་ཉིད་དང་སྲིད་པ་བར་དོར་གྲོལ་ཚུལ་ལོ། །དང་པོ་ནི།ཤེས་པ་དང་པོ་ནས།འཕོ་བའི་གདམས་པ་སྟེ།ཞེས་གསུངས་ཏེ།དེ་ཡང་སྔར་བཤད་པ་ལྟར་སྤྱིར་འགྲོ་བ་རྣམས་ཀྱི་ཉིན་མཚན་བར་དོ་གསུམ་གྱི་སྐབས་སུ་སྣང་ཚུལ་སྣ་ཚོགས་པ་ཀུན་སེམས་ཅན་སོ་སོའི་རྒྱུད་ཀྱི་ཤེས྄༷་པ྄༷་དང་྄༷པ྄ོ༷་ཡུལ྄༷་དུ་྄༷སྟེ་སྣོད་བཅུད་འདོད་ཡོན་གྱི་རྣམ་པར་མཆ྄ེ༷ད་པ་྄༷ཡ྄ི༷ད་མ་དག་སྙིག྄༷ས་མ྄༷འི་སྣ྄༷ང་བ྄༷་དེ་དག་སྐབས་འདིར་ཐབས་ལ་མཁས་པའི་ལམ་གྱིས་བཙ྄༷ན་ཐབ྄༷ས་ཉ྄ི༷ད་ད྄ུ༷་ན྄ི༷་འོད་གསལ་དྭང྄༷ས་མ྄༷འི་དབྱིངས྄༷་ས྄ུ༷་འཕ྄ོ༷་བ྄༷འི་གད྄༷མས་པ་྄༷ཡིན་པས་ན་ཁྱད་པར་འཕགས་པ་སྟ྄ེ༷།དེ་ཡང་འཁོར་བའི་སྣང་སེམས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་འཕོ་བར་བྱེད་པས་ན།ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་རྣམ་ཤེས་དབྱིབས་དང་ཁ་དོག་ཅན་དུ་བསྒོམས་ནས་སྟེང་ཕྱོགས་སུ་འཕེན་པ་ལས་ཁྱད་པར་འཕགས།སྐུ་དང་ཡེ་ཤེས་ཀྱི་རོལ་པ་མངོན་རྒྱུར་ཆེན་པོའི་ངང་དུ་བརྟན་པ་ཐོབ་པར་བྱེད་ཅིང་དོན་གྱི་སྐུ་གསུམ་རང་ཐོག་ཏུ་གྲོལ་བའི་གདམས་པ་ཡིན་པས་ན།བསྐྱེད་རིམ་ལྟ་བུའི་བློ་བཅོས་ཡིད་བྱེད་བྱ་རྩོལ་གྱིས་མི་གཟུགས་ལྟ་བུའི་ལྷ་རང་རྒྱུད་པ་བསྒོམ་པ་ལས་ཁྱད་པར་འཕགས།འོད་གསལ་གྱི་ཆོས་ཉིད་དབང་པོའི་སྒོ་རུ་མངོན་སུམ་དུ་སྣང་བས་ན་ཁྲེགས་ཆོད་ལྟ་བུའི་མུན་སྒོམ་ལས་ཁྱད་པར་འཕགས་པའོ། །ཀུན་ཁྱེན་བླ་མས་ཁྱད་པར་འཕགས་ཚུལ་བདུན་གསུངས་པ་ཁྲིད་ཡིག་ཡེ་ཤེས་བླ་མ་ལས་ཤེས་པར་བྱ་དགོས་སོ། །གཉིས་པ་སྣང་བཞི་རིམ་གྱིས་འབྱུང་ཚུལ་ལ་བཞི་ལས།དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི།ཤེས་པ་དང་པོ་ནས།ལྟད་མོར་མངོན༔ ཞེས་གསུངས་ཏེ།ཤེས་྄༷པ྄༷་ད྄༷ང་པ྄ོ༷་འ྄ོ༷ད་གས྄༷ལ་གྱི་སྣང྄༷་བ྄༷་རུ་྄༷མཆ྄ེ༷ད་པ་ད྄ེ༷་ཉིད་ཐ་མལ་གྱི་དབང་པོ་མ་ཡིན་པར་ཤ྄ེ༷ས་ར྄༷བ་ཀྱི་མ྄ི༷ག་ལ྄༷་ལྟད྄༷་མ྄ོ༷ར་མང྄ོ༷ན་པས་ན་ཆོས་ཉིད་མངོན་སུམ་གྱི་སྣང་བ་སྟེ།དེའི་ཕྱི་རྟགས་སུ་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུ་ལྷུན་ཆགས་ཤིང་ངང་བརྟན་པ་དང་།ཐིག་ལེ་ཉ་མིག་ཙམ་ལས་མཐེབ་སྐོར་ཙམ་དུ་སྣང་བའོ། །ནང་རྟགས་སུ་བུམ་དབང་གི་ནུས་པ་ལུས་ཀྱི་རྡོས་པ་ལ་ཐེབས་པས།ལུས་འགུལ་སྙིང་མི་འདོད་པར་སྡོད་པ་དང་།ངག་སྨྲ་སྙིང་མི་འདོད་པར་གནས་པ་དང་། །སེམས་གར་གཏད་དུ་སྡོད་ཚུགས་པའོ། །འདིའི་དུས་སུ་བར་ཆད་ནའང་རང་བཞིན་སྤྲུལ་པར་དབུག་འབྱིན་པ་ནི།ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བའི་བདེན་མཐོང་བའི་གནད་ཀྱིས་ཡིན་ཏེ།ཀློང་གསལ་ལས།རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །མཁས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། །སྣང་བ་འོད་གསལ་ཆེན་པོར་མཆེད་དེ་འཕེལ༔ ཞེས་གསུངས་ཏེ།དེ་ཡང་རླུང་སེམས་ཀྱི་འདུ་བས་སྐྱེད་པས་ཤེས་ཉམས་འདག་བྱའི་རྟགས་བཅུ་ལྟ་བུ་མ་ཡིན་པར་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བས།དེའི་གདངས་རང་བཞིན་འོད་གསལ་བའི་ཡེ་ཤེས་ཕྱི་རོལ་དུ་མི་འགྱུར་བར་སྣ྄༷ང་བའ྄ི༷་འོད་གས྄༷ལ་གྱི་སྣང་བ་ཆེན྄༷་པ྄ོ༷་དེ་ཉིད་གོམས་པའི་སྟོབས་ཀྱིས་གོང་ནས་གོང་དུ་མཆ྄ེ༷ད་ད྄ེ༷་འཕ྄ེ༷ལ་བས་ན་ཉམས་གོང་འཕེལ་ཏེ།འདིིའི་ཕྱི་རྟགས་སུ་འོད་སྣང་ཆེར་མཆེད་དེ་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ།འོད་ལྔ་རྩིབ་ཤར་དང་།གྱེན་འགྲེང་དང་།ཟླུ་འཁྲིགས་དང་།མཆོད་རྟེན་ལྟ་བུ་དང་།པདྨ་སྟོང་ལྡན།མཁར་ཐབས་དང་།མདའ་དང་།མདུང་རྩེ་ལྟ་བུ་དང་།དྲྭ་བ་དྲྭ་ཕྱེད།མིག་མང་རིས་ལ་སོགས་མ་ངེས་པར་སྣང་ལ།ཐིག་ལེ་སྟོང་པའི་སྒྲོན་མ་ཡང་མཐེབ་སྐོར་ཙམ་ནས་བསེ་ཕུབ་ཙམ་དུ་འཕེལ་ཞིང།རིག་པ་འདབ་ཆགས་འཕུར་སྐྱེན་པ་དང་།རི་དྭགས་རྩིབས་ལ་རྒྱུག་པ་དང་།ཤ་ར་ཎ་དལ་གྱིས་འགྲོ་བ་དང་།བུང་བ་མེ་ཏོག་ལ་ལྡིང་བ་ལྟ་བུ་དལ་གྱིས་འགྲོ་བ་ནི་ཅུང་ཟད་གོམས་པ་དང་བར་དུ་གོམས་པའི་ཐ་སྙད་བཏགས་ཤིང་།མཆོག་ཏུ་གོམས་པའི་ཚད་ནི་གང་དུ་བལྟས་པའི་སྟོང་ཁམས་འོད་གསལ་གྱི་སྣང་བས་ཁྱབ་ཅིང་འགུལ་འཕྲིག་མེད་པར་གནས་པ་ཡིན་ནོ། །ནང་རྟགས་སྒོ་གསུམ་ལ་འཆར་བའི་ཚུལ་ནི་གསང་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པའི་རྟགས་སུ་དང་པོ་སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་དུ་ན་ཚ་མི་བདེ་བའི་ཟུག་རྔུ་སྣ་ཚོགས་རླུང་དང་བད་ཀན་ལྟ་བུར་ལྡང་བ་སོགས་ཉམས་མ་ངེས་པ་འཆར་བ་དང་།ལུས་སྒེགས་ཆོས་ངོ་ཚ་དང་བྲལ་ཏེ་སྐྱེས་བུ་ཆང་གིས་མྱོས་པ་ལྟ་བུར་ཟ་ཟི་བྱ་སྤྱོད་སྣ་ཚོགས་པས་སྡོད་མི་ཚུགས་པ་དང་།ངག་ཀྱང་སྨྱོན་པའི་ཅ་ཅོ་ལྟར་གླུ་དང་མགུར་མ་ལ་སོགས་པ་མ་ངེས་པར་རང་ཚིག་ཏུ་རྡོལ་བ་དང་།སེམས་ཀྱང་གཟའ་གཏད་མེད་པར་སྨྱོན་པ་འུར་ལངས་པ་ལྟ་བུར་གཏད་མེད་རྒྱ་འབྱམས་སུ་ཡན་པའོ། །སྐབས་འདིར་འཆི་བའི་དབང་དུ་གྱུར་ནས་མཚམས་ཆད་ནའང་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་ཐོབ་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི།རིག་པ་བཅུད་དུ་སྨིན་པའི་ཕྱག་རྒྱར་ངོམས༔ ཞེས་གསུངས་ཏེ།ར྄ི༷ག་པ྄༷་བཅ྄ུ༷ད་དུ་྄༷སྨ྄ི༷ན་པ྄༷་ཡེ་ཤེས་ལྷ྄༷འི་ཕྱ྄༷ག་རྒྱར྄༷་ང྄ོ༷མས་པ་ནི་རིག་པ་ཚད་ལ་ཕེབས་པ་ཞེས་བྱ་བ་སྟེ།དེ་ཡང་ཕྱི་རྟགས་སུ་དབྱིངས་ཀྱི་སྣང་བ་གྲུ་ཆད་དང་པདྨ་འཁོར་ལོ་སོགས་གཞལ་ཡས་ཁང་ལྟ་བུའི་ཀློང་དུ་དང་པོ་ཐིག་ལེ་ལྔ་ཚོམ་གྱི་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་ཕྱེད་ཆར་སྣང་བ་དང་།བར་དུ་སྐུ་རྐྱང་ཚང་བར་འཆར་བ་དང་།ཐ་མ་ཡབ་ཡུམ་ཟུང་འབྲེལ་འཁོར་སེམས་དཔའ་སེམས་མ་བཞི་བཞི་དང་བཅས་པ་འཆར་བ་དང་།དེ་ཡང་ཆེས་ཆེར་གོམས་པའི་སྟོབས་ཀྱི་ཕྱི་གཞལ་ཡས་ཁང་དང་ནང་ཐོད་པ་ར་རི་གསུམ་གྱིས་བརྩིགས་པའི་གཞལ་ཡས་ཁང་མེ་རི་འབར་བའི་ཀློང་དུ་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཡབ་ཡུམ་འཁྲིལ་སྦྱོར་དང་ཡབ་རྐྱང་རྣམས་གླང་ཆེན་གྱི་ཀོ་རློན་མི་ལྤགས་ཀྱི་རྐེད་དཀྲིས་དང་།སྟག་ལྤགས་ཀྱི་ཤམ་ཐབས་ཀྱི་ཀླུབས་པ་མཚོན་ཆ་ཐོགས་པ་ཆེ་བ་གནམ་ས་ཙམ་ནས་ཆུང་བ་སྲན་མ་ཙམ་གྱི་བར་དུ་ཚད་མ་ངེས་པར་སྣང་བ་ཡིན་ནོ། །སྣང་སྲིད་ཐམས་ཅད་འཇའ་འོད་མེ་དཔུང་གི་རྣམ་པས་གང་ཞིང་ཡོངས་སུ་ཁེབས་པའི་རྣམ་པར་སྣང་བ་དང་།ཡུལ་ཁབ་མིག་ཙམ་གྱི་ནང་དུ་ལྷ་སྐུ་རྒྱན་རྫོགས་པས་གང་ཞིང་གསལ་བར་སྣང་བ་ནི་ཚད་ཕེབས་ཀྱི་རྩལ་རྫོགས་པའི་ཚད་དུ་འཆར་བའོ། །ནང་རྟགས་སུ་ཤེར་དབང་གི་ནུས་པ་སེམས་དང་ཐིག་ལེ་རུ་ཕེབས་པའི་རྟགས་སུ་རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་དང་།ལུས་འོད་གསལ་དུ་སྨིན་ནས་རི་བྲག་སོགས་ཐོག་རེག་གི་གནས་ཐམས་ཅད་ཟང་ཐལ་དུ་འགྲོ་བ་དང་།ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་ཅིང་དག་ནས་ཅུ་སྨྲས་ཐམས་ཅད་གཞན་གྱི་རྣ་བར་སྙན་ཅིང་རྒྱུད་ལ་ཕན་ཐོག་པ་དང་།རྒྱུ་དང་རྐྱེན་ལ་མི་ལྟོས་པར་ཡང་དག་པའི་རྒྱུད་ལུང་མན་ངག་གི་ཆོས་ཚིག་ཐམས་ཅད་རང་རྡོལ་དུ་འབྱུང་བ་དང་།སེམས་རིག་པར་གྲོལ།རིག་པ་རང་ཐོག་ཏུ་སད་ཅིང་ཤེས་རབ་ལ་ཡེ་ཤེས་ཀྱི་སྤྱན་ཚུད་པས་སྣང་སྲིད་འཁོར་འདས་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་འགྲིབ་མེད་པའི་མངོན་ཤེས་ཀྱིས་གཟིགས་ཤིང་དེར་འཛིན་བདེན་ཞེན་ལས་འདས་པ་ཡིན།འདིའི་དུས་སུ་རིག་པ་ལ་རང་དབང་ཐོབ་པས་ཡུལ་དང་རྐྱེན་ལ་མི་ལྟོས་པར་གོལ་ཤོར་གྱི་གནས་ལ་མི་ཐོགས་ཤིང་རང་སྟོབས་ཀྱིས་བརྒལ་བ་དང་།སྣང་བ་ལ་རང་དབང་བསྒྱུར་ནས་སྣང་སྲིད་གཏེར་དུ་བསྒྱུར་ཀྱང་གཏེར་དུ་འགྱུར་བ་དང་།སྐྱེ་བ་ལ་རང་དབང་ཐོབ་ནས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་སྤྲུལ་པའི་སྐུ་སུམ་སྟོང་འབྱུང་ཞིང་འགྲོ་དོན་བྱེད་པ་དང་།སྒྲོལ་བ་ལ་རང་དབང་ཐོབ་པས་མཚམས་མེད་པ་ལྔ་སྤྱོད་པའི་སྡིག་པོ་ཆེ་ལའང་རིག་པ་གཏད་པ་ཙམ་གྱིས་སྒྲོལ་ནུས་པ་དང་།ཕྱི་འབྱུང་བ་ལ་རང་དབང་བསྒྱུར་བས་ཇི་ལྟར་བསྒྱུར་ཀྱང་བསྒྱུར་ཏུ་བཏུབ་པ་དང་།ནང་འབྱུང་བ་ལ་རང་དབང་བསྒྱུར་བས་ལུས་ལ་གཉེར་མ་མེད་ཅིང་མེ་ལོང་གི་བྱད་ལྟར་དྭངས་པ་དང་།སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ་དང་།ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་ཡི་གེ་བཀྲ་བ་དང་།སྐྲ་སེན་སྐྱེ་བའི་རྒྱུན་ཆད་པ་དང་།ཕྱི་ནང་གི་སྲིན་བུ་ཐམས་ཅད་གྲོལ་བའི་རྟགས་སུ་ཤིག་སྲོ་མི་འབྱུང་བ་དང་།ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་ཀྱི་འགྲོ་འོང་མི་མངོན་པ་རྣམས་ནི་ཡང་དག་པའི་ལམ་མཐར་ཕྱིན་པའི་རྟགས་གོར་མ་ཆག་པའོ། །ཚད་ཕེབས་ཀྱི་དུས་འདིར་བར་དོ་མེད་པར་རང་གྲོལ་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི།སྣང་སེམས་ཟད་པས་ཆོས་ཉིད་དབྱིངས་སུ་བརྒལ༔ འཕོ་ཆེན་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ༔ ཞེས་གསུངས་ཏེ།ཕྱི་འཁྲུལ་སྣང་྄༷གི་ཆ་དང་ནང་འཁྲུལ་རྟོག་སེམས྄༷་དང་སེམས་བྱུང་གི་བག་ཆགས་ཐམས་ཅད་ཟད་པ་དང་།གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཟ྄༷ད་པ྄༷ས་ཆ྄ོ༷ས་ཉ྄ི༷ད་བརྗོད་དུ་མེད་པའི་དབྱིང྄༷ས་ས྄ུ༷་བརྒ྄༷ལ་བས་ན་ཆོས་ཉིད་ཟད་པ་ཞེས་གསུངས་ཏེ།དེ་ལྟར་ཟད་པའི་ཟད་ལུགས་ལ་གཉིས་ཀྱི།རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པ་གང་ཡིན་པ་དང་།བློ་མཆོག་གཅིག་ཅར་བ་རེ་ཙམ་ནི་མངོན་སུམ་གྱི་སྣང་བ་མཐོང་བ་ཉིད་གོམས་སུ་བཅུག་པས་གོང་འཕེལ་དང་ཚད་ཕེབས་ཀྱི་རིམ་པ་ལ་མ་ལྟོས་པར་ཟད་པའང་ཡོད་དེ།ཕྱི་རྟགས་སུ་དབྱིངས་དང་ཐིག་ལེ་ཟད་པའི་སྔ་ཐོག་ཏུ་དབྱིངས་ཀྱི་སྣང་བ་མཐིང་གའི་ཀློང་དུ་ཐིག་ལེ་མཐིང་ག་བསེ་ཕུབ་ཙམ་གྱི་ནང་དུ་མི་བསྐྱོད་པ་གཙོ་བོར་བཞུགས་པའི་མཐིང་ག་ལྔ་ཚོམས་སུ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་མཐིང་ནག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་འཆར་རོ། །སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣམ་བུ་རང་གི་སྙིང་གར་ཟུགས་པའི་སྟེང་དུ་ཐིག་ལེ་མཐིང་གེ་བཻ་ཌཱཪྻའི་ཕོར་པ་ཁ་སྦུབས་པ་ལྟ་བུར་བརྩེག་མར་བྱས་པ་འཆར་རོ།དེ་རྫོགས་པའི་ཚེ་དབྱིངས་དཀར་གསལ་གྱི་ཀློང་དུ་ཐིག་ལེ་དཀར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རྣམ་པར་སྣང་མཛད་གཙོ་བོར་བཞུགས་པའི་གཙོ་འཁོར་ལྔ་མཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་འཆར་རོ།སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་ཟླ་བ་ལྟར་དཀར་བ་རང་གི་སྙིང་གར་ཟུག་པའི་སྟེང་དུ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུའི་ཐིག་ལེ་བརྩེགས་མས་བརྒྱན་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་སེར་པོའི་ཀློང་དུ་ཐིག་ལེ་སེར་པོ་ཕུབ་ཀྱི་སྦ་འཁོར་ཙམ་གྱི་ནང་དུ་རིན་འབྱུང་གཙོ་བོ་བཞུགས་པའི་གཙོ་འཁོར་ལྔ་ཚོམས་ཤར་བའི་བར་མཚམས་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བ་ལྟ་བུ་ཆེ་ལ་འོད་དང་ལྡན་པ་འཆར་རོ། །སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་སེར་པོའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུར་ཐིག་ལེ་བརྩེགས་མར་འཆར་རོ། །དེའི་རྗེས་སུ་དབྱིངས་དམར་པོའི་ཀློང་དུ་ཐིག་ལེ་དམར་པོ་བསེ་ཕུབ་ཙམ་གྱི་ནང་དུ་སྣང་མཐའ་ཡབ་ཡུམ་གཙོ་བོར་བཞུགས་པའི་གཙོ་འཁོར་ལྔ་ཚོམས་ཤར་བའི་གོ་མཚམས་རྡོ་རྗེ་ལུ་གུ་རྒྱུད་གོང་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་རོ། །ལྷ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་བྱེ་རུའི་ཕོར་པ་ཁ་སྦུབས་པ་ལྟ་བུའི་བརྩེགས་མས་བརྒྱན་པར་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ལྗང་གུ་བསེ་ཕུབ་ཙམ་གྱི་ནང་དུ་དོན་གྲུབ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་འཆར་རོ། །དེ་དག་གི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གཡུ་ཕྲེང་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་རོ། །སྐུ་དེ་དག་གི་ཐུགས་ཀ་ནས་འོད་ལྗང་གུའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་ལྗང་གུ་དཔེར་ན་གཡུའི་ཕོར་པ་ཁ་སྦུབས་པ་ལྟ་བུར་འཆར་རོ། །འོད་དེ་དག་ཤར་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་ནོད་པས་རང་ལུས་འོད་ཀྱི་ཀློང་དུ་ལག་སོར་བཀྲམ་པའི་རྣམ་པ་ཙམ་ལས་མེད་པར་གྱུར་ནས་འོད་གསལ་དུ་དེངས་པ་དང་།ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་འོད་གསལ་དུ་དེངས་ནས་མ་དག་པའི་སྣང་བ་རྡུལ་ཕྲན་ཙམ་ཡང་མི་བྱུང་ངོ་། །དུང་ཁང་དུ་ཁྲག་འཐུང་རོལ་བའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་ཀྱི་ནམ་མཁར་སྣང་བའི་ཚེ་ན་རང་ལུས་ཀྱང་འོད་ཀྱི་ངང་དུ་ལན་ཚྭ་ཆུ་རུ་ཞུ་བ་ལྟར་དེངས་པའི་སྐད་ཅིག་ཏུ་ཤེས་པ་སྐར་མདའ་ཙམ་དུ་རྒྱུ་བས་སྣང་སེམས་ཀྱི་སྐབས་འབྱེད་པ་ཙམ་མོ། །དེ་ནས་རིམ་གྱིས་ཟད་པ་ནི་འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེ་ཐམས་ཅད་སྤྲིན་ཕུང་དབྱིངས་སུ་ཡལ་བ་ལྟར་རིམ་གྱིས་ཡལ་ཏེ་དག་དང་མ་དག་པའི་སྣང་བ་ཟད་པའོ། །ནང་རྟགས་སུ་ཀུན་གཞིའི་སྒྲིབ་པ་དབྱིངས་སུ་དེངས་ནས་མ་རིག་པ་གཞི་ལ་སངས།ཉོན་ཡིད་ཀྱི་ངར་འཛིན་རང་སར་ཞི་བས་གཟུང་འཛིན་གྱི་འཆིང་བ་གྲོལ།ཡུལ་འཛིན་གྱི་ཤེས་པ་ངོ་བོར་གྲོལ་བས་བློ་ཡི་ཟུང་ཟད།ཚོགས་བརྒྱད་ཀྱི་རྟོག་པ་ཡེ་ཤེས་སུ་འཕོས་ཏེ་སེམས་དང་སེམས་བྱུང་གི་རྟོག་པ་ཟད།མཆེད་གཞིའི་སེམས་རྟོགས་ཟད་པས་མཆེད་པ་རང་སར་ཡལ།ཡུལ་འཛིན་གྱི་ཤེས་པ་ཟད་པས་གཟུང་བའི་ཡུལ་ཟད།བདག་འཛིན་གྱི་རྒྱ་གྲོལ་ཏེ་ཟག་བཅས་ཀྱི་ཕུང་པོ་ཟད་པའོ། །འདིའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་རྟོགས་མེད་ལྟ་བུར་སྲོག་གཅོད་སྟོང་གིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་ལ།ངག་བྲག་ཆ་ལྟ་བུར་སོང་ནས་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཟློ་བ་དང་།སེམས་ན་བུན་ནམ་མཁའ་ལ་ཡལ་བ་ལྟར་རིག་པ་གདོད་མའི་མགོན་པོའི་དབྱིངས་སུ་མྱ་ངན་ལས་འདས་པས་འཁྲུལ་མི་ཤེས་པའོ། །འདིའི་དུས་སུ་རང་རིག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་འགྱུར་བ་དེ་ལས་ཡུལ་རྐྱེན་ལ་མི་ལྟོས་པའི་ཕྱིར་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཡང་དད་པ་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཐོབ།རང་རིག་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་ཆམ་བརྡལ་བས་བདུད་དང་གཤེད་མ་འབུམ་གྱིས་བསྐོར་ཀྱང་བག་ཚ་བ་ཅུང་ཟད་ཙམ་ཡང་མེད་པའི་གདིང་ཐོབ། །རང་ངོར་རང་གདིང་ཐོབ་པ་ལས་མྱང་འདས་རང་མཚན་པ་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པའི་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཐོབ།རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ངང་དུ་གྲོལ་བས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཐོབ་པ་སྟེ་གདིང་ཆེན་བཞི་ཐོབ་པའོ། །ད་དུང་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུགས་ནས་སྣང་བ་སྟོན་པ་བཞིན་དུ་སྐབས་རེ་ལ་རང་ལུས་འོད་ཀྱི་ཀློང་དུ་འོད་ལུས་ལག་སོར་བཀྲམ་པ་ཙམ་སྣང་སྟེ།སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་འགའ་མཆིས་པ་ཤེས་པར་བྱ་བ་དང་། །དེ་ལྟར་ཞག་བཅུའམ་ཟླ་བ་ལྔའམ་བཅུའི་ཚེ་ན་ཤེས་སྒྲིབ་ཕྲ་བ་དབྱིངས་སུ་དེངས་ནས་ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་དེ་ཀ་དག་གཞིའི་ཆོས་སྐུ་དང་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ནས་འཕ྄ོ༷་ཆེན྄༷་གཞ྄ོ༷ན་ནུ་྄༷བ྄ུ༷མ་སྐ྄ུ༷ར་སངས྄༷་རྒྱུས་ཏ྄ེ༷་དེའི་ཁྱད་ཆོས་དགུ་ནི།ཁྲིད་གཞུང་ལས།ཀྱེ་རིག་པའི་རྡོ་རྗེ་ལ་སོགས་པའི༔ འདུས་པའི་འཁོར་རྣམས་གསན་ཅིང་དགོངས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུ་ལ༔ ཁྱད་དུ་འཕགས་པའི་ཡོན་ཏན་ནི༔ མ་རིག་སྒྲིབ་པ་དབྱིངས་སངས་ཏེ༔ ཀུན་གཞི་ལས་ནི་ཆོས་སྐུ་འཕགས༔ མདངས་ཀྱི་ཡེ་ཤེས་མངོན་གྱུར་ཏེ༔ གདངས་གསལ་ལས་ནི་ཁྱད་པར་འཕགས༔ བདག་མེད་ཆེན་པོ་མངོན་གྱུར་ཏེ༔ བདག་སྣང་ལས་ནི་ཁྱད་པར་འཕགས༔ སྐུ་དང་ཡེ་ཤེས་མངོན་གྱུར་ཏེ༔ སྣང་བ་ལས་ནི་ཁྱད་དུ་འཕགས༔ ཇི་སྙེད་གཟིགས་པ་མངོན་གྱུར་ནས༔ སེམས་ལས་ཡེ་ཤེས་ཁྱད་དུ་འཕགས༔ རང་ཐོག་རང་སངས་རྒྱས་པ་ལས༔ ཞིང་ཁམས་བགྲོད་ལས་ཁྱད་པར་འཕགས༔ སྤྲོས་མཐའ་ཀུན་དང་བྲལ་བ་ལས༔ རྟེན་འབྲེལ་རྒྱུ་ལས་ཁྱད་པར་འཕགས༔ རྣམ་ཐར་བརྒྱད་དང་ལྡན་པ་ལ༔ ལམ་འབྲས་ཀུན་ལས་ཁྱད་དུ་འཕགས༔ དབྱིངས་དང་ཡེ་ཤེས་མཉམ་བརྡལ་བས༔ སྲིད་པ་ལས་ནི་ཁྱད་དུ་འཕགས༔ ཁྱད་འཕགས་ཆེ་བ་དགུ་ལྡན་འདི༔ ཡང་དག་རྫོགས་པའི་སངས་རྒྱས་ལ༔ རྒྱལ་བ་ཀུན་གྱིས་མངོན་པར་བསྟོད༔ ཅེས་གསུངས་སོ༔ གསུམ་པ་དབང་རབ་ཚེ་འདིར་གྲོལ་ཚུལ་ནི།རྟགས་ཀྱང་མཁའ་ལ་ནས།རྣམ་གསུམ་འབྱུང༔ ཞེས་གསུངས་ཏེ།དེ་ལྟར་ཀ་དག་ཆོས་ཀྱི་སྐུ་མངོན་དུ་གྱུར་པས་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་རྟག྄༷ས་ཀྱ྄༷ང་དྭངས་མའི་ལུས་དེ་ཆུ་ལ་ཆུ་ཐིམ་པའང་ནམ་མཁ྄༷འ་ལ྄༷་ནམ་མཁ྄༷འ་ཐ྄ི༷མ་པ་ཇ྄ི༷་ལྟ་བ་བཞ྄ི༷ན་ད྄ུ༷་ཚ྄ེ༷་ཚད་དང྄༷་དུས྄༷་དང྄༷་ལ྄༷ས་ཀྱི་ཚ྄༷ད་ཐ྄ོ༷གས་པ་མཐར་མ྄ི༷་ཐུག྄༷་པའམ་མི་ལྟོས་པར་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་འཕོ་ཆེན་གཞོན་ནུ་བུམ་པའི་སྐུར་སངས་རྒྱས་པའོ། །འགའ་ཞིག་ལུས་ལ་འོད་འཁྲིགས་ཤིང་འོད་ཀྱི་ངང་དུ་ཡལ་བ་ནི་འོད་ཕུང་དང་།འགའ་ཞིག་གི་ལུས་མཁའ་ལ་འཇའ་སྤྲིན་འཁྲིགས་པའི་འོད་ཀྱི་སྣམ་བུས་དཀྲིས་ཤིང་འཇའ་ཚོན་གྱི་ངང་དུ་ཡལ་བ་ནི་འཇའ་ལུས་ཆེན་པོ་སྟེ་དེ་གཉིས་ནི་ཚེ་ཚད་ཀྱི་དུས་སུ་ལུས་སེམས་མ་བྲལ་བར་སངས་རྒྱས་པའོ། །འགའ་ཞིག་གི་ལུས་སེམས་བྲལ་བའི་རྗེས་སུ་འཇའ་དང་འོད་ཀྱི་ངང་དུ་ཕུང་པོ་ལྷག་མ་མེད་པར་ཡལ་བ་ནི་འཇའ་ལུས་ཆུང་ངུ་དང་།འགའ་ཞིག་གཞིའི་འོད་གསལ་ཤར་བའི་གནས་སྐབས་སུ་ཞག་གྲངས་བདུན་ཕྲག་ཚུན་ཆད་དུ་ལུས་ཀྱི་རྡོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་དང་སེན་མོ་ཙམ་སྙིགས་མར་ལུས་ཏེ་ལུས་རྡུལ་ཕྲན་དུ་དེངས་པ་ནི་འཕོ་བ་ཆུང་ངུ་ཞེས་བྱ་སྟེ།འདི་ནི་དབང་པོ་ཡང་རབ་རྣམས་ལ་ཁྲེགས་ཆོད་དུ་ཡལ་འབྱུང་ངོ་།དེ་ལྟར་འོད་ཕུང་དང་གཅིགའཇའ་ལུས་ཆེན་པོ་དང་གཉིས།འཇའ་ལུས་ཆུང་ངུ་དང་འཕོ་ཆུང་ངམ་རྡུལ་ཕྲན་དུ་དེངས་པ་གཉིས་གཅིག་ཏུ་བརྩིས་ཏེ་གསུམ་ནི་འཇའ྄༷་ལ྄ུ༷ས་དྭང྄༷ས་མ྄༷ར་གྲ྄ོ༷ལ་བ྄༷་རྣ྄༷མ་པ་གསུམ྄༷་འབྱ྄ུ༷ང་སྟེ།སྔ་མ་གཉིས་དབང་པོ་འབྲིང་དང་།ཕྱི་མ་གཉིས་དབང་པོ་ཐ་མའི་གྲོལ་ལུགས་དང་།སྔ་མ་འཕོ་ཆེན་ནི་དབང་པོ་རབ་རྣམས་ཀྱི་གྲོལ་ལུགས་སོ། །དེ་ལ་ཡང་ལ་ལས་ནི་འཇའ་ལུས་ལ་ཁ་ཆེམས་མེད་པར་འདོད་ཀྱང་།སྔ་མ་འཕོ་ཆེན་དུ་གྲོལ་བ་དེ་ཀ་ཡིན་ལ་ལས་ནི་འཇའ་ལུས་ལ་ཟུག་ཟེར་མེད་པར་འདོད་པ་འོད་ཕུང་དང་འཇའ་ལུས་ཆེན་པོ་དེ་ཀ་ཡིན།ལ་ལས་ནི་འཇའ་ལུས་ལ་འཕོ་བ་ཡོད་པར་འདོད་པ་དེ་འཇའ་ལུས་ཆུང་ངུ་དང་རྡུལ་ཕྲན་དུ་དེངས་པ་དེ་ཀ་ཡིན་ནོ། །དེ་ལྟར་དང་པོ་རང་གྲོལ་ལྷུམས་འཇུག་གི་ཆོས་སྐུ་དང་།བར་མ་གཉིས་ཟུང་འཇུག་གཉིས་མེད་ཀྱིས་ཆོས་སྐུ་དང་།ཐ་མ་གཉིས་འཕོ་བ་ཡེ་ཤེས་ཆོས་སྐུ་དང་གསུམ་པོ་གང་དུ་གྲོལ་ཡང་ཆོས་ཀྱི་སྐུ་གཡོ་བ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པའོ། །སྐབས་འདིར་སྣང་བཞིའི་འཕེལ་འགྲིབ་ཀྱི་གོ་དོན་ནི།དཔེར་ན་ཟླ་བ་རང་ངོས་ནས་འཕེལ་འགྲིབ་མེད་ཀྱང་ཚེས་ཀྱི་དབང་གིས་འཕེལ་འགྲིབ་ཏུ་སྣང་བ་ལྟར་འོད་གསལ་གྱི་སྣང་བ་ཡང་རང་ངོས་ནས་འཕེལ་དུ་མེད་ཀྱང་རིག་པའི་གཤེས་ལ་ལོངས་སྤྱོད་རྫོགས་པའི་ཡོན་ཏན་ཐམས་ཅད་མ་ལུས་པར་རྫོགས་པ་དེ་ཉིད་གོམས་ཤུགས་ཀྱི་དབང་གིས་ལམ་གྱི་སྣང་བར་མཐོང་ཞིང་རྩལ་རྫོགས་པར་བྱེད།དེ་ལྟར་སྣང་བའང་རིག་གདངས་ཕྱིར་ཤར་གྱི་གཟུགས་བརྙད་ཙམ་ལས་ངོ་བོ་ཉིད་མ་ཡིན་པས་བདེ་གཤེགས་སྙིང་པོའི་རང་གདངས་ཕྱིར་སྣང་བ་ཟད་དགོས་པའི་གནད་ཀྱིས་རིག་པ་གཡོ་བྱེད་ཀྱི་རླུང་ཕྲ་བ་དང་བཅས་པ་ཤིན་ཏུ་རྣམ་པར་དག་པ་བློ་ཟད་ཆོས་ཟད་ཀྱི་སྣང་བ་གདོད་མའི་དབྱིངས་སུ་བཙན་ས་ཟིན་པ་ནི་དོན་དམ་མཐར་ཐུག་ཏུ་བཞེད་དོ། །བཞི་པ་གོང་འཕེལ་ཉམས་ཀྱི་བྱེ་བྲག་བསྟན་པ་ནི།ཉམས་སྣང་བཟང་ངན་ནས།དབྱིངས་སུ་བསྐྱལ༔ ཞེས་གསུངས་ཏེ།སྔར་བཤད་ཟིན་པའི་ཉམས་སྣང་གོང་དུ་འཕེལ་བའི་སྐབས་དེར་རགས་པའི་སྣང་དང་རྩ་རླུང་ཐམས་ཅད་ཕྲ་བ་ཆོས་ཉིད་འོད་གསལ་ཆེན་པོའི་དབྱིངས་སུ་འཇུག་པའི་སྐབས་ཡིན་པས་ཉམ྄༷ས་ཀྱི་སྣང྄༷་བ་྄༷བཟ྄༷ང་པོ་དང་ང྄༷ན་པ་ལྟར་སྣང་བ་གཅིག་ཏུ་མ྄༷་ང྄ེ༷ས་པར་སྣ྄༷་ཚོག྄༷ས་པ་འབྱུང་བའི་སྟོབས་ཀྱིས྄༷་རེས་འགའ་ལུས་བ྄༷དེ་ཞིང་སེམས་དགའ་བ་ད྄༷ང་།རེས་འགའ་ནི་ལུས་ལ་ན་ཚ་སེམས་ལ་སྡ྄ུ༷ག་བསྔ྄༷ལ་སོགས་ར྄ི༷མ་པ྄༷་བཞིན྄༷་ད྄ུ༷་འབྱུང྄༷་བ་དང་། །ལྷར་སྣང་འདྲེར་སྣང་མངོན་ཤེས་སྣ་ཚོགས་པ་འཆར་བ་དང་།རེས་འགའ་དད་མོས་ངེས་འབྱུངདྲག་པོ་བཟོད་མེད་དུ་སྐྱེ་བ་དང་།རེས་འགའ་ནི་ང་རྒྱལ་དྲག་པོས་རྒྱུད་ཁེངས་ནས་རང་ལྟ་ལ་དཔང་བསྟོད་བྱེད་པ་དང་།གཞན་ཡང་ཞིང་དང་གནས་ཀྱི་མཁའ་འགྲོས་ལྟར་སྣང་གི་རྗེས་སུ་ཁྲིད་ནས་བསླུ་བ་ནི།ཞིང་གི་མཁའ་འགྲོ་སྟེ་གནས་ཡུལ་གྱི་མཁའ་འགྲོ་མ་དེ་དག་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རུ་མིང་དང་ཚུལ་བརྫུས་ནས་ལུང་སྟོན་པ་འབྱུང་སྟེ།དེ་ལ་བདེན་ཞེན་སྐྱེས་ནས་དེ་དག་གི་སྨྲས་པ་ལྟར་བསྒྲུབ་ན།བདག་ཉིད་མཁའ་འགྲོ་མའི་དབང་དུ་གྱུར་ནས་འཁོར་བའི་གནས་སུ་ངེས་པར་མཐའ་མེད་དུ་འཁྲུལ་ལོ། །གནས་ཀྱི་མཁའ་འགྲོ་མ་སྟེ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཡུལ་གྱི་བུད་མེད་དག་གི་སྙིང་ལ་ཞུགས་ནས་ཐབས་སྣ་ཚོགས་ཀྱིས་བསླུ་བ་འབྱུང་སྟེ་དེ་དག་གི་དབང་དུ་གྱུར་ན་འཁོར་བ་མཐའ་མེད་པར་ཕྱིར་ལྡོག་པ་ཡིན།དེའི་དུས་སུ་འཁོར་འདས་རང་སྣང་ལས་མི་གཞན་པའི་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པའི་ངང་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་ནས་དེར་འཛིན་དང་བྲལ་བར་ཞེན་མེད་ཀྱི་ངང་དུ་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་གསང་བ་མཆོག་གོ་དངོས་གྲུབ་མ་བཙལ་རང་བབས་སུ་ཐོབ་པར་འགྱུར་རོ། །འདིའི་དུས་སུ་བར་ཆད་བདུད་ཀྱི་བསླུ་བ་འབྱུང་བ་ནི་ཡིད་བརྟན་མི་རུང་བའི་ཉམས་རྟོགས་གློ་བུར་དུ་སྐྱེ་བ་དང་།ཕ་རོལ་གྱི་སེམས་ཤེས་སྙམ་པ་དང་།ལུས་ཁ་དོག་སྣ་ཚོགས་སུ་སྤྲུལ་ནུས་པའི་སྣང་བ་དང་།གྲིབ་མ་གཉིས་མེ་ལོང་ལ་གཟུགས་བརྙན་གཉིས་སུ་འཆར་བ་རྣམས་བྱུང་ན་བདུད་དབང་དུ་ཉེ་བའིལྟས་ཡིན་པས།དེའི་དུས་སུ་གུ་གུལ་གྱི་དུད་པས་བདུག་ཅིང།བདུད་རྩི་ཆེ་ཆུང་གི་ཆུས་བཀྲུས་ཏེ་ཡན་ལག་ལ་ལྟེར་ཚོ་རྙིང་པའི་འདག་པ་བྱུག་སྟེ།བར་ཆད་སེལ་བའི་སྔགས་བརྗོད་པས་སེལ་ལོ། །ལྟར་སྣང་གི་རྗེས་སུ་ཁྲིད་ནས་བསླུ་བ་ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུས་ནས་ཞལ་ངོམས་ཤིང་ལུང་སྟོན་པ་འབྱུང་བ་རྣམས་ནི་བདུད་ཀྱི་བསླུ་བ་ཡིན་པས་ངེས་པས། །དེའི་དུས་སུ་འཁོར་འདས་ཐམ྄༷ས་ཅ྄༷ད་རང་སྣང་ལས་མེད་ཅིང་གཟུགས་དང་མཚན་མར་གྲུབ་པའི་ལྷ་དང་སངས་རྒྱས་ཐམ྄༷ས་ཅ྄༷ད་འཁྲུལ་པ་ལས་མེད་པའིཚུལ་ཤེས་ནས་ཞེན་ཆགས་དང་ར྄ེ༷་བ་མི་བྱེད་པ་དང་།འདྲེ་དང་གདོན་བགེགས་ཀྱིས་གནོད་འཚེ་དང་ཐན་དང་ལྟས་ངན་སོགས་ངན་པ་ལྟར་སྣང་བ་ཐམས་ཅད་ཉམས་སྣང་རྫུན་པོ་ཆེར་ཤེས་ནས་དོག྄༷ས་པ་དང་སྤོང་སེམས་མེད྄༷་པའ྄ི༷་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིང྄༷ས་ས྄ུ༷་བཞག་པས་རྐྱེན་ངན་ལམ་དུ་ལོངས་ཤིང་འགལ་རྐྱེན་གྲོགས་སུ་ཤར་ནས་ཉམས་དང་རྟོགས་པའི་བོགས་འདོན་དུ་འགྱུར་བས་ན་ལམ་མཐར་བསྐྱལ྄༷་བའམ་ཕྱིན་པར་བྱེད་པ་ཡིན་ནོ། །ལྔ་པ་དབང་པོ་འབྲིང་ཐ་ཆོས་ཉིད་དང་སྲིད་པ་བར་དོར་གྲོལ་ཚུལ་ནི།དེ་ལྟར་ལམ་མཐར་ནས།དབུགས་འབྱིན་འགྱུར༔ ཞེས་གསུངས་ཏེ།ད྄ེ༷་ལྟར྄༷་ཚེ་འདིར་ལམ་མཐ྄༷ར་མ྄༷་ཕྱིན྄༷་པའི་སྐྱེས྄༷་བུ་྄༷དབང་པོ་འབྲིང་དང་ཐ་མ་དག྄༷་བར་དོར་གྲོལ་ཚུལ་ལ་གསུམ།ངོ་བོ།དབྱེ་བ།སོ་སོའི་ལམ་ཁྱེར་རོ། །དང་པོ་ནི།གཞི་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ།བཞི་སྣང་ཡེ་ཤེས་སུ་འཆར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་།འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་འཁྲུལ་པའི་བར་དོ་སྟེ་དབྱིངས་ལས་ཤར་ཞིང་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་བར་དོའོ། །གཉིས་པ་ལ་བཞི་སྟེ།སྐྱེས་གནས་སམ་རང་བཞིན་གྱི་བར་དོ།འཆི་ཁའི་བར་དོ།ཆོས་ཉིད་ཀྱི་བར་དོ།སྲིད་པ་བར་དོའོ། །དང་པོ་ནི།མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་གྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་ནི་འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ནི།ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུལ་ཆན་དོ། །བཞི་པ་ནི།ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །གསུམ་པ་ནི་བར་དོ་རྣམ་པ་བཞི་ལ་དཔེ་དོན་གཉིས་གཉིས་ཏེ་དྲུག་གི་སྒོ་ནས་བསྟན་པ་སྟེ།དང་པོ་སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ནས་ལྟ྄༷་སྒ྄ོ༷མ་གྱི་གན྄༷ད་རྟོག྄༷ས་པ་ཐ྄ི༷་བྱ྄༷་ཚང྄༷་དུ་འཇ྄ུ༷ག་པ་ལྟ་བུ་དང྄༷་།གཉིས་པ་འཆི་ཁའི་བར་དོ་ལ་འཆ྄ི༷་སྲ྄ི༷ད་ང྄ོ༷ས་ཟིན྄༷་པར་བྱེད་པ་སྔར་སྒོམ་པའི་གདམས་པ་རྣམས་བློ་ལ་གསལ་གདབ་པ་སྒ྄ེ༷ག་མ྄ོ༷ས་མེ་ལོང྄༷་གི་གཟུགས་བརྙ྄༷ན་ལ་བལྟ྄༷་བ་ལྟ་བུ་དང྄༷་།གསུམ་པ་ཆོས་ཉིད་ཀྱི་བར་དོ་ལ་ཀ་དག་གི་གན྄༷ས་ལུག྄༷ས་ངོས྄༷་ཟིན྄༷་ནས་ཡིད་ཆེས་པ་སྔར྄༷་འདྲ྄ི༷ས་ཀྱི་མ྄ི༷་དང་འཕྲད྄༷་པ་ལྟ་བུ་དང྄༷་།ལྷུན་གྲུབ་འོད྄༷་གས྄༷ལ་གྱི་སྣང་ཆ་རང་སྣང་དུ་ངོས་ཟིན་ནས་དབྱིང྄༷ས་སུ་ཞུག྄༷ས་པའམ་གྲོལ་བ་མ྄༷་པང྄༷་དུ་བ྄ུ༷་འཇུག྄༷་པ་ལྟ་བུ་དང་྄༷།བཞི་པ་སྲིད་པ་བར་དོ་རིགས་དྲུག་གང་རུང་དུ་སྐྱེ་བའི་ལྟས་རྣམས་ངོས་ཟིན་ནས་སྔར་གྱི་གདམ྄༷ས་པའ྄ི༷་ཉམས་ལེན་གྱི་འཕྲ྄ོ༷་འཐུད྄༷་པའི་གཞིའི་འོད་གསལ་ཀ་དག་གི་ཆོས་སྐུ་སླར་ཡང་འཆར་བ་ནི་འདྲེན྄༷་ཆུར྄༷་ཝ྄༷་འཛུག྄༷་པ་ལྟ་བུ་དང྄༷་འདྲ་སྟེ་གྲོལ་བ་ཐོབ་པར་གྱུར་རོ། །ཡང་ན་མ་དག་མངལ྄༷་གནས་ཀྱ྄ི༷་སྐྱེ་བའི་སྒ྄ོ༷་ངན་པ་དེ་རྣམས་འགག྄༷་པར་བྱེད་པ་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་གང་རུང་ཡིད་ལ་བྱས་པས་དེར་བགྲོད་པ་ཉེས྄༷་ཅན྄༷་བཙོན྄༷་ནས་ཐར྄༷་བ་ལྟ་བུ་དང་།སོག྄༷ས་ཁུངས་ནས་དབྱེ་སྒོ་གཞན་ལྟར་བསྒོམ་པ་བསམ་གཏན་གྱི་བར་དོ་དང་།རྨི་ལམ་འཁྲུལ་པའི་བར་དོ་གཉིས་བསྟན་ནོ། །དེ་ལྟར་དཔ྄ེ༷་དྲུག྄༷་གིས་མཚོན་ནས་དོན་ཉམས་ལེན་གྱི་གན྄༷ད་དང྄༷་ལྡན྄༷་པ྄༷་ཞིག་མཆོག྄༷་ད྄ུ༷་ཤེས྄༷་ཤིང་བརྩོན་པ་མེད་དུ་མི་རུང་བ་ཡིན་ལ།ད྄ེ༷་ལྟར་ཉམས་སུ་བླངས་པའི་མཐུ་ཡ྄ི༷ས་ཆོས་ཉིད་བར་དོར་གྲོལ྄༷་སྲིད་པའམ་ཡང྄༷་ན྄༷་སྲིད་པ་བར་དོར་དག་པའི་ཞིང་དུ་དབུག྄༷ས་འབྱིན྄༷་པར་འགྱུར྄༷་བ་ཡིན་ནོ། །འདི་དག་གི་དོན་རྒྱས་པ་ནི་ཁྲིད་གཞུང་རྣམས་ལས་རྟོགས་པར་བྱ་དགོས་སོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་རྡོ་རྗེ་རྣོན་པོ་ནས།བདུན་པའོ༔ ༈གསུམ་པ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་མངོན་དུ་གྱུར་པའི་ཚུལ་ལ་གསུམ་སྟེ།ཐོབ་བྱ་འབྲས་བུའི་ངོ་བོ་ངོས་བཟུང་།དེ་ཇི་ལྟར་ཐོབ་པའི་ཚུལ་བཤད།ཐོབ་ནས་གཞན་དོན་མཛད་ཚུལ་ལོ། །དང་པོ་ནི།མཐར་ཐུག་ནས།སྐུ་ཉིད་དེ༔ ཞེས་གསུངས་ཏེ།ལམ་ལ་གོམས་པ་མཐ྄༷ར་ཐུག྄༷་པས་སྤང་བྱའི་སྒྲིབ་པ་ལས་རྣམ྄༷་པ྄༷ར་གྲ྄ོ༷ལ་ཞིང་རྟོགས་བྱའི་ཡེ་ཤེས་མངོན་དུ་གྱུར་བའ྄ི༷་ངོ་བོ་ལ་འབྲས྄༷་བ྄ུ༷་ཞེས་གྲགས་ལ྄༷།དེ་ཡང་ཁམས་དབང་ལ་ལྟོས་པའི་ཐེག་པ་སོ་སོའི་དབང་གིས་འབྲས་བུ་ཐོབ་ཚུལ་དང་དྲི་མ་སྦྱོང་ཚུལ་ཐ་དད་པ་ལས།སྐབས་འདིའི་འབྲས་བུ་ནི།གཞ྄ི༷་ཡ྄ི༷་ཆ྄ོ༷ས་སྐ྄ུ༷་བད྄ེ༷་བར་གཤ྄ེ༷གས་པའི་སྙིང྄༷་པ྄ོ༷་ཉིད྄༷་ནི།རྒྱུ་དང་རྐྱེན་ལ་མ་ལྟོས་པར་ཡེ་ནས་སྐུ་དང་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཆ྄ོ༷ས་སྐ྄ུ༷་གད྄ོ༷ད་མའ྄ི༷་མག྄ོ༷ན་པ྄ོ༷ར་ལྷུན྄༷་གྱ྄ི༷ས་གྲུབ྄༷་པའི་ཕྱིར་ཡེ་ནས་སངས་རྒྱས་པའི་རང་བཞིན་དང་།དྲི་མ་སྦྱོང་ཚུལ་ཡང་རྩོལ་མེད་རང་བཞག་རྫོགས་པ་ཆེན་པོའི་ལམ་ལ་གོམས་པ་ཚད་དུ་ཕྱིན་པས།རྩ་བ་བདག་རྟོག་ལས་བྱུང་བའི་སྣང་སེམས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་དག་ནས་ཐ྄ོ༷བ་བྱ྄༷་མཐར་ཐུག་གཞ྄ོ༷ན་ན྄ུ༷་བ྄ུ༷མ་པ྄༷འི་སྐ྄ུ༷་ཉིད྄༷་མངོན་དུ་གྱུར་པ་ནི་སངས་རྒྱས་པ་དང་།ད྄ེ༷་ལྟ་བུའི་དག་པ་གཉིས་དང་ལྡན་པའི་ངོ་བོ་སྟོང་པའི་ཡེ་ཤེས་ཆོས་སྐུ།རང་བཞིན་འོད་གསལ་བའི་ཡེ་ཤེས་ལོངས་སྐུ།ཐུགས་རྗེ་འགགས་པ་མེད་པའི་ཡེ་ཤེས་སྤྲུལ་སྐུ་སྟེ་དབྱིངས་ནང་གསལ་གྱི་སྐུ་གསུམ་དང་། །དག་དང་མ་དག་པའི་གདུལ་བྱར་སྣང་བ་མཚན་དཔེས་བརྒྱན་པའི་ལོངས་སྐུ།མཛད་པ་བཅུ་གཉིས་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་སོགས་ཏེ་ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་སུ་གནས་སོ། །གཉིས་པ་དེ་ཇི་ལྟར་ཐོབ་པའི་ཚུལ་ནི།དབང་པོ་རབ་ཀྱིས་ནས།གཞི་རུ་བཞུགས༔ ཞེས་གསུངས་ཏེ།དེ་ཡང་དབ྄༷ང་པ྄ོ༷་ཡང་ར྄༷བ་ཤེས་བརྩོན་དང་ལྡན་པ་རྣམས་ཀྱ྄ི༷ས་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་།ལྷུན་གྲུབ་ཐོ་རྒལ་གྱི་བསྒོམ་པ་མཐར་ཕྱིན་པས་ཚ྄ེ༷་ལུས་གཅིག྄༷་པོ་འདིར་རང་གཞི་གདོད་མའི་གནས་ལུགས་ཇི་བཞིན་པ་མངོན་དུ་གྱུར་ནས་ཆོས་སྐུར་འཚང་རྒྱ་བ་དང་།དབང་པོ་འབྲིང྄༷་དང྄༷་སྟེ་ཆོས་སྐུར་གྲོལ་བའི་སྐལ་བ་མེད་པ་རྣམས་ཀྱིས་ཆོས་ཉིད་བར་དོར་རིག་གདངས་ཞི་ཁྲོའི་འཆར་ཆ་རྣམས་རང་སྣང་དུ་ངོས་ཟིན་པའི་སྐུ་དང྄༷་ཡེ་ཤེས་ཡ྄ོ༷ན་ཏན྄༷་རྒྱ་མཚོའི་སྤྱི་དཔལ་྄༷ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་དང་།དབང་པོ་ཐ྄༷་མ྄༷་རྣམས་ཆོས་ཉིད་ཀྱི་བདེན་པ་དང་རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས྄༷།མངོན་པར་དགའ་བ།དཔལ་དང་ལྡན་པ།པདྨ་བརྩེགས་པ།ལས་རབ་རྫོགས་པ་སྟེ་བཞི་དང་།དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་ཁྲོ་བོའི་ཞིང་ཁམས་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ་སྟེ་རྣམ་དག་དབ྄ུ༷གས་ཆེན་འབྱིན྄༷་པའི་ཞིང྄༷་ཁམས་ལྔ྄༷འི་གཞི་྄༷རུ་྄༷ལོ་ལྔ་བརྒྱ་ལྔ་བཅུར་བཞུག྄༷ས་ནས་ཡང་དག་པའི་ལམ་ལ་སྦྱངས་པ་མཐར་སོན་ཏེ་འཚང་རྒྱ་བའོ། །དེ་ཡང་ཀུན་མཁྱེན་ཨ་བྷྱ་དྭི་པས་འདི་ལྟར་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ནི་སྟོན་པ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་དུ་བཀོད་པས་ན་རང་བཞིན་སྤྲུལ་བའི་ཞིང་ཁམས་ཞེས་བྱ་ལ།ལས་འཕྲོ་ཅན་ལ་དེ་ཉིད་མངོན་སུམ་དུ་སྣང་བའི་རྒྱུ་ནི་ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཀྱི་སྙིང་ཁ་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རང་གསལ་བས་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྒོ་ལོངས་སྐུའི་ཕྱོགས་བཞིན་དུ་གདོད་མ་ཉིད་ནས་ལམ་གྱི་སྣང་བར་ཡོད་པའི་རང་བཞིན་དུ་གསལ་བ་ལ་ཤར་ལ་སོགས་པའི་བརྡས་བཏགས་པ་ཉིད་ཐུན་མོང་བ་ཁ་ཅིག་ལྟར་ཕྱོགས་ག་ཤེད་ན་ཡོད་པར་མི་བལྟའོ། །དཔག་ཚད་ཀྱི་ངེས་པ་བཤད་པས་འགལ་ལོ་སྙམ་ན།ཞིང་ཁམས་དེ་དག་ཁམས་གསུམ་པའི་ཆོས་ཉིད་ལས་རྒྱང་རིང་པོ་ཉིད་དུ་འཕགས་པས་དེ་སྐད་བཤད་པས་སྒྲ་ཇི་བཞིན་པ་མ་ཡིན་ལ།དེ་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་སྟེང་ན་བཞུགས་པའང་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཡེ་ནས་བཞུགས་པའི་རྣམ་ཆ་ལས་ཤར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་ཐོབ་ནས་གཞན་དོན་མཛད་ཚུལ་ནི།རྣམ་པ་ཀུན་ཏུ་ནས།རྒྱུན་མི་འཆད༔ ཅེས་གསུངས་ཏེ།དེ་ལྟར་ཆོས་ཀྱི་སྐུ་རུ་གཅིག་ཏུ་ཞི་བར་བཞུགས་པ་དེའི་ཚེ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་ཐུགས་རྗེའི་ཆ་ལས་གཟུགས་སྐུ་གཉིས་སྣང་བས་རྣམ྄༷་པ྄༷་ཀུན྄༷་ཏ྄ུ༷གདུལ྄༷་བྱའི་྄༷གནས་སྐབས་དང་མཐར་ཐུག་གི་དོན་མཛད་པས་འགྲོ་བ་རྣམས་ཀྱི་དཔ྄༷ལ་དང་མག྄ོ༷ན་པོར྄༷་གྱུར་པ་སྟེ།རང་ངོས་ནས་འཁྲུལ་པའི་སྣང་བ་ཆ་དང་བཅས་པ་སྤངས་པས་འཁྲུལ་སྣང་མེད་བཞིན་དུ་གཞན་ལ་མེད་པ་གསལ་སྣང་ཙམ་དུ་འཆར་བ་དེ་གཟིགས་ནས་ཆོས་སྟོན་པའོ། །དེ་ཡང་སངས་རྒྱས་རྣམས་ལ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཡོད་པས་ལོངས་སྐུ།མཁའི་ཟླ྄༷་བ་྄༷དང་སྤྲུལ་སྐུ་ཆུ་྄༷ཟླ྄༷་ལྟ྄༷་བུར྄༷།ལས་དག་པ་དང་མ་དག་པའི་གདུལ་བྱ་རྣམས་ལ་ཅ྄ི༷ར་ཡང྄༷་སྟེ་སྣ་ཚོགས་སུ་སྣང་རུང་བའོ། །ཡང་མཐའ་དང་མུ་མེད་པའི་འགྲོ་བ་རྣམས་ཀྱིས་རང་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་མ་མཐོང་ཞིང་གཉིས་སུ་འཛིན་བའི་བག་ཆགས་འཐས་པའི་སྟོབས་ཀྱིས་རང་སྣང་འཁྲུལ་པ་རྨི་ལམ་ལྟར་སྣང་བ་ནི་གདང྄༷ས་ཀྱ྄ི༷་འཁ྄ོ༷ར་བ྄༷་སྟེ།དེ་ཉིད་ལམ་རྟོགས་གོམས་ཀྱིས་དབྱ྄ི༷ངས་སུ་མ྄༷་ཞ྄ི༷ག་གི་བར྄༷་དུ།དབྱིང྄༷ས་ནང་གསལ་སྐུ་གསུམ་གྱ྄ི༷་ཡེ་྄༷ཤ྄ེ༷ས་ཕྱིར་གསལ་དུ་ཤར་བ་གཟུགས་སྐུ་གཉིས་ཀྱི་ར྄ོ༷ལ་གར་྄༷ཡང་རྒྱུན྄༷་མ྄ི༷་འཆད྄༷་པར་འབྱུང་ཞིང་འགྲོ་དོན་མཛད་པ་དང་།གང་དུ་གདུལ་བྱའི་ཆུ་སྣོད་ཡོལ་བའི་ཚེ་ན་གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་སྐུའི་ཆུ་ཟླ་ལོངས་སྐུའི་མཁའ་ཟླ་ལ་ཐིམ་པ་དང་།དེ་ཡང་གཅིག་ཤོས་ནས་གཅིག་ཤོས་ལ་ཐིམ་པ་ལྟ་བུ་མེད་ཀྱང་ཕྱིར་གསལ་གྱི་གདངས་ལོངས་སྐུའི་རང་སྣང་ནང་དབྱིངས་སྤྲོས་པ་མེད་པའི་ངང་དུ་ཐིམ་ནས་ཆོས་སྐུའི་ཡེ་ཤེས་ཆེན་པོར་འཁྱིལ་བ་ལ་དབུ་མ་པ་རྣམས་འཇུག་པ་ཆོས་དབྱིངས་སུ་ཞི་བའི་འགོག་པ་དམ་པ་དང་།རྫོགས་ཆེན་པ་རྣམས་ནང་གསལ་ཐིམ་ལ་མ་རྨུག་པའི་ཡེ་ཤེས་གཞོན་ནུ་བུམ་པའི་སྐུ་ཞེས་བཞེད་པར་གསུངས་སོ། །ལེའུའི་སྐབས་བསྡུ་བ་ནི།ཤེས་རིག་ནས།རྫོགས་སོ༔ ༈གསུམ་པ་མཇུག་དོན་མཛད་བྱང་ནི།ཞེས་པ་འདི་ནི་སོགས་ནས།སྤྲགས་པར་གྱུར་ཅིགཅེས་པའི་བར་གྱིས་བསྟན་ནོ། །༈སྨྲས་པ།རྨོངས་པའི་སེམས་འདིས་མི་གཙང་སྒྱུ་མའི་ལུས་འདི་བདག་ཏུ་བཟུང་ཕྱིན་ཆད། །བྱས་ཚད་ཐམས་ཅད་འཁོར་བའི་རྒྱུ་སྟེ་འབྲས་བུ་སྡུག་བསྔལ་ལས་མི་འཕགས། །སྲིད་པའི་ཕུན་ཚོགས་གནས་སྐབས་ལེགས་ཀྱང་མི་བདེན་སྒྱུ་མའི་བསླུ་བྲིད་དངོས། །དེ་ཕྱིར་དེ་ཤེས་བདག་མེད་དོན་འདི་ཐར་འདོད་རྣམས་ཀྱིས་བསྟེན་བྱར་གདམས། །འཁོར་འདས་ཆོས་ཀུན་རང་སྣང་ཙམ་དང་གཞི་མེད་རྩ་བྲལ་མ་རྟོགས་ན། །ཉི་ཚེའི་སྟོང་པ་ཤེས་པ་ཁོ་ནས་ཐེག་ཆེན་འཕགས་ས་ཐོབ་པ་མིན། །ངོ་བོ་ཀ་དག་རིག་གདངས་ལྷུན་གྲུབ་སྣང་བ་ལམ་བྱེད་མ་རྟོགས་ན། །སྣང་གསུམ་འཕོ་བའི་བག་རྡུལ་བཅོམ་ནས་དང་པོའི་གནས་ལུགས་མངོན་མིན་པས། །སྲིད་ཞིའི་ཁམས་ན་འགྲན་ཟླ་བྲལ་ཞིང་མ་ལུས་སྐྱེ་རྒུའི་མགོན་གཅིག་པུ། །བྱོན་དང་འབྱོན་འགྱུར་རྒྱལ་བ་ཀུན་གྱི་བསྒྲོད་པ་གཅིག་པུའི་ལམ་མཆོག་འདི། །རླབས་ཆེན་ཐུགས་རྗེ་ཆེན་པོའི་ཤུགས་དང་གདུལ་བྱའི་བསྐལ་མང་ལེགས་བྱས་མཐུས། །ལན་གཅིག་སྣང་ཕྱིར་འདི་ན་རྙེད་དཀའ་ཨུ་དུམ་ཝ་ར་ལས་ཀྱང་དཀོན། །མཚན་ཐོས་ཙམ་གྱིས་སྡིག་པོ་ཆེ་ཡང་ངན་སོང་གནས་ལས་སྒྲོལ་གསུངས་ན། །ཐོས་བསམ་བསྒོམས་པས་ཉམས་སུ་ལེན་གང་སྲིད་མཐའི་བྱང་ཆུབ་སེམས་དཔར་ངེས། །ཚུལ་དེར་གཞིག་ན་རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་ལས་ལྷག་པས། །ཉིན་དང་མཚན་དུ་གཡེལ་མེད་བརྩོན་རྣམས་ཆོས་པ་ཀུན་གྱི་རྩེ་མོར་བསྔགས། །རྫོགས་ཆེན་ཆོས་ལས་ཟབ་པ་མེད་ཀྱང་གང་ཟག་རྒྱུད་དང་འབྲེལ་མིན་པར། །ཁ་ལྟ་མཐོན་པོའི་ང་རྒྱལ་ཁོ་ནས་ལས་འབྲས་ཁྱད་གསོད་ངན་འགྲོའི་རྒྱུ། །མཚོན་གྱིས་གཏུབ་ཀྱང་ཉམས་ལེན་གདུངས་བྲལ་གྲུབ་པའི་ས་མཐོར་མ་གཤེགས་པར། །ལས་འབྲས་འདོར་ལེན་ཟབ་མོའི་གདམས་ངག་གཅིག་དྲིལ་བརྩོན་པ་ཤིན་ཏུ་གཅེས། །རྫོགས་ཆེན་མཉམ་བཞག་སྨྲ་བརྗོད་བྲལ་ཡང་དང་པོའི་ལས་ཅན་འཇུག་པའི་སྐབས། །རང་གིས་བསམ་པ་གཞན་ལ་འཆད་ཀྱང་ལུང་རིགས་སྣང་བ་དང་འགྲོགས་བཞིན། །གནས་ཚུལ་ཟབ་དང་སྣང་ཚུལ་རྒྱ་ཆེའི་བབས་དང་མི་འགལ་འཆད་ཚུལ་རྣམས། །ངེས་པར་བྱས་ནས་ཡོད་མེད་ཡིན་མིན་དགག་སྒྲུབ་ཚུལ་བཞིན་སྨྲ་ཤེས་གལ། །བརྟུལ་ཞུགས་གྲུབ་པའི་དཔའ་བོ་ཡིན་ན་ཡུལ་ངན་རྐྱེན་གྱིས་མི་བརྫི་ཡང་། །བྱིས་པའི་བློ་ཅན་བདག་འདྲའི་རིགས་ཅན་བཟང་ངན་སྣང་བས་མཐོ་དམན་བྱེད། །ཕྱི་དང་ནང་གི་རྣམ་གཡེང་ཞི་བ་དབེན་པའི་གནས་མཆོག་ཉམས་དགའ་རུ། །དོན་མེད་དོན་ཆུང་བྱ་བ་སྤངས་ནས་དོན་ཆེན་སྙིང་པོའི་སྒྲུབ་ལ་གཞོལ། །གནས་ལུགས་མཐར་ཐུག་ནམ་མཁའི་དབྱིངས་བཞིན་མཁས་ཤིང་གྲུབ་པའི་རོལ་གནས་ལ། །སྐྱེས་སྦྱངས་བྲལ་བ་སོ་སྐྱེས་བློ་གྲོས་སྦྲང་བུའི་རླབས་ཀྱིས་བརྒལ་མིན་ཀྱང་། །དོན་བཟང་ཚལ་ལ་རབ་དགའ་སྐྱེས་ནས་གང་ཤེས་འགྲེལ་དབྱངས་དར་དིར་བསྒྲགས། །རོ་མངར་བཅུད་འདི་ཡང་ཡང་མྱོང་རྣམས་རླབས་ཆེན་སྤོབས་པའི་རྩལ་རྫོགས་འགྱུར། །གསང་བ་བསྒྲགས་ན་ཉེས་པ་འབྱུང་ཚུལ་ལམ་འདིར་གཤེ་སྐུར་ཁྱད་གསོད་པས།དུཿཁས་གདུང་ཕྱིར་དེ་འདྲའི་རིགས་ལ་རླུང་ཕྱོགས་ཙམ་ཡང་བསྒྲགས་མི་རུང་། །ལམ་འདི་མཐོང་ཚེ་ཤིན་ཏུ་མོས་ཤིང་བཤད་པའི་དོན་ལ་ཡིད་ཆེས་པ། །སྣོད་ལྡན་ཉིད་དེ་རིགས་འབྱོར་དམན་ཀྱང་གབ་སྦས་མེད་པར་སྟོན་གསུངས་ལྟར། །གསང་སྔགས་བཀའ་ཡི་སྲུང་མ་གཉན་གྱིས་དམ་ཉམས་རྣམས་ལ་ཆད་གཅོད་ཅིང་། །དམ་ལྡན་ལ་སྤེལ་སྡོང་གྲོགས་མཛད་ཚུལ་སྔོན་ཚེ་ཞལ་གྱིས་བཞེས་ལྟར་དགོངས། །རྣམ་དཀར་དགེ་ཚོགས་འཇམ་དབྱངས་མཁྱེན་པའི་རྗེས་བསྔོས་གང་གཱའི་རྒྱུན་ལྟའི་འགྲོ། །རྩོལ་མེད་ལམ་གྱིས་གནས་ལུགས་མངོན་གྱུར་རྣམ་མཁྱེན་རྒྱ་མཚོར་འདྲེས་གྱུར་ཅིག།གནས་སྐབས་སུ་ཡང་འཇིག་རྟེན་ཁམས་ཀུན་མི་མཐུན་ཕྱོགས་རྣམས་རབ་ཞི་ཞིང་། །ཆོས་དང་སྲིད་ཀྱི་འབྱོར་པ་དགའ་ལྡན་ལྷ་དང་སྐལ་བ་མཉམ་གྱུར་ཅིག།ལས་སྨོན་མཐུན་པའི་རྡོ་རྗེའི་མཆེད་དང་བཟང་ངན་འབྲེལ་ཐོགས་བྱང་ཆུབ་སར། །བརྩེ་གདུང་གུས་པས་མི་འབྲལ་འགྲོགས་ཤིང་རྡོ་རྗེའི་ཐེག་ལ་སྤྱོད་གྱུར་ཅིག།ཅེས་གཏེར་ཆེན་བླ་མ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱི་དགོངས་གཏེར་ནམ་མཁའ་མཛོད་ལས་འབྱུང་བའི་ཆོས་སྡེ་ཤེས་རིག་རྡོ་རྗེ་རྣོན་པོའི་རྒྱུད་འགྲེལ་འདི་ཉིད་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུའི་དབེན་གནས་སྒྲགས་ཡང་རྫོང་གི་འདབ་ཞོལ་དུ་ཆོས་གྲོགས་ཁ་ཤས་ལ་འཆད་པའི་སྐབས་སུ།སྐྱབས་རྗེ་གཏེར་ཆེན་བདུད་འཇོམས་རྡོ་རྗེ་དེ་ཉིད་ཀྱི་ཞལ་རྒྱུན་བློ་ལ་ཡོད་པ་རྣམས་གཙོ་བོར་བཟུང་ནས་ལམ་མཆོག་འདི་ལ་མོས་པ་དང་ལྡན་པ་པདྨ་མངྒས་བརྗེད་ཐོར་བཀོད་པའོ། །དགེའོ། །སརྦ་མངྒ་ལཾ། །།པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།དགེའོ། །དགེའོ།དགེའོ། །སརྦ་མངྒ་ལཾ། །། །