TTDL-ZABTER-05-CA-007

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-05-CA-007

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=05 |volumeLetter=CA |textnuminvol=007 |pdflink=File:TTDL-ZABTER-05-CA-007.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-05-CA }}

[edit]
༠༠༠༠༠བརྡ་ཡིག༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་སྐོར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ འཛབ་དགོངས་ཆོས་ཉིད་ཀློང་གི་སྒྲོམ༔ བརྡ་ཐིམ༔ ན་མོ་གུ་རུ་པདྨ་བཛྲ་ཡེ༔ ༠༠༠༠༠བརྡ་ཡིག༧༥རྡོ་རྗེ་ཕུར་པ་བསྒྲུབ་པའི་རིག་འཛིན་ལ༔ འཛབ་དགོངས་ཆོས་ཉིད་ཀློང་སྒྲོམ་ཤིན་ཏུ་གཅེས༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་རྣམས༔ དམིགས་པའི་གནད་ལྡན་ལྟ་བའི་གདིང་ལྡན་གྱིས༔ རྩེ་གཅིག་སྒྲུབ་བརྩོན་སྤྲོ་བསྡུའི་བསྒྱུར་ཁ་ནི༔ བློ་ཡིས་དཔག་ཅིང་སོ་སོར་ཤེས་པར་བྱ༔ འདོད་དོན་འགྲུབ་པའི་གནད་ནི་འདི་ནའོ༔ མ་འོངས་ལྔ་བརྒྱའི་མར་གཤམ་སྙིགས་མ་ལ༔ ས་མིག་བྲག་མིག་བསྭེ་རུའི་གཟུགས་སྦས་ཚུལ༔ འབྱུང་བའི་གཞི་ལ་སྤུ་ཡི་འཕྱང་བ་བཀྲམ༔ དལ་ཞེས་ཟན་ལ་སྣུམ་གྱི་སྐར་མ་བཀྲ༔ དགེ་འབྲས་འཚོང་རིན་སྲོག་ལེན་དམར་ཟག་བཀྲམ༔ གྲོང་ཁྲོམ་མི་ནག་འདུ་དབུས་སྨིན་གྲོལ་འདོམས༔ གསང་སྔགས་ངོམས་ཤོར་མིག་མཛེས་ལྟད་མོའི་གནས༔ རྩ་ལྟུང་རིན་ལ་ཟང་ཟིང་ཁུར་དེ་མཉེས༔ རྣམ་པར་གཡེང་བའི་ཐང་ལ་གོམ་ཡང་ཐལ༔ བསྙེན་སྒྲུབ་མི་ཚིག་སྦྲགས་མའི་སྤོད་གྲངས་བརྩི༔ དམ་ཉམས་བཀའ་ལོག་བྱ་བ་གང་ལ་ཟེར༔ གསང་རྒྱས་གདབ་པས་དངོས་གྲུབ་ཉེ་རུ་འབྱུང་༔ དམ་ཚིག་ཐུབ་ན་མ་དང་མཁའ་འགྲོ་འདུ༔ རང་དོན་འགྲུབ་ན་སུ་མ་མགུ་ཡང་ཆོག༔ ཨེ་མ་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ སྡིག་སྤྱོད་ཤན་པའི་ཚལ་ནས་རན་ཚོད་ཟུངས༔ མི་ནག་ཁྲོད་ནས་གསང་སྔགས་མི་འོང་བས༔ རི་དྭགས་རྨས་མ་བཞིན་དུ་གཅིག་པུར་སྡོད༔ ལུས་གཅིག་ཚུལ་གཉིས་འཛིན་པས་འོང་མི་སྲིད༔ ལྷ་ཆོས་དོན་གཉེར་མི་ཆོས་རྒྱབ་ཏུ་བོར༔ ཆོས་པའི་མཆོག་གྱུར་འཁོར་བའི་བྱ་བཏང་ཡིན༔ ས་མ་ཡ༔ གསལ་སྟོང་འཛིན་མེད་འོད་ཀྱི་གོང་བུ་རུ༔ རང་རིག་ཡེ་ཤེས་སྒྱུ་མའི་ལྷ་སྐུར་ལྡང་༔ ཧཱུྃ་ཧཱུ་ྃཧཱུྃ༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་འོད་ལྔའི་ཀློང་དཀྱིལ་དུ༔ པདྨ་ཉི་མ་འབར་བའི་གདན་སྟེངས་སུ༔ ཡེ་ཤེས་སེམས་དཔའ་མཐིང་ནག་ཚོན་གང་བ༔ ཕྱག་གཡས་གནམ་ལྕགས་ཕུར་པ་མཁའ་ལ་ཕྱར༔ གཡོན་པས་སྡིགས་མཛུབ་དཀུར་བརྟེན་འདོར་སྟབས་བགྲད༔ ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་དགུ་པ༔ ནས་འབྲུ་ཙམ་གྱི་ལྟེ་བ་ཁོང་གསེང་དབུས༔ ཐུགས་སྲོག་ཧཱུྃ་ཡིག་སྔོན་པོ་གསལ་འཚེར་གྱི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ སྲོག་གི་ཡི་གེ་ཧཱུྃ་སྔོན་པོ་ལ་ཤེས་པ་གཏད་དེ་བཟླ༔ ལྷ་ལ་ཡེ་ཤེས་སེམས་དཔའ་གབ༔ སེམས་དཔའ་ལ་ནི་རྡོ་རྗེ་གབ༔ རྡོ་རྗེ་ལ་ནི་ཧཱུྃ་ཡིག་གབ༔ ཤེས་རིག་ཆོས་ཉིད་ཀློང་དུ་གབ༔ གབ་བཞིའི་གདིང་དང་ལྡན་པར་བྱ༔ སྐབས་སུ་ཕཊ་སྒྲ་དྲག་པོས་རྨུག་མཐིབ་གསེང་༔ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི༔ དྲན་རྟོག་བཟང་ངན་ཕྲ་རགས་གང་ཤར་ཡང་༔ ཞེན་འཛིན་རྗེས་འབྲང་མེད་པར་རང་ངོར་སངས༔ རྟོག་པ་རང་ཡན་གཉེན་པོ་ཚོལ་བ་སྤངས༔ གང་ཤར་རང་བཞིན་རང་ངོར་རང་གྲོལ་གྱིས༔ བཅོས་བསྒྱུར་བཞག་འཛིན་འགོགས་འཆིང་ཐམས་ཅད་ཀུན༔ རང་བཞིན་མཐའ་བྲལ་ཆོས་སྐུའི་ཀློང་དུ་བཤིགས༔ བློས་བཞག་བསྐྱེད་སྒོམ་ཆོས་སྐུའི་ཀློང་ཡངས་སུ༔ མཚན་མ་འཛིན་རྩོལ་བྲལ་བའི་ངང་དུ་མཉམ༔ རང་གཞི་གདོད་ནས་ཡེ་ཤེས་ལྷ་ཡི་སྐུ༔ ཞལ་ཕྱག་མཚན་མ་བྲལ་བའི་ཆོས་སྐུའོ༔ རང་བྱུང་རིག་པའི་ངག་ནས་འདི་ལྟར་བྱ༔ ཀ་དག་མཐའ་བྲལ་ཕྱལ་ཡན་རྫོགས་པ་ཆེ༔ བྱ་བྱེད་རྩོལ་བྱས་ཆོས་ཀུན་འདིར་གྲོལ་གནད༔ ས་མ་ཡ༔ བཀའ་འདི་གཟའ་བདུད་དུག་སྡོང་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་མ་ཡ༔ ལྟ་ལོག་ངན་སྤྱོད་མཁན་གྱི་སྙིང་ཁྲག་ཐང་ལ་ཕོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་པོ་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་རྡོ་རྗེ་ནས་སྤྱན་དྲངས་ཏེ་མཐར་སྨར་སྟོད་འབྲོས་ཕུག་ཅེས་རྡོ་རྗེ་མཁའ་འགྲོའི་གསང་ཕུག་ས་སྤྱོད་དོན་གྱི་འོག་མིན་ན་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ།།སརྦ་མངྒ་ལཾ།།།།