TTDL-ZABTER-06-CHA-022

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-06-CHA-022
Wylie title TTDL-ZABTER-06-CHA-022.pdf
Location bdud 'joms gling pa zab gter
Volume 6, Text 22, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག༔ ༣༡༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་གསང་བ་འདུས་པའི་བསྐང་བ་པདྨའི་ཆུན་པོ་བཞུགས༔ དབུ་ཁྲིད་བརྡ་ཡིག༔ ༣༡༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༣༡༨རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ བསྐང་བ་པདྨའི་ཆུན་པོ་བསྟན༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་དང་༔ ནང་མཆོད་སྨན་གཏོར་རཀྟ་དང་༔ གསང་བ་སྦྱོར་སྒྲོལ་ཟབ་མོའི་རྫས༔ གཞན་ཡང་རི་དྭགས་གཡུང་དྭགས་དང་༔ ཆུ་གནས་བྱ་རིགས་དར་ཟབ་འབྲུ༔ རི་རབ་གླིང་བཞི་གླིང་ཕྲན་དང་༔ དར་ཟབ་ལ་སོགས་རིན་ཆེན་རིགས༔ མ་ཚང་མེད་པར་ཡིད་ཀྱིས་སྤྲུལ༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་བརླབས༔ རང་གི་སྙིང་གའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་དང་བཅས༔ མཁའ་ཁྱབ་འཁོར་ལོར་སད་པར་བྱས༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་དང་བསླབ་པ་དམ་ཉམས་པ༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ སྟོབས་བཞི་ལྡན་པའི་ངང་ནས་བཤགས༔ དཀྱིལ་འཁོར་འཁོར་ལོའི་འོད་ཟེར་གྱིས༔ རང་གཞན་སེམས་ཅན་ཐམས་ཅད་ཀྱིས༔ ལས་ཉོན་སྒྲིབ་པ་ཀུན་སྦྱངས་ཏེ༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ལ༔ སྐད་ཅིག་ཉིད་ལ་བཀོད་བསམ་སྟེ༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿརང་སྣང་རྣམ་དག་བདེ་ཆེན་དག་པའི་ཞིང་༔ སྐུ་དང་ཡེ་ཤེས་བཀོད་པ་རབ་རྫོགས་པ༔ བསམ་གྱིས་མི་ཁྱབ་ཡོན་ཏན་རྒྱ་མཚོའི་གནས༔ འོག་མིན་གནས་དང་ངེས་པ་ལྔ་ལྡན་ཞིང་༔ ཚངས་ཆེན་རྔ་སྒྲ་མི་མཇེད་འཇིག་རྟེན་གྱི༔ གནས་དང་ཉེ་གནས་ཞིང་དང་ཉེ་བའི་ཞིང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་དང་༔ གནས་ཡུལ་ཉེར་བཞི་སུམ་ཅུ་རྩ་གཉིས་སོགས༔ དག་པའི་ཞིང་ཁམས་བཀོད་པ་བསམ་ཡས་ནས༔ ཀུན་བཟང་རིགས་ལྔ་སེམས་དཔའ་སེམས་མ་དང་༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་དང་ནི༔ དགའ་རབ་འཇམ་དཔལ་བཤེས་གཉེན་ཤྲཱི་སེང་༔ ཡེ་ཤེས་མདོ་དང་བི་མ་ལ་མི་ཏྲ༔ པད་འབྱུང་ཆོས་རྒྱལ་མཚོ་རྒྱལ་བཻ་རོ་དང་༔ རྗེ་འབངས་ཉེར་ལྔ་གཏེར་ཆེན་བརྒྱ་རྩ་བརྒྱད༔ རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀུན༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཆེ་མཆོག་ཡང་དག་གཤིན་རྗེ་རྟ་མགྲིན་དང་༔ ཕུར་པ་བླ་མེད་རིག་འཛིན་མཆོད་བསྟོད་དང་༔ དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྡོད་བཅས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དཔལ་མགོན་ཞིང་སྐྱོང་གཟའ་བདུད་ཤན་པ་དང་༔ དབྱིངས་ཀྱི་རྗེ་མོ་རྒྱལ་པོ་པེ་ཧ་ར༔ དབང་ཕྱུག་རྡོར་ལེགས་རྣམ་ཐོས་སྲས་ལ་སོགས༔ ཟབ་གཏེར་སྤྱི་ཡི་སྲུང་མ་མ་ལུས་པ༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་འདོད་ཡོན་རྒྱན་གྱིས་མཆོད༔ དུས་གསུམ་ནས་བསགས་སྡིག་ལྟུང་མཐོལ་ཞིང་བཤགས༔ ཐེག་གསུམ་དགེ་ཚོགས་རྒྱ་མཚོར་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་རྒྱ་མཚོ་འགྲོ་བ་ཡོངས་ལ་བསྔོ༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔ བཛྲ་ས་མ་ཡ་ཛ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ སརྦ་ག་ཎ་པཉྩ་པཱུ་ཛ་ཨཱཿཧཱུྃ༔ དེ་ནས་བསྐང་བ་དངོས་ནི༔ ཧཱུྃ་ཧྲཱིཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་རིགས་ལྔའི༴བདེ་སྟོང་འདུ་འབྲལ་མེད་པའི་ཞིང་ཁམས་ནས༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའི༴སྣང་བཞི་མཐར་ཕྱིན་གདོད་མའི་ཞིང་ཁམས་ནས༔ རིག་འཛིན་དགའ་རབ་རྡོ་རྗེའི༴ཟག་བཅས་ཕུང་པོ་འོད་ཀྱི་སྐུར་གྲུབ་པ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན༴འོད་གསལ་རྒྱུན་ཆད་མེད་པའི་ཞིང་ཁམས་ནས༔ རིག་འཛིན་ཤྲཱི་སེང་ཧའི༴ཟུང་འཇུག་འཕོ་བ་ཆེན་པོའི་སྐུ་བརྙེས་པ༔ པཎ་ཆེན་བི་མ་མི་ཏྲའི༴སྣང་སྲིད་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ནས༔ རྒྱལ་དབང་པདྨ་ཐོད་ཕྲེང་༴ཆོས་ཉིད་དགོངས་པ་བར་མཚམས་མེད་པའི་ཞིང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན༴འཇའ་ལུས་རྡོ་རྗེ་གྲུབ་པའི་སྐུ་བརྙེས་པ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴མཆོག་ཐུན་དངོས་གྲུབ་འབྱུང་བའི་ཞིང་ཁམས་ནས༔ གྲུབ་ཆེན་རྗེ་འབངས་ཉེར་ལྔའི༴འགྲོ་དོན་རྒྱུན་ཆད་མེད་པའི་ཞིང་ཁམས་ནས༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད༴སྣང་སྲིད་ཆོས་སྐུར་རྫོགས་པའི་ཞིང་ཁམས་ནས༔ གར་དབང་བདུད་འཇོམས་རྡོ་རྗེའི༴སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཞིང་ཁམས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མའི༴ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས༴ནང་མཆོད་འདོད་ཡོན་ལྔ་ཡིས༴གསང་མཆོད་སྨན་རཀ་གཏོར་མས༴ཡང་གསང་སྦྱོར་སྒྲོལ་མཆོད་པས༴དར་ཟབ་འབྲུ་སྣ་གོས་ཀྱིས༴རི་དྭགས་གཡུང་དྭགས་ཚོགས་ཀྱིས༴ཆུ་གནས་བྱ་རིགས་ཚོགས་ཀྱིས༴བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་ཆེན་པོར་སྒྲོལ༔ ཡེ་སྦྱོར་ཡེ་མཆོད་ཆེན་པོས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་༔ གཞི་དབྱིངས་བདེ་ཆེན་འགྱུར་མེད་ཞིང་ཁམས་ནས༔ ཀུན་ཁྱབ་ཀུན་གཟིགས་ཡབ་ཡུམ༴དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རྣམ་སྣང་དབྱིངས་ཕྱུག་ཡབ་ཡུམ༴ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ མི་བསྐྱོད་མཱ་ཀཱི་ཡབ་ཡུམ༴ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་འབྱུང་སྤྱན་མ་ཡབ་ཡུམ༴ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་མཐའ་གོས་དཀར་ཡབ་ཡུམ༴བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་ནས༔ དོན་གྲུབ་སྒྲོལ་མ་ཡབ་ཡུམ༴ཚོགས་བརྒྱད་གནས་དག་ས་བཅུའི་ཞིང་ཁམས་ནས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི༴ཡུལ་བརྒྱད་གནས་དག་རྒྱལ་བ་མཆོད་པའི་ཞིང་༔ བྱང་ཆུབ་སེམས་མ་བརྒྱད་ཀྱི༴ཚད་མེད་བཞི་ལྡན་ཡེ་ཤེས་དཀྱིལ་འཁོར་ནས༔ ལས་བྱེད་སྒོ་བ་བཞི་ཡི༴ཕྲིན་ལས་རྣམ་བཞི་ལྷུན་གྲུབ་དཀྱིལ་འཁོར་ནས༔ ལས་མཛད་སྒོ་མ་བཞི་ཡི༴འགྲོ་བ་རིགས་དྲུག་རིམ་གྱིས་བསྒྲལ་མཛད་པ༔ སྤྲུལ་སྐུ་ཐུབ་པ་དྲུག་གི༴ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས༴ནང་མཆོད་འདོད་ཡོན་ལྔ་ཡིས༴གསང་མཆོད་སྨན་རཀ་གཏོར་མས༴ཡང་གསང་སྦྱོར་སྒྲོལ་མཆོད་པས༴དར་ཟབ་འབྲུ་སྣ་གོས་ཀྱིས༴རི་དྭགས་གཡུང་དྭགས་ཚོགས་ཀྱིས༴ཆུ་གནས་བྱ་རིགས་ཚོགས་ཀྱིས༴བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་ཆེན་པོར་སྒྲོལ༔ ཡེ་སྦྱོར་ཡེ་མཆོད་ཆེན་པོས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་༔ ཧཱུྃ༔ སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཧེ་རུ་ཀ་ཡི་ཐུགས༴གཉིས་མེད་བདེ་སྦྱོར་འཁོར་འདས་མཁར་སྡུད་མ༔ གནམ་ཞལ་དབྱིངས་ཕྱུག་མ་ཡི༴སྙིང་རྗེ་ཞི་ལ་ཁྲོས་པའི་སྐུར་བཞེངས་པ༔ རཀྴ་ཧེ་རུ་ཡབ་ཡུམ༴བྱམས་པ་ཆེན་པོས་འགྲོ་ཀུན་རྗེས་སུ་འཛིན༔ གུ་ཧྱ་ཧེ་རུ་ཡབ་ཡུམ༴འགྲོ་ཁམས་མ་ལུས་དབང་དུ་སྡུད་མཛད་པ༔ བྷི་ཤ་ཧེ་རུ་ཡབ་ཡུམ༴ཕྲིན་ལས་དྲག་པོས་དགྲ་བགེགས་སྒྲོལ་མཛད་པ༔ ཡཀྴ་ཧེ་རུ་ཡབ་ཡུམ༴ལྷ་གདོན་ཟིལ་གནོན་ཡེ་ཤེས་ཁྲོས་པའི་རྒྱལ༔ ཧཱུྃ་ཀཱར་མདའ་གཞུ་འཛིན་པའི༴ཤར་ཕྱོགས་དྲི་ཟ་ཟིལ་གནོན་ཁྲོས་པའི་རྒྱལ༔ རྣམ་རྒྱལ་ཏྲི་ཤུལ་འཛིན་པའི༴ཤར་ལྷོ་མེ་ལྷ་ཟིལ་གནོན་ཁྲོས་པའི་རྒྱལ༔ དབྱུག་སྔོན་དབྱུག་ཏོ་འཛིན་པའི༴ལྷོ་ཕྱོགས་གཤིན་རྗེ་ཟིལ་གནོན་ཁྲོས་པའི་རྒྱལ༔ གཤེད་པོ་བེ་ཅོན་འཛིན་པའི༴ལྷོ་ནུབ་སྲིན་པོ་ཟིལ་གནོན་ཁྲོས་པའི་རྒྱལ༔ མི་གཡོ་རྡོ་རྗེ་འཛིན་པའི༴ནུབ་ཕྱོགས་ཆུ་ལྷ་ཟིལ་གནོན་ཁྲོས་པའི་རྒྱལ༔ དབང་ཆེན་གྲི་ཐོད་འཛིན་པའི༴ནུབ་བྱང་རླུང་ལྷ་ཟིལ་གནོན་ཁྲོས་པའི་རྒྱལ༔ འདོད་རྒྱལ་བ་དན་འཛིན་པའི༴བྱང་ཕྱོགས་གནོད་སྦྱིན་ཟིལ་གནོན་ཁྲོས་པའི་རྒྱལ༔ བདུད་འཁྱིལ་རྒྱ་གྲམ་འཛིན་པའི༴བྱང་ཤར་དབང་ལྡན་ཟིལ་གནོན་ཁྲོས་པའི་རྒྱལ༔ ཁམས་གསུམ་ཁ་ཊྭཱྃ་འཛིན་པའི༴འོག་ཕྱོགས་ས་བདག་ཟིལ་གནོན་ཁྲོས་པའི་རྒྱལ༔ སྟོབས་ཆེན་ཐོ་བ་འཛིན་པའི༴དགྲ་བགེགས་གདུག་ཅན་བསྒྲལ་བའི་བམ་སྟེང་ནས༔ དཔལ་གྱི་ལྕེ་སྤྱང་མ་བརྒྱད༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿཆོས་ཉིད་མི་འགྱུར་ཨེ་ཡི་དཀྱིལ་འཁོར་ནས༔ ཡང་དག་ཁྲོས་པའི་རྒྱལ་པོའི་ཐུགས་དམ་བསྐང་༔ གཉིས་མེད་བདེ་སྟོང་བསྐྱེད་མཛད་ཁྲོ་མོ་ཡུམབཛྲ་ཀྲོ་ཏི་མ་ཡི༴ས་ཁམས་གཏི་མུག་རྟོག་པ་གཞོམ་མཛད་པ༔ བུདྡྷ་ཧེ་རུ་ཡབ་ཡུམ༴ནམ་མཁའ་ཞེ་སྡང་རྟོག་པ་གཞོམ་མཛད་པ༔ བཛྲ་ཧེ་རུ་ཡབ་ཡུམ༴ཆུ་ཁམས་ང་རྒྱལ་རྟོག་པ་གཞོམ་མཛད་པ༔ རཏྣ་ཧེ་རུ་ཡབ་ཡུམ༴མེ་ཁམས་འདོད་ཆགས་རྟོག་པ་གཞོམ་མཛད་པ༔ པདྨ་ཀྲོ་ཏ་ཡབ་ཡུམ༴རླུང་ཁམས་ཕྲག་དོག་རྟོག་པ་གཞོམ་མཛད་པ༔ ཀརྨ་ཧེ་རུ་ཡབ་ཡུམ༴ཀཽ་རཱི་ཙཽ་རཱི་པྲ་མོ་བཻ་ཏ་ལི༔ པུསྐ་གསྨ་སྨེ་ཤ་ཙནྡྷ་ལཱི༔ ཀཽ་རཱི་མ་མོ་བརྒྱད་ཀྱི༴སེང་ཧ་བྱ་གྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀང་ཀ་ཁ་ཁ་ཧུ་ལུ་མ༔ ཕྲ་མེན་སེང་ཧ་བརྒྱད་ཀྱི༴རྟ་གདོང་ཕག་གདོང་སྤྲེལ་གདོང་སྤྱང་གདོང་མ༔ ཡེ་ཤེས་སྒོ་མ་བཞི་ཡི༴དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་སོགས༔ བཀའ་སྡོད་སྲུང་མའི་ཚོགས་ཀྱི༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿསེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཐུགས་དམ་བསྐང་༔ གཉིས་མེད་བདེ་སྦྱོར་ཆོས་ཉིད་མཁའ་རུ་སྡུད༔ གསོད་བྱེད་དུར་ཁྲོད་བདག་མོའི༴གཟུང་འཛིན་རྟོག་པ་ཆོས་སྐུའི་དབྱིངས་སུ་སྒྲོལ༔ སྒྲོལ་ཡུམ་ཨེ་ཀ་ཙ་ཏིའི༴འགྲོ་བའི་སྲོག་དབུགས་སྡུད་མཛད་ཁྲོས་པའི་གཟུགས༔ ཡ་མ་རཱ་ཛ་ཡབ་ཡུམ༴དམ་ཉམས་དགྲ་ལ་གློ་བུར་ཧུར་ཐུམ་འགྱེད༔ མྱོས་བྱེད་འབར་བ་ཡབ་ཡུམ༴ཁམས་གསུམ་འགྲོ་བའི་བླ་སྲོག་སྡུད་མཛད་པ༔ ཨཱཪྻ་མེ་རུ་ཡབ་ཡུམ༴དམ་ཉམས་དགྲ་ལ་འཇིགས་གཟུགས་ཆོ་འཕྲུལ་འགྱེད༔ རལ་པ་ཚར་དགུ་ཡབ་ཡུམ༴གཤིན་རྗེའི་བཀའ་ཉན་སྒྲོལ་བའི་ལས་བྱེད་མ༔ གསོད་བྱེད་འབར་མ་བཞི་ཡི༴ཡེ་ཤེས་གཅིག་ལ་ལྡོག་པ་ཐ་དད་ཚུལ༔ ཐབས་རྣམ་དུ་མས་འགྲོ་བ་བདེ་ལ་འགོད༔ ཕྱོགས་སྐྱོང་བཅུ་གཉིས་རང་རང་ལས་བྱེད་དང་༔ སྤྲུལ་དང་ཡང་སྤྲུལ་བཅས་པའི༴ཕྲིན་ལས་བཞི་སྒྲུབ་སྒོ་བ་བཞི་དང་ནི༔ བདུད་བཞི་གིང་བཞི་རྩིས་བཞི་ཤྭ་ཐོགས་བཞི༔ ཤན་པ་བཞི་དང་སྲོག་གཅོད་མ་མོ་བཞི༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿབདེ་ཆེན་རོལ་པ་དབང་གི་གཞལ་ཡས་ནས༔ ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ གཉིས་མེད་ཡུམ་ཆེན་བདེ་བ་སྦྱོར་མཛད་མ༔ པདྨ་གཟི་ལྡན་ཁྲོ་མོའི༴ཡབ་ཡུམ་བཀའ་ཉན་ཕྲིན་ལས་བསྒྲུབ་མཛད་པའི༔ བྱི་ལ་པུ་ཤད་མགོ་ཅན༴ཁྲོ་རྒྱལ་ཆེན་པོའི་ཕྲིན་ལས་རོལ་པའི་གར༔ ཞི་བ་ཟིལ་གནོན་ཡབ་ཡུམ༴ཁྲོ་བོ་ཟིལ་གནོན་ཡབ་ཡུམ་ཐུགས༴མ་མོ་ཟིལ་གནོན་ཡབ་ཡུམ༴ཁྱུང་ཆེན་ཟིལ་གནོན་ཡབ་ཡུམ༴ཕོ་རྒྱུད་ཟིལ་གནོན་ཡབ་ཡུམ༴མོ་རྒྱུད་ཟིལ་གནོན་ཡབ་ཡུམ༴གཤིན་རྗེ་ཟིལ་གནོན་ཡབ་ཡུམ༴ཀླུ་རྣམས་ཟིལ་གནོན་ཡབ་ཡུམ༴གཟའ་བདུད་ཟིན་གནོན་ཡབ་ཡུམ༴སྒོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཁམས་བརྒྱ་མ་དྲུག་དམུས་ལོང་བཅུ་དྲུག་དང་༔ ཁྱི་བརྒྱད་སྤྱང་བརྒྱད་མེ་འབྲུག་རླུང་འབྲུག་སོགས༔ པདྨ་གསུང་གི་ལྷ་ཚོགས༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ འཁོར་འདས་ཆོས་ཉིད་དབྱིངས་སུ་སྦྱོར་མཛད་མ༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས༴གཟུང་འཛིན་རྟོག་པ་མཉམ་ཉིད་དབྱིངས་སུ་སྒྲོལ༔ སྒྲོལ་ཡུམ་ཨེ་ཀ་ཙ་ཏིའི༴སྐུ་དང་གཉིས་མེད་སྐུ་ལས་སྤྲུལ་པའི་སྲས༔ བུདྡྷ་ཀཱི་ལ་ཡ་ཡི༴ཐུགས་དང་དབྱེར་མེད་ཐུགས་ལས་སྤྲུལ་པའི་སྲས༔ བཛྲ་ཀཱི་ལ་ཡ་ཡི༴ཡོན་ཏན་དབྱེར་མེད་ཡོན་ཏན་སྤྲུལ་པའི་སྲས༔ རཏྣ་ཀཱི་ལ་ཡ་ཡི༴གསུང་དང་དབྱེར་མེད་གསུང་ལས་སྤྲུལ་པའི་སྲས༔ པདྨ་ཀཱི་ལ་ཡ་ཡི༴ཕྲིན་ལས་དབྱེར་མེད་ཕྲིན་ལས་སྤྲུལ་པའི་སྲས༔ ཀརྨ་ཀཱི་ལ་ཡ་ཡི༴སྟེང་གདོན་འདུལ་མཛད་ཁྲོ་ཆེན་ཧཱུྃ་ཀཱ་ར༔ ཡུམ་དང་ཟ་གསོད་བཅས་པའི༴དྲི་ཟ་འདུལ་མཛད་ཁྲོ་ཆེན་རྣམ་པར་རྒྱལ༔ ཡུམ་དང་ཟ་གསོད་བཅས་པའི༴མེ་ལྷ་འདུལ་མཛད་ཁྲོ་ཆེན་དབྱུག་སྔོན་ཅན༔ ཡུམ་དང་ཟ༴གཤིན་རྗེ་འདུལ་མཛད་ཁྲོ་ཆེན་གཤིན་རྗེ་གཤེད༔ ཡུམ་དང་ཟ༴སྲིན་པོ་འདུལ་མཛད་ཁྲོ་ཆེན་མི་གཡོ་མགོན༔ ཡུམ་དང་ཟ༴ཆུ་ལྷ་འདུལ་མཛད་ཁྲོ་ཆེན་རྟ་མགྲིན་རྒྱལ༔ ཡུམ་དང་ཟ༴རླུང་ལྷ་འདུལ་མཛད་ཁྲོ་ཆེན་འདོད་པའི་རྒྱལ༔ ཡུམ་དང་ཟ༴གནོད་སྦྱིན་འདུལ་མཛད་ཁྲོ་ཆེན་བདུད་རྩི་འཁྱིལ༔ ཡུམ་དང་ཟ༴དབང་ལྡན་འདུལ་མཛད་ཁྲོ་ཆེན་ཁམས་གསུམ་རྒྱལ༔ ཡུམ་དང་ཟ༴ས་བདག་འདུལ་མཛད་ཁྲོ་ཆེན་སྟོབས་པོ་ཆེ༔ ཡུམ་དང་ཟ༴སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲས་མཆོག་དཔལ༔ ཁྲ་ཐབས་ཉི་ཤུ་རྩ་གཅིག༴དཔལ་གྱི་བཀའ་བཞིན་ཕྲིན་ལས་རབ་འབྱམས་སྒྲུབ༔ ཤྭ་ན་ས་བདག་རེ་ཏཱི་སྐྱེས་བུ་བཞི༔ དབང་ཕྱུག་ཉེར་བརྒྱད་སྒོ་མ་གིང་ལང་ཀ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿམ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མངོན་རྫོགས་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་༔ གཉིས་མེད་བདེ་སྦྱོར་སྟོང་ཆེན་དབྱིངས་ཀྱི་བདག༔ ཉིད་བཞི་མུ་ཁ་ལེ་ཡི༴སྐུ་དང་དབྱེར་མེད་མཆོག་གི་དངོས་གྲུབ་སྟེར༔ རྟག་རྒྱལ་རྣམ་སྣང་གསལ་གྱི༴གསུང་དང་དབྱེར་མེད་ཕྲིན་ལས་རབ་འབྱམས་བསྒྲུབ༔ འོད་གསལ་ཁྱབ་བརྡལ་མ་ཡི༴ཐུགས་དང་དབྱེར་མེད་འཁོར་པ་ཆོས་སྐུར་གྲོལ༔ གཉན་གསལ་འོད་འཕྲོ་མ་ཡི༴ཡོན་ཏན་དབྱེར་མེད་ཚེ་ཡི་དངོས་གྲུབ་སྟེར༔ ཡང་གསང་སྟོང་ཁམས་བདག་མོའི༴ཕྲིན་ལས་དབྱེར་མེད་འགྲོ་ཁམས་དོང་ནས་སྤྲུགས༔ བཀྲག་གསལ་རྒྱན་བཟང་མ་ཡི༴གཞན་ཡང་ཡེ་ཤེས་པ་དང་འཇིག་རྟེན་ཚུལ༔ ལེགས་ཉེས་ཤན་འབྱེད་སྟོན་མཛད་མ་མོའི་སྡེ༔ སྲིད་པ་བདེ་འགྲོ་མ་ཡི༴ཉི་ཟླ་ཐོད་ཕྲེང་མ་ཡི༴རྡོ་རྗེ་ཉི་མ་ཁྲོས་པའི༴སྲིད་གསུམ་བདེ་སྦྱོར་ཁྲོས་པའི༴པདྨ་ཁྲག་འཐུང་ཁྲོས་པའི༴ཁམས་གསུམ་འཚོ་བྱེད་ཁྲོས་པའི༴དབྱིངས་ཕྱུག་ནོར་གྱི་བདག་མོའི༴རྒྱན་གྱི་རྒྱལ་མོ་གསལ་བྱེད༴བདག་ཉིད་མ་མོ་ཆེན་མོའི༴གཅིག་པུ་འགྲོ་སྲོག་སྡུད་པའི༴དཀར་མོ་མིག་གཅིག་མ་ཡི༴ནག་མོ་རལ་གཅིག་མ་ཡི༴དམར་མོ་དབང་སྡུད་མ་ཡི༴སེར་མོ་ལས་མཁན་མ་ཡི༴སྲིད་པ་ཆགས་སྙོམས་མ་ཡི༴རྣལ་འབྱོར་སྲིད་གསུམ་དབང་བྱེད༴མ་མོ་ཨེ་ཀ་ཙ་ཏིའི༴ཨེ་ཀ་ཙ་ར་མ་ཡི༴མདོག་བཟང་བདུད་ཀྱི་ལྕམ་གཅིག༴མདོག་བཟང་སྲིད་འདེགས་མ་ཡི༴མདོག་བཟང་སྤྱི་འགྲོ་མ་ཡི༴དཀར་མོ་མཆེ་གཅིག་མ་ཡི༴ནག་མོ་ཁ་འཕྱལ་མ་ཡི༴དམར་མོ་མཆུ་འཇིབ་མ་ཡི༴སེར་མོ་རྐང་ལྡག་མ་ཡི༴ཧར་ཏིང་དཀར་མོ་གྲུ་འདེགས༴ཏུན་ཏིང་ནག་མོ་གྲུ་འདེགས༴ཤན་ཏིང་དམར་མོ་གྲུ་འདེགས༴གྲུབ་ཏིང་སེར་མོ་གྲུ་འདེགས༴རྡོ་རྗེ་ཀུན་གྲགས་མ་ཡི༴རྡོ་རྗེ་ཀུན་བཟང་མ་ཡི༴རྡོ་རྗེ་རྟག་སྙེམས་མ་ཡི༴རྡོ་རྗེ་ཡེ་ཤེས་ཆེན་མོའི༴རྡོ་རྗེ་འོད་གསལ་ཆེན་མོའི༴རྡོ་རྗེ་གསལ་འཕྲོ་མ་ཡི༴རྡོ་རྗེ་གཡུ་སྒྲོན་མ་ཡི༴མ་མོ་རྣམས་ཀྱིས་ལས་ཀུན་ཐོགས་མེད་སྒྲུབ༔ སྲིང་མོ་བཞི་དང་ཡང་གབ་མཆེད་བཞི་དང་༔ སྦས་པའི་མ་བཞི་གདོང་མོ་མཆེད་སྡེ་བཞི༔ གཙིག་གི་མ་གསུམ་ཕུང་བྱེད་མ་གསུམ་དང་༔ དབང་མོ་ཉེར་བརྒྱད་དཀྱིལ་འཁོར་མཐའ་སྐྱོང་ཚོགས༔ རྦོད་གཏོང་མ་མོའི་ལྷ་ཚོགས༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿརིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྡོ་རྗེ་རྒྱལ་པོ་ཆོས་ཀྱི་ཐུགས་དམ་བསྐང་༔ གཉིས་མེད་བདེ་སྟོང་སྦྱོར་མཛད་རིགས་ཀྱི་ཡུམ༔ རང་སྣང་གཉིས་མེད་ཡུམ་གྱི༴འཇམ་དཔལ་སྐུ་ཡི་རྣལ་འབྱོར་རིག་པ་འཛིན༔ མཉྫུ་མི་ཏྲ་ཡབ་ཡུམ༴པདྨ་གསུང་གི་རྣལ་འབྱོར་རིག་པ་འཛིན༔ ཀླུ་སྒྲུབ་སྙིང་པོ་ཡབ་ཡུམ༔ ཡང་དག་ཐུགས་ཀྱི་རྣལ་འབྱོར་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ༴ཆེ་མཆོག་ཡོན་ཏན་རྣལ་འབྱོར་རིག་པ་འཛིན༔ པདྨ་ཐོད་ཕྲེང་ཡབ་ཡུམ༴ཕུར་པ་ཕྲིན་ལས་རྣལ་འབྱོར་རིག་པ་འཛིན༔ པྲ་བྷ་ཧསྟི་ཡབ་ཡུམ༴མ་མོ་རྦོད་གཏོང་རྣལ་འབྱོར་རིག་པ་འཛིན༔ དྷ་ན་སཾསྐྲྀ་ཡབ་ཡུམ༴རིག་འཛིན་སློབ་དཔོན་རྣལ་འབྱོར་རིག་པ་འཛིན༔ བི་མ་མི་ཏྲ་ཡབ་ཡུམ༴འཇིག་རྟེན་མཆོད་བསྟོད་རྣལ་འབྱོར་རིག་པ་འཛིན༔ ཤཱནྟིཾ་གརྦྷ་ཡབ་ཡུམ༴དམོད་པ་དྲག་སྔགས་རྣལ་འབྱོར་རིག་པ་འཛིན༔ རམ་བུ་གུ་ཧྱ་ཡབ་ཡུམ༴ཞི་བའི་ལས་མཛད་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་ཀྱི༴རྒྱས་པའི་ལས་མཛད་རིན་ཆེན་རིགས་ཀྱི་ཡུམ༔ འབུམ་ཕྲག་ཡངས་པའི་ཚོགས་ཀྱི༴དབང་གི་ལས་མཛད་པདྨ་རིགས་ཀྱི་ཡུམ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི༴དྲག་པོའི་ལས་མཛད་ཀརྨ་རིགས་ཀྱི་ཡུམ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི༴གདུག་པ་འདུལ་མཛད་ལས་གིང་ཁྱོ་ཤུགས་བཅས༔ རིག་འཛིན་བླ་མའི་ལྷ་ཚོགས༴ཕྱི་མཆོད་ཉེར་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿམཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ གསང་བདག་དྲེགས་པ་ཀུན་འདུལ་ཐུགས་དམ་བསྐང་༔ དེ་དང་གཉིས་མེད་སྦྱོར་བའི་ཡུམ་ཆེན་མོ༔ ཁྲོ་མོ་ཁམས་གསུམ་སྤྱི་གདུལ༴སྣང་སྲིད་ཕོ་རྒྱུད་ཡོངས་ཀྱི་དེད་དཔོན་མཆོག༔ དབང་ཕྱུག་མ་ཧཱ་དཱེ་ཝའི༴སྣང་སྲིད་མོ་རྒྱུད་ཡོངས་ཀྱི་དེད་དཔོན་མཆོག༔ ལྷ་མོ་ཨུ་མ་དཱེ་ཝིའི༴སྣང་སྲིད་གཤིན་རྗེའི་ཡོངས་ཀྱི་དེད་དཔོན་མཆོག༔ ལས་གཤིན་ཡ་མ་རཱ་ཛའི༴གཤིན་རྗེ་མོ་རྒྱུད་ཡོངས་ཀྱི་དེད་དཔོན་མཆོག༔ གསོད་བྱེད་ནག་མོ་ཡུམ་གྱི༴སྣང་སྲིད་མ་མོ་ཡོངས་ཀྱི་དེད་དཔོན་མཆོག༔ མ་མོ་སྲིད་པའི་རྒྱལ་མོའི༴སྔགས་སྲུང་སྨུག་ནག་འབུམ་གྱི་དེད་དཔོན་མཆོག༔ སྔགས་སྲུང་ཨེ་ཀ་ཙ་ཏིའི༴སྣང་སྲིད་བདུད་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ བདུད་པོ་སྐོས་རྗེ་བྲང་དཀར༴སྣང་སྲིད་བདུད་མོ་ཡོངས་ཀྱི་དེད་དཔོན་མཆོག༔ བདུད་མོ་རེ་མ་ཏཱི་ཡི༴སྣང་སྲིད་རྒྱལ་པོ་ཡོངས་ཀྱི་དེད་དཔོན་མཆོག༔ རྒྱལ་པོ་པེ་ཧ་ར་ཡི༴གིང་ཕོ་གིང་མོ་ཡོངས་ཀྱི་དེད་དཔོན་མཆོག༔ སྲོག་བདག་ཚངས་པ་དཀར་པོའི༴སྣང་སྲིད་དགྲ་ལྷ་ཡོངས་ཀྱི་དེད་དཔོན་མཆོག༔ དགྲ་ལྷ་སྐུ་རྗེ་གསང་བའི༴སྣང་སྲིད་གཟའ་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ གཟའ་བདུད་རཱ་ཧུ་ལ་ཡི༴སྲིན་པོ་མི་ཟན་ཡོངས་ཀྱི་དེད་དཔོན་མཆོག༔ ནག་པོ་གློག་གི་ཕྲེང་ཅན༴སྲིན་མོ་གསོད་བྱེད་ཡོངས་ཀྱི་དེད་དཔོན་མཆོག༔ སྦལ་མགོ་ཁྲག་མིག་མ་ཡི༴སྣང་སྲིད་གནོད་སྦྱིན་ཡོངས་ཀྱི་དེད་དཔོན་མཆོག༔ གནོད་སྦྱིན་ཡཀྴ་མེ་དབལ༴གནོད་སྦྱིན་མ་མོ་ཡོངས་ཀྱི་དེད་དཔོན་མཆོག༔ གནོད་སྦྱིན་མོན་མོ་ནག་མོའི༴ཆོས་སྐྱོང་མགོན་པོ་ཡོངས་ཀྱི་དེད་དཔོན་མཆོག༔ དཔལ་ལྡན་མ་ཧཱ་ཀཱ་ལའི༴རཱུ་ཏྲ་རིག་འཛིན་ཡོངས་ཀྱི་དེད་དཔོན་མཆོག༔ བན་ཆེན་རྡོ་རྗེ་བདུད་བདུལ༴སྣང་སྲིད་དམུ་བདུད་ཡོངས་ཀྱི་དེད་དཔོན་མཆོག༔ དམུ་བདུད་ནག་པོ་བཀྲག་མེད༴སྣང་སྲིད་མུ་སྟེགས་ཡོངས་ཀྱི་དེད་དཔོན་མཆོག༔ མུ་སྟེགས་གུ་ལང་ནག་པོའི༴སྣང་སྲིད་ལྷ་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ སྲིད་པའི་ལྷ་རབས་ཤམ་པོའི༴སྣང་སྲིད་སྨན་མོ་ཡོངས་ཀྱི་དེད་དཔོན་མཆོག༔ གནམ་སྨན་ཐོག་གི་བུ་ཡུག༴སྣང་སྲིད་མ་སངས་ཡོངས་ཀྱི་དེད་དཔོན་མཆོག༔ སྤྱི་བདུད་རྒྱལ་པོ་དགུ་རིམ༴སྣང་སྲིད་བཙན་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ སྲོག་བཙན་མི་ཟན་དམར་པོའི༴སྣང་སྲིད་ཐེའུ་རང་ཡོངས་ཀྱི་དེད་དཔོན་མཆོག༔ སྐྱེས་བུ་གནམ་ཐིལ་དཀར་པོའི༴སྣང་སྲིད་འགོང་པོ་ཡོངས་ཀྱི་དེད་དཔོན་མཆོག༔ འགོང་པོ་ཁུ་ལེ་ལག་དགུའི༴སྣང་སྲིད་བགེགས་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ བགེགས་རྒྱལ་བཱི་ན་ཡ་གའི༴སྣང་སྲིད་མཁའ་འགྲོ་ཡོངས་ཀྱི་དེད་དཔོན་མཆོག༔ ནག་མོ་མགྱོགས་བྱེད་མ་ཡི༴སྣང་སྲིད་ཀླུ་རྣམས་ཡོངས་ཀྱི་དེད་དཔོན་མཆོག༔ ཀླུ་བརྒྱད་ནག་པོ་མགོ་དགུའི༴སྣང་སྲིད་ཀླུ་མོ་ཡོངས་ཀྱི་དེད་དཔོན་མཆོག༔ ཀླུ་མོ་ཡཀྴ་ནག་མོའི༴དཀྱིལ་འཁོར་མཐའ་སྐྱོང་ཕྲིན་ལས་ཐོགས་མེད་སྒྲུབ༔ བཀའ་སྡོད་དམ་ཅན་རྒྱ་མཚོའི༴ཕྱི་མཆོད་ཉེར་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿདྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཁྲོ་རྒྱལ་སྟོབས་ལྡན་ནག་པོའི་ཐུགས་དམ་བསྐང་༔ དེ་དང་གཉིས་མེད་སྦྱོར་བའི་ཡུམ་ཆེན་མོ༔ འབྱུང་བ་ལྔ་ཡི་བདག་མོའི༴བཀའ་ཉན་དགྲ་བགེགས་གདུག་པ་ཚར་གཅོད་མཛད༔ སྔགས་བདག་གཤིན་རྗེ་ནག་པོའི༴སྔགས་བདག་སྲོག་གི་བདག་མོའི༴སྔགས་བདག་ཀཱ་ལ་ནག་པོའི༴སྔགས་བདག་གྲིབ་ཀྱི་ཁ་རླངས༴སྔགས་བདག་བདུད་མོ་ཁྲག་འཛག༴སྔགས་བདག་མ་ཧཱ་དཱེ་ཝའི༴སྔགས་བདག་སྲིན་པོ་ནག་པོའི༴སྔགས་བདག་སྲིན་མོ་ནག་མོའི༴སྔགས་བདག་ཁྱབ་འཇུག་ཆེན་པོའི༴སྔགས་བདག་རཱུ་ཏྲ་ནག་པོའི༴སྔགས་བདག་གང་བ་བཟང་པོའི༴སྔགས་བདག་ཤ་ཟ་རལ་གཅིག༴སྔགས་བདག་ལི་བྱིན་ཧར་ལེགས༴སྔགས་བདག་ཡམ་ཤུད་དམར་པོའི༴སྔགས་བདག་དམུ་རྗེ་བཙན་པོའི༴སྔགས་བདག་རྡོ་རྗེ་ལེགས་པའི༴སྔགས་བདག་ཁུ་ལེ་ལག་དགུའི༴སྔགས་བདག་གཞོན་ནུ་གཏུམ་པོའི༴ཕྲིན་ལས་ཀུན་སྒྲུབ་གདུག་པའི་སྙིང་ཁྲག་འབྱིན༔ དེ་འཁོར་ཡང་འཁོར་ཚོགས་ཀྱི༴ཕྱི་མཆོད་ཉེར་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿདཔལ་གྱི་བཀའ་ཉན་དཀྱིལ་འཁོར་མཐའ་སྐྱོང་ཞིང་༔ ཕྲིན་ལས་བཞི་བསྒྲུབ་དངོས་གྲུབ་ཀུན་གྱི་བདག༔ དབང་མོ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་༔ མཁའ་འགྲོ་སུམ་ཅུ་རྩ་གཉིས༴གིང་ཆེན་ཁྱོ་ཤུགས་བཅོ་བརྒྱད༴འབར་མ་ཆེན་མོ་བརྒྱད་ཀྱི༴མ་བདུན་སྲིང་མོ་བཞི་ཡི༴ཕོ་ཉ་དྲུག་ཅུ་རྩ་བཞིའི༴ས་བདག་སུམ་ཅུ་རྩ་གཉིས༴འབུམ་ཕྲག་ཡངས་པའི་མཁའ་འགྲོའི༴ཕྱི་མཆོད་ཉེར་སྤྱོད་བདུན་སོགས་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿལྷ་གནས་གསུམ་སོགས་གཙང་མའི་གནས་རིགས་ནས༔ མགོན་པོ་ཕྱག་བཞི་ཕྱག་དྲུག་ཚོགས་ཀྱི་བདག༔ ལེགས་ལྡན་གུར་མགོན་བྱ་རོག་གདོང་ཅན་དང་༔ ཏྲག་ཤད་བེར་ནག་སོགས་ཀྱི༴ས་སྤྱོད་མཁའ་སྤྱོད་དག་པའི་ཞིང་མཆོག་ནས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུའི༴རྩུབ་འགྱུར་ཚལ་སོགས་ཆོས་འཁོར་དབེན་གནས་ནས༔ དྲང་སྲོང་གཟའ་བདུད་འཁོར་བཅས༴ཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་ནས༔ གནོད་སྦྱིན་ཤན་དམར་འཁོར་བཅས༴དག་པ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ སྔགས་སྲུང་ཨེ་ཀ་ཙ་ཏིའི༴གཙུག་ལག་དབུ་རྩེ་རིམ་གསུམ་ཆོས་འཁོར་ནས༔ རྒྱལ་པོ་པེ་ཧར་འཁོར་བཅས༴ཁམས་གསུམ་དབང་དུ་སྡུད་པའི་ཕོ་བྲང་ནས༔ དབང་ཕྱུག་མ་ཧཱ་དཱེ་ཝའི༴འོ་ཡུག་ཤང་གི་གནས་མཆོག་དམ་པ་ནས༔ དམ་ཅན་རྡོ་རྗེ་ལེགས་པའི༴བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས༴བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་གཏེར་སྲུང་མ་རྣམས་ཀྱི༴ཕྱི་མཆོད་ཉེར་སྤྱོད་བདུན་གྱི་ཐུགས༴ནང་མཆོད་འདོད་ཡོན་ལྔ་ཡིས༴གསང་མཆོད་སྨན་རཀ་གཏོར་མས༴ཡང་གསང་སྦྱོར་སྒྲོལ་མཆོད་པས༴དར་ཟབ་འབྲུ་སྣ་གོས་ཀྱིས༴རི་དྭགས་གཡུང་དྭགས་ཚོགས་ཀྱིས༴ཆུ་གནས་བྱ་རིགས་ཚོགས་ཀྱིས༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་ཆེན་པོར་སྒྲོལ༔ ཡེ་སྦྱོར་ཡེ་མཆོད་ཆེན་པོས་ཐུགས་དམ་བསྐང་༔ ལྟ་བ་ཁྱབ་བརྡལ་སྤྲོས་མཐའ་བྲལ་བར་བསྐང་༔ བསྒོམ་པ་བློ་འདས་འོད་གསལ་ཆེན་པོར་བསྐང་༔ སྤྱོད་པ་སྤང་བླང་རེ་དོགས་བྲལ་བར་བསྐང་༔ འབྲས་བུ་གཉུག་མ་ཡེ་ཤེས་ཀློང་དུ་བསྐང་༔ བསྐང་བྱ་བསྐང་བྱེད་གཉིས་མེད་ཆོས་ཀྱི་སྐུ༔ མཐའ་བྲལ་བློ་འདས་རྫོགས་པ་ཆེན་པོར་ཨཱཿདེ་ནས་བཤགས་པ་ནི༔ ཧོཿབདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་སློབ་དཔོན་སྨད༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ ལྟ་ལོག་ངན་སེམས་ངག་ཏུ་སྨྲས༔ བརྡེགས་བཙོགས་གནོད་པ་དངོས་སུ་སྤྱད༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ འཛབ་བཟླས་མ་དག་ཟུར་ཆག་ཉམས༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་ཞིང་༔ ཉ་སྟོང་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ སྒོ་གསུམ་བག་མེད་དམ་ཉམས་བཤགས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་དགོངས་ཉམས་ལེན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཆག་ཉམས་མ་བྱུང་མ་སྐྱེས་པ༔ བཤགས་བྱ་བཤགས་བྱེད་གཉིས་མེད་དུ༔ ཀ་དག་ཀློང་ཆེན་ཡངས་པར་གྲོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ དེས་ནི་ཉམས་ཆག་ཉེས་ལྟུང་ཀུན༔ མེ་ལོང་ཕྱིས་པ་བཞིན་དུ་གསལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲོལ༔ ཉེས་ལྟུང་བཤགས་པའི་གཉེན་པོ་མཆོག༔ དུས་རྣམས་རྒྱུན་དུ་ཉམས་ལེན་འབུངས༔ མི་བསླུ་ངེས་པ་རྡོ་རྗེའི་ཚིག༔ བཀའ་སྲུང་དྲེགས་པ་སྡེ་དགུར་གཉེར༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ང་ཉིད་བདུད་འཇོམས་རྡོ་རྗེར་བཞེངས༔ ཟབ་མོའི་གཏེར་གྱིས་གདུལ་བྱ་སྐྱོངས༔ ཐུགས་དང་ལྟེ་སྨེ་རྣ་ལྟག་ཏུ༔ ཕག་ཞལ་མཚན་པའི་སྨེ་བ་ཡོད༔ ལས་ལྡན་བུ་ལ་སྤྲད་སོ་གྱིས༔ ལས་ཅན་དེ་དང་མ་འཕྲད་པར༔ གཏེར་བུག་རྡོལ་དང་གཞན་དབང་དུ༔ མ་གཏོང་དུས་ཀུན་མེལ་རྩེ་མཛོད༔ ཕྱི་རབས་སྐྱེས་བུ་ཉམས་ལེན་མཁན༔ ཀུན་གྱི་སྐུ་ཚེ་མཛད་ཕྲིན་འཕེལ༔ ཆོས་ལོག་སྒྲོ་འདེབས་བཀའ་རྫུན་མཁན༔ ཀུན་ལ་མ་ཤོར་ཨ་ཐམ་རྒྱ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་གར་དབང་བདུད་འཇོམས་རྡོ་རྗེས་གཏེར་ནས་དྲངས་ཏེ་མཐར་སློབ་བུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ཡང་ཡང་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།