TTDL-ZABTER-03-GA-032

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-032

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=03 |volumeLetter=GA |textnuminvol=032 |pdflink=File:TTDL-ZABTER-03-GA-032.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-03-GA }}

[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལས༔ བྱིན་འབེབས་དངོས་གྲུབ་གཏེར་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༣༡རྩེ་གཅིག་མོས་གུས་དྲག་པོ་ཡི༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་དུ༔ བྱིན་གྱིས་བརླབས་ཅིང་མངོན་གྱུར་ཕྱིར༔ དམིགས་གསལ་ངང་ནས་འདི་གར་འཇུག༔ ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་ཀློང་ཡངས་ནས༔ ཀུན་ཏུ་བཟང་པོའི་དབང་བྱིན་ཕོབ༔ ལྷུན་གྲུབ་ལོངས་སྐུའི་ཕོ་བྲང་ནས༔ རིགས་ལྔ་ཡབ་ཡུམ་དབང་བྱིན་ཕོབ༔ གདུལ་བྱ་རང་སྣང་སྒྱུ་འཕྲུལ་ཀློང་༔ སྤྲུལ་སྐུའི་སྟོན་འཁོར་དབང་བྱིན་ཕོབ༔ གཞོན་ནུའི་བུམ་སྐུའི་གཞལ་ཡས་སུ༔ དགའ་རབ་རྡོ་རྗེའི་དབང་བྱིན་ཕོབ༔ འཕོ་བ་ཆེན་པོའི་ཀློང་མཛོད་ནས༔ ཤྲཱི་སིང་ཧའི་དབང་བྱིན་ཕོབ༔ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ པད་འབྱུང་ཡབ་ཡུམ་དབང་བྱིན་ཕོབ༔ གདུལ་བྱའི་མོས་ངོར་སྒྱུ་འཕྲུལ་སྣང་༔ རྗེ་འབངས་ཉེར་ལྔའི་དབང་བྱིན་ཕོབ༔ འཁོར་འདས་དག་མཉམ་གཞལ་ཡས་ནས༔ དྲིན་ཅན་བླ་མའི་དབང་བྱིན་ཕོབ༔ སྒྲུབ་པའི་ཡུལ་གནས་བརྟན་གཡོ་ཀུན༔ ཞིང་དང་ཡེ་ཤེས་ལྷར་བྱིན་ཕོབ༔ སྒྲུབ་ཁང་སྒྲུབ་མཆོག་མཆེད་ལྕམ་དྲལ༔ གཞལ་ཡས་ལྷ་རུ་དབང་བྱིན་ཕོབ༔ ཕུང་ཁམས་དབང་ཡུལ་ཡན་ལག་ལ༔ གདན་གསུམ་ལྷ་ཡི་དབང་བྱིན་ཕོབ༔ མ་དག་ལུགས་འབྱུང་འཁོར་བའི་ཆོས༔ བདག་མེད་རོལ་པར་ལུགས་ལྡོག་ནས༔ གདོད་མའི་ཡེ་གཞི་ཡེ་ཤེས་ངང་༔ མངོན་གྱུར་ཆེན་པོར་དབང་བྱིན་ཕོབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨ༔ ས་མ་ཡ༔ འདི་ལྟར་དུས་གསུམ་བརྩོན་བྱས་ནས༔ སྒྲུབ་པ་བྱེད་པའི་སྐྱེས་བུ་ཀུན༔ རྣམ་མཁྱེན་རྫོགས་པའི་བྱང་ཆུབ་ཏུ༔ འཚང་རྒྱ་བ་ལ་ཐེ་ཚོམ་མེད༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་ལྷ་ལུང་བདེ་ཆེན་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་ཨོ་རྒྱན་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།