TTDL-ZABTER-12-NA-008

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-008

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=008 |pdflink=File:TTDL-ZABTER-12-NA-008.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}

[edit]
༠༠༠༠༠བརྡ་ཡིག༢༥མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་བསྐང་བ་པདྨའི་ཆུན་འཕྱང་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༢༥ཉམས་ཆག་རྟོག་སྒྲིབ་སྦྱང་བའི་ཕྱིར༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ བསྐང་བཤགས་ཟབ་མོ་འདིར་བརྩོན་བྱ༔ ཕྱི་ནང་གསང་བའི་མཆོད་རྫས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དེ་ནས་བསྐང་བཤགས་ཟབ་མོ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་མཆོད་མི་ཟད་འདོད་ཡོན་གཏེར༔ ཡེ་ཤེས་བདུད་རྩིའི་ངོ་བོར་བྱིན་བརླབས་ནས༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ ཐུགས་རྗེའི་བརྩེ་བས་བདག་རྒྱུད་སྨིན་གྲོལ་མཛོད༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་གསང་ཆེན་དཀྱིལ་འཁོར་ནས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་༔ བདེ་ཆེན་ཆོས་ཉིད་རོལ་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཐུགས་དམ་བསྐང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ དཔའ་བོ་གིང་ཆེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཡེ་ཤེས་རིགས་ལྔའི་གསང་ཆེན་དཀྱིལ་འཁོར་དུ༔ དབྱིངས་ཕྱུག་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་༔ མངོན་སྤྱོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བཀའ་སྡོད་སྲུང་མ་སྡེ་བཞིའི་ཐུགས་དམ་བསྐང་༔ གཞན་སྣང་ཟིལ་གནོན་དངོས་གྲུབ་བདག་པོ་མཆོག༔ སྟོབས་ལྡན་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང་༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ཚོགས་ཀྱིས་བསྐང་༔ ནང་མཆོད་སྨན་གཏོར་རཀྟའི་མཆོད་པས་བསྐང་༔ གསང་མཆོད་ག་ཎ་ཙཀྲས་ཐུགས་དམ་བསྐང་༔ བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ༔ འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་དང་༔ རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི༔ སྡོམ་དང་བསླབ་པ་དམ་ཚིག་སྒོར་ཞུགས་ནས༔ བཀའ་དང་ལུང་བཞིན་སྤྱད་པར་མ་གྱུར་ཏེ༔ ཉམས་ཆག་ཉེས་ལྟུང་འགལ་འཁྲུལ་གྱུར་པ་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་སེམས་ཀྱིས་བཤགས༔ ཕྱིན་ཆད་སྡོམ་བགྱིད་སྙིང་ནས་དམ་བཅའོ༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྗོད༔ ཉམས་ཆག་ཉེས་བྱས་འགལ་འཁྲུལ་ཀུན༔ བསྐང་བཤགས་ཟབ་མོ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བུདྡྷཱ་རསྨིས་ནན་དུ་བསྐུལ་ངོར་འཆོལ་པ་སེམས་ཉིད་ཧད་པོས་ཡེ་ཤེས་ཀློང་གི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་གཞོན་ནུ་རིག་པའི་རྡོ་རྗེའོ།།དགེའོ།།།།