TTDL-ZABTER-09-TA-005

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-005

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=09 |volumeLetter=TA |textnuminvol=005 |pdflink=File:TTDL-ZABTER-09-TA-005.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-09-TA }}

[edit]
༠༠༠༠༠བརྡ་ཡིག༣༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་ལས་རྦད་རེག་ཕུང་གནམ་ལྕགས་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༩བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ པདྨའི་བརྒྱུད་འཛིན་སྐྱེས་བུ་ལ༔ མི་སྲུན་སྨོན་ལོག་དགྲ་བྱུང་ཚེ༔ རེག་ཕུང་གནམ་ལྕགས་འཁོར་ལོ་འདི༔ ལག་ཏུ་བླངས་པས་དགྲ་སྡེའི་དཔུང་༔ འབྲུ་དྲུག་སེར་བས་བཅོམ་བཞིན་བརླག༔ དེ་ཕྱིར་དུག་ཁྲག་བྲི་རྫས་བསགས༔ དུག་ཤོག་ངོས་འཇམ་བཞིན་དཀར་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ དབུས་ཀྱི་ལྟེ་བ་ཁྱོན་ཡངས་པར༔ གཟའ་བདུད་ནག་པོའི་སྐུ་བྲིས་ལ༔ ཐུགས་ཀར་ཀྵཿདང་ར་ཡིག་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲིཾ་མ་མ་ཡཾ་ཟ་འགྲམ་ཧ་ཧེ་ཡོ་གི་ཤ་ལ་ཛ་ཛཿརཱ་ཧུ་ལ་ར་ཙ་དགྲ་ལ་རྒྱུག་རྒྱུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཧེ་ཏྲི་ས་ལ་རཱ་ཧུ་ལ་པྲ་མ་རཀྴ་དགྲ་ལ་ཛ་ཛཿརྒྱུག་རྒྱུག༔ མ་ཧཱ་དུ་ན་རཀྴ་དགྲ་ལ་ཛ་ཛཿརྒྱུག་རྒྱུག༔ པྲ་མ་རཀྵ་དགྲ་ལ་ཛ་ཛཿརྒྱུག་རྒྱུག༔ སྲིང་སྲིང་རཱ་ཧུ་ལ་དྲིག་དྲིག་དགྲ་བོའི་སྲོག་སྙིང་ཁྱེར་ལ་ཤོག༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ་གཟའ་བརྒྱད་ཀྱི་གཟུགས་བྲིས་པའི་སྙིང་གར་རིམ་པ་བཞིན་འདི་བྲི༔ མ་རག་མོ་པི་ཧཱུྃ་དགྲ་བོ་ཆེ་གེ་མཱ་ར་ཡ་སོད་སོད༔ རྩ་སེར་པ་ལ་ཧཱུྃ་དགྲ་བོ་ཆེ་གེ་མཱ་ར་ཡ་སོད་སོད༔ དུ་རཾ་ཧཱུྃ་དགྲ་བོ་སོགས༔ རཀྴ་ཏྲི་པ་ཧཱུྃ་དགྲ་བོ་སོགས༔ ཨ་ཏྲི་ར་ཏྲི་ཧཱུྃ་དགྲ་བོ་སོགས༔ ཡུ་མ་ས་ན་མཾ་ཧཱུྃ་དགྲ་བོ་སོགས༔ ནཱ་ག་ཤྀ་རི་ཧཱུྃ་དགྲ་བོ་སོགས༔ ཤ་ཨ་སན་ཏྲི་ཧཱུྃ་དགྲ་བོ་ཆེ་གེ་མཱ་ར་ཡ་སོད་སོད༔ རྩིབས་མཆན་བརྒྱད་ལ༔ ཛཿབརྒྱད་བཀོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གཟའ་བདུད་དུག་གི་སྤུ་གྲི་སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད་འཁོར་དང་བཅས་པས་དགྲ་བོ་ཆེ་གེ་མོའི་བུ་ཕོ་རྒྱུད་བུ་མོ་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་དང་བཅས་པ་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་ཐོངས་ཤིག༔ ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཡུམ་འཁོར་ལ༔ ཡུམ་གནམ་སྨན་རྒྱལ་མོ་སྤྲུལ་པ་གདོང་མོ་བཞི་ཡང་སྤྲུལ་མ་བདུད་བྱེ་བ་འབུམ་སྡེ་དང་བཅས་པའི་སོགས།མཆན།ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག༔ བྷྱོ་བྷྱོ༔ ཞེས་བྲིས་ཡབ་འཁོར་ཡིག་མགོ་ནང་བསྟན་སྦུབས༔ ༈ཡུམ་འཁོར་ལའང་རྩིབས་མུ་ཁྱུད༔ གོང་དང་མཚུངས་བྱས་ལྟེ་བ་རུ༔ མ་མོ་གདོང་མོ་བཞི་ཞགས་པ་དང་༔ ནད་རྐྱལ་འཛིན་པ་ལྟེ་བར་བྲིས༔ སྙིང་གར་མ་བྷྱོ་ཛ་ཏྲི་བྲིས༔ མུ་ཁྱུད་དང་པོར་གོང་བཞིན་རྦད་སྔགས་དང་༔ གཉིས་པར་གཉིས་བརྒྱད་སྤྱི་སྔགས་ཤམ་ཅན་བྲིས༔ རྩིབས་ལ་སྡེ་བརྒྱད་གཟུགས་བྲིས་སྙིང་གར་རིམ་པ་བཞིན༔ ཨཿམ་ཧཱ་དཱེ་ཝ་དགྲ་ལ་རྦད༔ ཡཿཡ་མ་ར་ཙ་དགྲ་ལ་རྦད༔ མཿརེ་མ་ཏཱི་དགྲ་ལ་རྦད༔ དུཿཔྲ་མ་ནི་དགྲ་ལ་རྦད༔ རུཿནཱ་ག་ཙནྟྲི་དགྲ་ལ་རྦད༔ ཙཿར་ཙ་ཀིཾ་ཀ་ར་དགྲ་ལ་རྦད༔ ཤཿཀཱ་ལ་ཡཀྵ་དགྲ་ལ་རྦད༔ ནཿནཱ་ག་ར་ཙ་དགྲ་ལ་རྦད༔ རྩིབས་མཆན་བརྒྱད་ལ་བྷྱོ༔ བརྒྱད་བཀོད༔ ཡུམ་འཁོར་ཡིག་མགོ་ཕྱིར་བསྟན་བྲིས༔ བར་དུ་ཟ་སྐལ་གཏད་པ་ལ༔ རྩིབས་ལ་མུ་ཁྱུད་གོང་དང་མཚུངས༔ དབུས་སུ་ལིངྒ་མྀང་རུས་བྲིའོ༔ ཕྱི་རིམ་མུ་ཁྱུད་དང་པོ་ལ༔ ནཱ་ག་རཀྵ་རཱ་ཧུ་ལ༔ མཐར་བླ་འགུགས་སྔགས་བྲིས༔ གཉིས་པ་ལ་མིང་རུས་ལོ་གང་ཤེས་བྲིས་མཐར༔ བླ་ཚེ་རྣམ་པར་ཤེས་པ་ཁུག་ཛཿབྲིས༔ རྩིབས་བརྒྱད་ལ་ལིངྒ་མིང་རུས་སྲོག་ཚང་བརྒྱད༔ མཆན་ལ་རྦད་སོད༔ ཅེས་བྲིས༔ ཕྱི་རིམ་དམོད་པ་གང་དྲན་བྲིས༔ ངོས་གཉིས་ལ་ནི་དེ་བཞིན་དུ༔ ཡིག་མགོ་ཕྱི་དང་ནང་དུ་བསྟན༔ སྟེང་དུ་གནམ་འཁོར་མུ་ཁྱུད་བཞིའི༔ དབུས་སུ་ཧཱུྃ་ཡིག་བྲིས་པ་དང་༔ མུ་ཁྱུད་རིམ་པ་གསུམ་པོ་ལ༔ བདེ་གཤེགས་འདུས་པའི་སྔགས་གསུམ་བཀོད༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་བཀོད༔ རྩིབས་ལ་རྦད་བྷྱོ་བྲིས༔ མཆན་ལ་དགྲ་བོ་ཧུར་ཐུམ་སོད༔ ཅེས་བྲིས༔ འོག་ཏུ་ཡང་ན་མུ་ཁྱུད་གྲངས༔ གོང་བཞིན་བཀོད་ནས་ལྟེ་བ་རུ༔ སུཾཿཡིག་བྲིས་མཐར་རླུང་རིས་བསྐོར༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་མཱ་ར་ཡ་རྦད་རྦད་ཧུར་ཐུམ་རྦད༔ དེ་ཡི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ་གཟའ་བདུད་ནག་པོའི་འབོད་རྦད་བསད་སྔགས་བྲིས༔ ཕྱི་རིམ་འདབ་བརྒྱད་ལ༔ ནཱ་ག་ར་ཙ་དགྲ་བོ་ཧུར་ཐུམ་སོད༔ མཆན་བརྒྱད་ལ༔ རྦད་བྷྱོ་ཕཊ༔ བྲི༔ དེ་དག་རྩིབས་དང་མུ་ཁྱུད་གཅིག་ཐོག་ཏུ་གཅིག་སོང་བར་བྱ་བ་གནད་དོ༔ གཟའ་འཁོར་སྒྲུབ་རྟེན་དུ་བཙུག༔ ལིངྒ་ལ་བདེན་བརྗོད་ཀྱི་འགུགས་གཞུག་དང་བླ་འགུགས་སྔགས་ཅི་མང་བརྗོད་དོ༔ འཛུག་ཚེ་རྦད་བསྐུལ་དྲག་པོ་བྱ༔ རླུང་གི་ལྷ་ལ་ལས་ཀྱང་བཅོལ༔ དེ་ཡིས་དགྲ་ནི་གང་ཡིན་ཀྱང་༔ རིང་པོར་མི་ཐོགས་མྱུར་དུ་བརླག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།