TTDL-ZABTER-09-TA-029

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-029

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=09 |volumeLetter=TA |textnuminvol=029 |pdflink=File:TTDL-ZABTER-09-TA-029.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-09-TA }}

[edit]
༠༠༠༠༠བརྡ་ཡིག༢༠༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོའི་གསོལ་མཆོད་འདོད་འབྱུང་ཡིད་བཞིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ནི༔ སྒྲུབ་ཚེ་གསོལ་མཆོད་འདིར་བརྩོན་བྱ༔ མཆོད་རྫས་དཀར་གསུམ་མངར་གསུམ་དང་༔ ཆང་དང་གསེར་སྐྱེམས་བ་ལིཾ་ཏ༔ བདུད་རྩི་ཆེན་པོས་རབ་བྲན་ནས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དགའ་ཞིང་སྤྲོ་དང་ཆགས་སེམས་ཀྱིས༔ བཻ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ཁང་༔ ཁང་བཟང་དམ་པ་གཏེར་གྱི་རྒྱལ་མཚན་ནས༔ རྒྱལ་ཆེན་རྣམ་སྲས་ཡབ་ཡུམ་བཀའ་འཁོར་བཅས༔ དད་པ་དང་ནི་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་འདིར་གཤེགས་བརྟན་བཞུགས་ནས༔ འདོད་རྒུའི་དཔལ་ཡོན་སྟེར་བའི་དཔལ་དུ་རོལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ ཆོས་སྐྱོང་རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས༔ གསོལ་ལོ་མཆོད་དོ་བཞེས་ཏེ་དགྱེས་དགོངས་མཛོད༔ དཔག་བསམ་ཤིང་དང་བདུད་རྩིའི་རྒྱ་མཚོ་དང་༔ རིན་ཆེན་དར་ཟབ་སྨན་སྣ་འབྲུ་སྣ་དང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་སོགས༔ འདོད་ཡོན་ལོངས་སྤྱོད་ནམ་མཁའི་མཛོད་ཆེན་པོ༔ གནོད་སྦྱིན་རྒྱལ་ཆེན་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་གི་ཡིད་ལ་འདོད་པའི་བྱེ་བྲག་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ བཀའ་དང་དམ་ཚིག་གཉན་གྱིས་བསྙེན་བསྒྲུབ་བོ༔ དབྱེར་མེད་གྲོགས་མཛོད་བསམ་དོན་ལྷུན་གྲུབ་མཛོད༔ སྒྲུབ་པའི་བརྒྱུད་འཛིན་ཕོ་མོ་ཡིས༔ འདི་ལ་རྟག་ཏུ་འབད་ཅིང་བརྩོན༔ འདོད་རྒུ་ཡིད་བཞིན་འགྲུབ་པ་དང་༔ ཕྲིན་ལས་ཐམས་ཅད་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།