TTDL-ZABTER-07-JA-055

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-055

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=07 |volumeLetter=JA |textnuminvol=055 |pdflink=File:TTDL-ZABTER-07-JA-055.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-07-JA }}

[edit]
༠༠༠བརྡ་ཡིག༦༢༧མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡེ་ཤེས་མཁའ་འགྲོའི་ཕྱག་རྒྱ་བསྡུས་པ་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༦༢༧སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་མཐར༔ ཨཱཿམ་རིག་གཟུང་འཛིན་འཐས་པ་ཡི༔ རྐྱེན་སྣང་འཁྲུལ་བའི་འཁོར་ལོ་ཀུན༔ ཆོས་ཉིད་དེ་བཞིན་ཉིད་དུ་བརྡལ༔ སྣང་བ་དབྱིངས་ཀྱི་རྗེ་མོའི་མཁའ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ མ་ཆགས་པདྨ་ཉི་ཟླའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ གཞོན་ཚུལ་ཞི་འཛུམ་བལྟ་ན་སྡུག༔ ཞབས་གཉིས་དོར་སྟབས་འགྱིང་བག་ལྡན༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་བྷན་ཐོད་བདུད་རྩི་བསྣམས༔ ཡབ་ཀྱི་མཚོན་པའི་ཁ་ཊྭཱྃ་བརྟེན༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ དབུ་སྐྲ་ཐོར་ཅོག་རིན་ཆེན་དང་༔ མེ་ཏོག་པདྨའི་ཕྲེང་བས་བརྒྱན༔ ལྷག་མ་སྐུ་རྒྱབ་ཁེབ་ཅིང་ཁྲོལ༔ ཡེ་ཤེས་འོད་ཕུང་འཁྲིགས་པའི་ཀློང་༔ འཇའ་ལུས་སྒྱུ་མའི་སྐུར་གསལ་བའི༔ ཐུགས་ཀར་ཉི་ཟླའི་གའུ་ནང་༔ དྭངས་མ་ལྔ་ལྡན་ཐིག་ལེའི་སྦུབས༔ བྃཿཡིག་དཀར་དམར་གསལ་བ་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་དང་༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ མཚོ་ལ་ཁ་ཆར་བབ་པ་ལྟར༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་ས་རཱ་ཛ་ཡ་བྃ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ སྒྲུབ་དང་ལས་སྦྱོར་དམིགས་པས་དབྱེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་བསྐུར་ངོར་ལི་སྟོད་སྐལ་བཟང་དགོན་ནས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཀློང་ཆེན་ནོ།།དགེའོ།།