TTDL-ZABTER-13-PA-015

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-015

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=13 |volumeLetter=PA |textnuminvol=015 |pdflink=File:TTDL-ZABTER-13-PA-015.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-13-PA }}

[edit]
༠༠༠༠བརྡ་ཡིག༤༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་

སྒྲུབ་པའི་ཆ་ལག་བསྟན་དགྲའི་དཔུང་འཇོམས་བཞུགས༔

ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༦སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ལ༔ བརྟེན་ནས་བསྟན་དགྲ་བསྒྲལ་བ་ལ༔ དང་པོ་གཟུ་དཔང་བྱ་བ་ནི༔ གསེར་སྐྱེམས་ཁྲག་སྐྱེམས་མདུན་བཤམས་ནས༔ ཀྱཻ༔ དཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ རྩ་གསུམ་ལྷ་ཚོགས་གཟུ་དང་དཔང་༔ བཀའ་སྲུང་ཆོས་སྐྱོང་གཟུ་དང་དཔང་༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང་༔ སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་༔ མ་ལུས་གསན་ཅིང་དགོངས་སུ་གསོལ༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ མཚན་ལྡན་བླ་མའི་སྐུ་ལ་བསྡོས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྣལ་འབྱོར་བདག་ལ་ཕོད་དུ་བཙུག༔ དཀོན་མཆོག་བདེན་པ་ཁྱད་དུ་བསད༔ བཀའ་སྲུང་གཉན་པོ་བརྙས་བཙུགས་བྱས༔ རྗེ་དཔོན་ཁྲིམས་གཉན་བཤིག་ཅིང་གཏོར༔ དགེ་འདུན་སྔགས་པའི་ནོར་ལ་བླངས༔ ཆོས་སྡེ་བླ་བཙུན་བསྡིག་ཅིང་དཀྲུགས༔ དེ་འདྲའི་དགྲ་བོ་ལས་ངན་འདི༔ ད་ལྟ་ཉིད་དུ་མ་བསྒྲལ་ན༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ དགེ་འདུན་ཆོས་སྡེ་དབུ་འཕང་དམའ༔ དེ་འདྲའི་དུས་ངན་ཤར་བ་ལ༔ བརྒྱུད་འཛིན་ཐུགས་རྗེས་འདོར་རམ་ཅི༔ ཐུགས་བསྐྱེད་དམ་བཅའ་གང་དུ་བཞུགས༔ སྐྱབས་བྲལ་བདག་སོགས་སུ་ལ་རེ༔ དབྱིངས་ནས་དགོངས་པ་ད་བསྐྱོད་ལ༔ ཕྲིན་ལས་མཐུ་ནུས་སྲུང་མར་བཞེངས༔ ཤ་ཁྲག་སྐྱེམས་མཆོད་འདི་བཞེས་ལ༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱི༔ དོ་ནུབ་ཉིད་དུ་ཧུར་ཐུམ་སོད༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་མཁྱེན་དཔང་ལ༔ ཡང་གསེར་སྐྱེམས་གཏོར་མ་བཤམས་ལ༔ ཀྱཻ་ཧོཿདཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ རྩ་གསུམ་སྲུང་མས་མཁྱེན་པར་གསོལ༔ གཞི་བདག་ཡུལ་ལྷས་མཁྱེན་པར་གསོལ༔ སྣང་སྲིད་ལྷ་འདྲེས་མཁྱེན་པར་གསོལ༔ ཐོག་མཐའ་བར་གསུམ་ཐམས་ཅད་དུ༔ བདག་གི་སྒོ་གསུམ་བྱ་བ་ཀུན༔ མ་ཉེས་མ་ལེན་གནས་པ་ལ༔ དགྲ་བོ་འདི་ཡིས་དྲག་ཏུ་རྒོལ༔ མངོན་དུ་ཐོབ་དང་ཐབས་ཀྱིས་འཕྲོག༔ ལྐོག་ཏུ་མི་མངོན་གསང་ཐབས་རྐུ༔ དམག་ཇག་ལས་ཀྱིས་འཁྲུག་ཅིང་རྩོད༔ ཁ་ཚིག་སྤྱོད་པས་སྨ་ཕབ་བྱས༔ རྐྱེན་དེས་དཀོན་མཆོག་དབུ་འཕང་དམན༔ སངས་རྒྱས་བསྟན་ལ་རྨ་ཡང་ཕྱུང་༔ བླ་བཙུན་ཆོས་སྡེ་ཉམས་ཕྲར་ཐུག༔ དེ་འདྲའི་དོ་གལ་ཐུག་དུས་འདིར༔ ཉམ་ཐག་ང་རོས་འོ་དོད་འབོད༔ བསླུ་འམ་མི་བསླུ་ཁྱོད་ཀྱིས་མཁྱེན༔ ངས་ནི་མཆོག་གསུམ་སྐྱབས་སུ་བསྟེན༔ བདེན་ཚིག་དབང་དང་དཔང་དུ་ཁུར༔ ལྷ་དང་སྲུང་མར་རེ་ལྟོས་བྱས༔ དེ་དོན་བསླུའམ་ཁྱོད་ཀྱིས་མཁྱེན༔ བརྒྱུད་འཛིན་ཐུགས་རྗེས་འདོར་རམ་ཅི༔ དཀོན་མཆོག་བདེན་པས་བསླུའམ་ཅི༔ བཀའ་སྲུང་ཆོས་སྐྱོང་མེད་དམ་ཅི༔ བཀའ་དམ་གཉན་པོ་འདོར་རམ་ཅི༔ སྡེ་བརྒྱད་དྲག་རྩལ་བོར་རམ་ཅི༔ ལྷ་འདྲེའི་སྡེ་དཔུང་ཤི་འམ་ཅི༔ གལ་སྲིད་དེ་དག་མཆིས་གྱུར་ན༔ ཁྱོད་ཀྱང་རྡོ་རྗེའི་དམྱལ་བར་ལྟུང་༔ རྡོ་རྗེ་འཆང་གི་བཀའ་ལས་འདས༔ བསྟན་འགྲོར་ཕན་པའི་དོན་མི་འབྱུང་༔ དེ་ཕྱིར་སྔོན་གྱི་བཀའ་དམ་བཞིན༔ དམ་ཚིག་གནས་ལས་མ་འདའ་བར༔ དྲག་གཏུམ་རྔམས་པའི་སྐུར་བཞེངས་ལ༔ ཐམས་ཅད་མངོན་སྤྱོད་ལས་ལ་ཆོས༔ མཐར་གྱི་འཆི་བ་ཀུན་ལ་ཡོད༔ དོ་ནུབ་ཉིད་དུ་སོད་ལ་ཤོག༔ ཐོག་མདའ་ས་ལ་ལྟུང་བ་བཞིན༔ གཞན་དུ་མ་འབྱམས་དགྲ་ལ་ཕོབ༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ མཐུ་སྟོབས་མ་རྡུག་ཧུར་ཐུམ་སོད༔ མདའ་མོ་སླར་ལ་མི་ལྡོག་བཞིན༔ སྔགས་མཁན་རང་ལ་སླར་མ་ལྡོག༔ དཀོན་མཆོག་གསུམ་གྱིས་རྒྱབ་བརྟེན་མཛོད༔ དམར་གཏོར་ཁྲག་སྐྱེམས་འདི་བཞེས་ལ༔ དོ་ནུབ་མངོན་སྤྱོད་ཕྲིན་ལས་མཛོད༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ གསེར་སྐྱེམས་རྒྱུག་ཆང་འབུལ་བ་ལ༔ ཀྱཻ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བཀའ་སྲུང་ཆོས་སྐྱོང་དྲག་རྩལ་ཅན༔ གཞི་བདག་ལྷ་འདྲེ་སྟོབས་ལྡན་རྣམས༔ ཐམས་ཅད་གསན་ཅིང་དགོངས་སུ་གསོལ༔ བདག་ལ་སྡང་བའི་དགྲ་བོ་འདི༔ ལྷ་འམ་རུང་སྟེ་བདུད་ཀྱང་རུང་༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཉེ་འམ་རིང་བ་གང་གནས་ཀྱང་༔ མ་བཞག་ད་ལྟ་ཉིད་དུ་སོད༔ བསད་རྟགས་དོན་སྙིང་དངོས་སུ་སྟོན༔ གསེར་སྐྱེམས་གཏོར་མ་འདི་བཞེས་ལ༔ དགྲ་བོ་སྐྱོབ་པའི་ལྷ་སྲུང་རྣམས༔ དབྱེན་དང་ཐབས་ཀྱིས་བདུད་དུ་ཕོབ༔ འཁོར་འདས་གཉིས་ཀྱི་མགྲོན་རིགས་ལ༔ གསེར་སྐྱེམས་རྒྱུག་ཆང་འདི་འབུལ་ལོ༔ མ་གཡེལ་མ་འགྱངས་མྱུར་དུ་རྒྱུག༔ མངགས་པའི་ཕོ་ཉ་བང་མ་བུལ༔ གསོད་བྱེད་ཤན་པ་རྩལ་མ་ཞན༔ འཛིན་བྱེད་དྲེགས་པ་ལག་མ་རྡུམ༔ འདེགས་པའི་དུག་མཚོན་ངར་མ་ཞན༔ རྒྱུག་ཆང་སྐྱེམས་ཀྱིས་མཆོད་པ་བཞེས༔ ནམ་མཁའི་གློག་དམར་འཁྱུག་པ་བཞིན༔ སྐད་ཅིག་ཉིད་དུ་ལས་ལ་རྒྱུག༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཆོ་ཆོ་རྒྱུག་རྒྱུག༔ རྦད་རྦད་བྷྱོ་བྷྱོ༔ ཞེས་གསེར་སྐྱེམས་གཏོར་མ་དགྲ་ཕྱོགས་སུ་དོར༔ དེ་ནས་འགུགས་གཞུག་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་དབྱིངས་ཀྱི་རྗེ་མོའི་བདེན་པའི་མཐུས༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ ནྲྀ་ཨ་ཀཪྵ་ཡ་ཛ་ཛཿདེ་ནས་བླ་འགུགས་བྱ་བ་ལ༔ ཛཿདཀོན་མཆོག་གསུམ་པོ་དབྱིངས་ནས་བཞེངས༔ རྩ་གསུམ་སྲུང་མ་དབྱིངས་ནས་བཞེངས༔ ཨེ་ཀ་ཙ་ཏི༴བཀའ་སྲུང་ཕོ་རྒྱུད༴སྲུང་མ་མོ་རྒྱུད༴ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ བླ་འགུགས་བླ་གཤེད་བླ་ཡི་བདུད༔ སྤྲུལ་པ་སྣ་ཚོགས་འགྱེད་དུ་གསོལ༔ སྡང་བའི་དགྲ་བོའི་བླ་དེ་ཉིད༔ མི་དང་ཤ་བ་རྒོ་བ་ལུག༔ ར་བྱ་གླ་བ་བོང་བུ་སོགས༔ སྲོག་ཆགས་གང་དང་ཅིར་བརྫུ་ཡང་༔ དེ་ཡི་བདུད་གཤེད་ལ་སྤྲུལ་ནས༔ ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར༔ ནམ་མཁའི་ཁམས་ནས་ཁུག་ལ་ཤོག༔ བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར༔ བར་སྣང་ཁམས་ནས་ཁུག་ལ་ཤོག༔ ཤ་ཁྱིས་རི་དྭགས་དེད་པ་ལྟར༔ ས་གཞིའི་ཁམས་ནས་ཁུག་ལ་ཤོག༔ ཉ་མོ་ལྕགས་ཀྱུས་ཟིན་པ་བཞིན༔ མ་ཤོར་དམ་དུ་ཟུངས་ལ་ཤོག༔ ཆུ་ལ་ཆུ་ཐིག་བཞག་པ་ལྟར༔ གཟུགས་བྲིས་ལིང་ག་འདི་ལ་བསྟིམ༔ མེ་སྟག་ཆུ་ཡིས་གསོད་པ་བཞིན༔ འགུག་དང་གསོད་པ་མཉམ་པར་གྱིས༔ རི་དྭགས་རྒྱ་རུ་བཙུད་པ་བཞིན༔ མ་ཤོར་ཕོ་ཉས་མཐའ་ནས་བསྐོར༔ ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན༔ བླ་ཚེ་བསོད་ནམས་ལྷག་མེད་རོལ༔ དཀོན་མཆོག་སྐྱབས་འོག་སྔགས་པའི་ཁྱིམ༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་༔ ཉི་ཟླའི་གོ་བར་སྲུང་མའི་ཚལ༔ ཁམས་གསུམ་གར་ཡོད་གར་གནས་ཀྱང་༔ རང་དབང་མེད་པར་ཁུག་ལ་ཤོག༔ དམ་ལ་མ་འདའ་དམ་ཅན་རྣམས༔ དུས་ལ་བབ་བོ་ས་མ་ཡ༔ འབོད་རྦད་སྔགས་མཇུག་ཏུ༔ དགྲ་བོ་ཆེ་གེའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག་ལིང་མྱོག་ལིང་ཤོག་ལིང་ཐུམ༔ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿའབོད་དང་རྦད་དང་བླ་ཡི་རྟགས༔ བྱུང་ན་འདི་ལྟར་ལྷ་དབྱེ་བྱ༔ བྱ་རོག་དང་འུག་པའི་སྒྲོ་ཡིས་གཡབ་ཅིང་༔ ཛཿབཞེངས་ཤིག་བླ་མ་དཀོན་མཆོག་གསུམ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ ཆོས་ཀྱི་དབྱིངས་སུ་ཐ་མི་དད༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ སྤྲུལ་པས་ས་སྟེང་ཁྱབ་པར་མཛོད༔ དབྱེན་བྱེད་ཕྲ་མེན་ལས་ལ་གྱེས༔ ལས་མཁན་དམར་ནག་མིག་བཞིན་འཕྲུལ༔ ཛཿཉིན་གྱི་ལས་བྱེད་མཐུ་མོ་ཆེ༔ མཐུན་ལ་དབྱེན་བྱེད་ཕྲ་མ་མཁན༔ དཔག་ཚད་བྱེ་བ་ཡུད་ཀྱིས་བསྐོར༔ ཤ་ལོག་བྱེད་ཅིང་སྡང་མིག་བསྒྲད༔ ཕོ་རྒྱུད་རྐང་གཡས་རྡོག་ཐོས་འཕེན༔ མོ་རྒྱུད་རྐང་གཡོན་རྡོག་ཐོས་བསྙིལ༔ ལག་པས་དགྲ་བོའི་ལྷ་སྲུང་མའི༔ དོན་སྙིང་འདྲེན་ཅིང་ནང་རོལ་དཀྲུགས༔ ཧ་ཧ་རྒོད་པས་བློ་ཡིད་བསླུ༔ གཤོག་པ་བརྡབ་པས་སྣང་བ་བསྒྱུར༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཐབས་མཁས་ཆོ་འཕྲུལ་སྟོབས་ཤུགས་ཕྱུང་༔ དགྲ་བོ་སྐྱོབ་པའི་ལྷ་དང་ཕྲོལ༔ སྲུང་སྐྱོབ་བྱེད་པའི་མགོན་དང་ཕྱེ༔ སྲིད་པ་ཡོ་ལོག་བྱེད་དུ་ཆུག༔ ཁ་ཁ་མུ་ཁ་འཕྲུལ་མོ་ཆེ༔ སྣང་སྲིད་ལྷ་འདྲེའི་སེམས་རྒྱུད་བསླུས༔ ང་ཡི་བཀའ་ལ་ཉན་དུ་ཆུག༔ ང་ཡི་བསམ་དོན་འགྲུབ་པར་མཛོད༔ ཛཿམཚན་གྱི་ལས་བྱེད་མཐུ་མོ་ཆེ༔ མཐུན་ལ་དབྱེན་བྱེད་ཕྲ་མ་མཁན༔ དཔག་ཚད་བྱེ་བ་སོགས་ནས་ཧུ་ལུ་མུ་ཁ་འཕྲུལ་མོ་ཆེ༔ སྣང་སྲིད་ལྷ་འདྲེའི་སེམས་སོགས་ནས༔ ང་ཡི་བསམ་པ་མྱུར་འགྲུབ་མཛོད༔ དགྲ་བོ་སྐྱབས་མེད་མགོན་མེད་དུ༔ ཐོངས་ལ་ནད་དུག་གྲིབ་ཀྱིས་ཐོབ༔ ལྷ་སྲུང་ཉེ་མི་ནུས་པར་མཛོད༔ ཅེས་བརྗོད༔ སྐད་ཅིག་གིས་སྒྲོ་མི་དམིགས་པའི་ངང་ལས་ཕྲ་མེན་མ་ནག་མོ་བྱ་རོག་གི་གདོང་པ་ཅན་དང་སེར་མོ་འུག་པའི་གདོང་པ་ཅན་གཉིས་ཀྱིས་གཤོག་པ་བརྡེབ་ཅིང་འཛིང་འཐབ་དྲག་པོ་བྱས་པས་སྤུ་གསེབ་ནས་ནད་དང་དུག་དང་གྲིབ་དང་དྲི་ངན་གྱི་ན་བུན་འཐིབ་པའི་རྣམ་པར་བྱུང་ནས་དགྲ་བོའི་ལྷ་སྲུང་ཐམས་ཅད་བརྒྱལ་མཚོན་ཐུན་ཕོ་ཉ་རྣམས་ཀྱིས་སྤུ་ཤད་རླུང་གིས་ཁྱེར་བ་ལྟར་མཐའི་རྒྱ་མཚོ་ཆེན་པོའི་ཕ་མཐར་ལྕགས་རི་ནག་པོའི་རྒྱབ་གླིང་བར་མུན་པའི་ཁྲོད་དུ་བསྐྲད་ནས་འགྲོ་བའི་ཡུལ་མི་ཤེས་པ་བསྐལ་པར་མགོ་འཁོར་བར་བསྒོམ༔ ཁ་ཁ་མུ་ཁ་བཛྲ་ས་མ་ཡ་ཛཿཧུ་ལུ་མུ་ཁ་ས་མ་ཡ་ཛ་ཛཿཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་བླ་རྟགས་དང་འབོད་རྦད་བསད་པ་གསུམ་གྱི་དྲོད་ཚད་གཏན་ལ་ཕེབ་ནས་གདབ་ལས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྲུང་མ་གཉན་པོའི་དུས་ལ་བབ༔ གདབ་པའི་མཚོན་ཆ་འདི་རྣམས་ལ༔ གང་ལ་ཐོགས་རྡུགས་མེད་པ་ཡི༔ ནུས་སྟོབས་དྲག་ཤུལ་བྱིན་ཆེན་ཕོབ༔ རྣོ་ངར་མཐུ་རྩལ་བསྐྱེད་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་མ་ཡ་ཐུན་བྷྱོ་དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ མ་བྷྱོ་ཛ་བྷྱོ་ཧྲཱིང་བྷྱོ་ཐུན་བྷྱོ་དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ རྦད་ཐུན་གཏོར་མ་ལ་བྲབ༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ ཞེས་སོགས་བཟླས་ཏེ་དྲག་ཏུ་རྦད༔ བསད་ཐུན་ལིང་ག་ལ་བཏབ་པ་ལས༔ དང་པོ་ཕུར་པ་གདབ་པ་ནི༔ ཕུར་བ་སྲས་མཆོག་དངོས་སུ་བསྐྱེད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས་བརྒྱ་རྩ་བརྗོད༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་དཔལ་ཆེན་པོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བོ་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ཅེས་ཕུར་པ་དགྲ་བོའི་ལུས་ཐམས་ཅད་དུ་བཏབ་པས་དགྲ་བོའི་བླ་ཚེ་སྲོག་དབུགས་ཐམས་ཅད་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་རྐྱལ་པ་ཞོས་གང་བ་ལྟར་ཕུར་པ་དེ་ངང་མེར་གྱིས་གང་བར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴བརྒྱ་རྩ་བརྗོད༔ དགྲ་བོའི་རྣམ་པར་ཤེས་པ་ཨ་དཀར་པོའི་རྣམ་པར་ཆུ་ཐིག་ཧུབ་ཀྱིས་བཏབ་པ་ལྟར་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་སྟེ་སངས་རྒྱས་པར་བསམ༔ ཨ་ཕཊ་ཨ་ཕཊ་ཨ་ཕཊ༔ ཅེས་བརྗོད༔ དེ་ནས་ཁྲག་ཐུན་གདབ་པ་ནི༔ ཧཱུྃ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཡི༔ སྤྲུལ་པའི་དུག་ཁྲག་ནད་ཀྱི་ཆར༔ སྡང་བའི་དགྲ་བོའི་སྟེང་དུ་ཕོབ༔ བླ་ཚེ་སྲོག་དབུགས་ཐིབ་ཀྱིས་སོད༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་དགྲ་བོའི་སྲོག་ལ་ཐུན་བྷྱོ་རྦད་རྦད་སོད༔ དེ་ནས་མདའ་ཐུན་གདབ་པ་ནི༔ བྷྱོ༔ མ་མོ་དབྱིངས་ཀྱི་རྗེ་མོ་ཡི༔ སྤྲུལ་པ་ལས་ཀྱི་མདའ་ཐུན་ཕོབ༔ དགྲ་བོའི་བླ་ཚེ་སྲོག་དབུགས་བཅས༔ མར་མེ་རླུང་གིས་བསད་བཞིན་ཐོངས༔ མ་མ་ཨེ་ཀ་ཙ་ཏི་སོགས༔ དེ་ནས་ཡུང་ཐུན་གདབ་ལ༔ བྷྱོ༔ ཨེ་ཀ་ཙ་ཏི་མཐུ་མོ་ཆེ༔ ཁྱོད་ཀྱིས་ཐུགས་དམ་དུས་ལ་བབ༔ སྤྲུལ་པའི་ཉུང་ཐུན་ཆར་དུ་ཕོབ༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ མ་མ་ཨེ་ཀ་ཙ་ཏི་སོགས༔ དེ་ནས་གཏུན་དུ་བརྡུང་བ་ནི༔ ཧཱུྃ༔ བསྡུད་པ་ཤེས་རབ་གཏུན་ཁུང་དུ༔ བཤིགས་པ་ཐབས་ཀྱི་རྡོ་རྗེས་བརྡུང་༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བཏུལ༔ ཆ་མེད་རྡུལ་གྱིས་ནམ་མཁའ་འབྱེད༔ ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ༔ དགྲ་བོ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་མཱ་ར་ཡ་ཐུལ་ཐུལ་རྦད་སོད༔ དེ་ནས་ལིང་རོ་ཆ་གཅིག་གཏོར་མ་ལ་བསྟབས་ཏེ༔ ཛཿདབྱིངས་ཀྱི་རྗེ་མོ་འཁོར་དང་བཅས༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ལྟ་བུའི་ལྗགས་རྐྱོངས་ལ༔ འབྲུག་སྟོང་ལྟ་བུའི་རྐན་སྒྲ་ཡིས༔ དགྲ་བོའི་ཕུང་ཁམས་སྐྱེ་མཆེད་དང་༔ མི་ནོར་འཁོར་བཅས་ལྷག་མེད་རོལ༔ དུས་ལ་བབ་པོ་ས་མ་ཡ༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་དགྲ་བོའི་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ སྲོག་དབུགས་རྟེན་དང་བཅས་པ་ལ་ཁཱ་ཧི༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་མཐུ་རྩལ་འདི་ལ་འདུས༔ བསྟན་དགྲ་འཇོམས་པའི་མཚོན་ཆ་ཡིན༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མཐོང་༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ འདི་འདྲའི་མན་ངག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་མེད༔ བདུད་འདུལ་དཔལ་གྱི་རྡོ་རྗེ་ངས༔ སངས་རྒྱས་བསྟན་པའི་ཆེད་དུ་བཞག༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུར་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།