TTDL-ZABTER-07-JA-044

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-07-JA-044
Wylie title TTDL-ZABTER-07-JA-044.pdf
Location bdud 'joms gling pa zab gter
Volume 7, Text 44, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༥༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྗེ་བཙུན་སྒྲོལ་མའི་དབང་ཆོག་དངོས་གྲུབ་འབྱུང་གནས་བཞུགས་སོ༔ ༠༠༠༠བརྡ་ཡིག༥༥༧ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༥༧རྗེ་བཙུན་སྒྲོལ་མ་སྒྲུབ་པ་ཡི༔ རྣལ་འབྱོར་ཕོ་མོ་སུ་ཡང་རུང་༔ དང་པོ་དབང་གིས་སྨིན་པ་གནད༔ དེ་ཕྱིར་དབང་བསྐུར་བྱ་བ་ལ༔ བུམ་གསང་ཤེས་རབ་ཡེ་ཤེས་དང་༔ ཚིག་དབང་རྫས་རྣམས་ལེགས་བསྒྲུབ་ནས༔ དང་པོ་སྒྲུབ་པའི་དལ་ཞལ་ཕྱེ༔ བསྒོམ་བཟླས་གནད་ཀྱིས་ཐེབས་བྱས་མཐར༔ སློབ་མ་གྲལ་དུ་འཁོད་བྱས་ཏེ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཏེ་གསོལ་འདེབས་ནི༔ ཀྱཻ་ཧོཿདཀྱིལ་འཁོར་གཙོ་མཆོག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ རྩ་དབང་ཡོངས་རྫོགས་བསྐུལ་དུ་གསོལ༔ ལན་གསུམ་མཐར་བླ་མས༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ ཚུལ་བཞིན་ཉམས་སུ་ལེན་པ་དང་༔ དམ་ཚིག་གཉན་པོ་བསྲུང་ནུས་ན༔ དབང་མཆོག་ཡོངས་རྫོགས་བསྐུར་བར་བགྱི༔ དེ་ནས་སྐྱབས་སེམས་ཕོག་བྱས་ནས༔ དམ་ཆུ་ལྕེ་ལ་བཞག་བྱས་ཏེ༔ ཧོཿའདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་ཚེ་འདིར་དངོས་གྲུབ་ཐོབ༔ ཉམས་ན་སྲོག་གི་གཤེད་མར་བྱེད༔ དེ་ཕྱིར་དམ་ཚིག་བསྲུང་སྡོམ་ཟུངས༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ ཨོཾ་མ་ཧཱ་ཤུ་ནྱ་སོགས༔ སྐད་ཅིག་གིས་སེམས་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཞིག་པར་བསམ༔ སྟོང་པའི་ངང་ལས༔ ཆུ་ལས་ཆུ་ལྦུར་རྡོལ་བཞིན་དུ༔ ལྷར་བསྐྱེད་ཡེ་ཤེས་པ་དབབ་སྟེ་མེ་ཏོག་དོར་ཞིང༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿདེ་ནས་མིག་དར་བསལ་ལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་སློབ་མ་རྗེ་བཙུན་སྒྲོལ་མ་དངོས་སུ་གསལ་ལ༔ དང་པོ་བུམ་པ་ཡེ་ཤེས་ལྷའི་རྟེན་དང་བརྟེན་པ་ཡོངས་རྫོགས་ཀྱི་ངོ་བོར་གསལ་གདབ་ལ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ ནང་ན་འཕགས་མའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཀྱིལ་འཁོར་ལས་རིམ་པ་བཞིན་དུ་དེ་འདྲ་བ་རེ་འཕྲོས་ནས་སློབ་མ་ལ་ཐིམ་པས་ལྷ་སོ་སོའི་དཔལ་ཡོན་ལ་དབང་འབྱོར་བར་བསམ་ལ༔ རྗེ་བཙུན་སྒྲོལ་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཕགས་མ་སྒྲོལ་མའི་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཞི་མཛད་དཀར་མོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དབྱངས་ཅན་མ་ཡི་དབང་བསྐུར་རོ༔ མ་དག་འཁྲུལ་པའི་ཕུང་པོ་འདི༔ མེ་ལོང་ཡེ་ཤེས་སྐུ་ཐོབ་ཤོག༔ ཧྲཱིཾ་ཧྲཱིཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འོད་ཟེར་འབར་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འོད་ཟེར་འབར་མའི་དབང་བསྐུར་རོ༔ ཚེ་བསོད་ཡེ་ཤེས་རབ་རྒྱས་ཏེ༔ མཉམ་ཉིད་ཡེ་ཤེས་སྐུ་ཐོབ་ཤོག༔ ཨཱཪྻ་མ་རི་ཙྱཻ་མཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིག་བྱེད་དབང་མོའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རིག་བྱེད་དབང་མོའི་དབང་བསྐུར་རོ༔ འཁོར་འདས་དབང་དུ་འདུ་བ་དང་༔ སོར་རྟོག་ཡེ་ཤེས་སྐུ་ཐོབ་ཤོག༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ནོར་རྒྱུན་མའི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ནོར་རྒྱུན་མ་ཡི་དབང་བསྐུར་རོ༔ དགྲ་བགེགས་མ་ལུས་ཚར་གཅོད་ཅིང་༔ བྱ་གྲུབ་ཡེ་ཤེས་སྐུ་ཐོབ་ཤོག༔ བ་སུ་དྷ་རི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྒོ་མ་བཞི་ཡི་སྐུ་གཏད་ལ༔ ཧོཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་༔ ཚད་མེད་བཞི་ལྡན་སྐུ་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧོཿཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ གསང་ཆེན་བཅུད་ཀྱི་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་དང་རླུང་གི་སྒྲིབ་པ་དག༔ གསང་བ་གསུང་གི་དབང་ཐོབ་ནས༔ གསུང་གི་རྡོ་རྗེར་སྨིན་གྲོལ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧོཿམེ་ལོང་ཡེ་ཤེས་གསལ་བའི་སྒོ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ རྡོ་རྗེའི་ཐུགས་སུ་སྨིན་གྲོལ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེས་རྡོ་ཐོགས་ལ༔ ཧོཿའཇའ་ཤེལ་འོད་ཐིག་གསལ་བའི་སྒོ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུམ་ལྷུན་གྲུབ་མངོན་གྱུར་ཏེ༔ སྣང་བ་བཞི་ཡི་ས་ལམ་བརྒལ༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་གཏོར་མ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ནས༔ རྫོགས་སངས་རྒྱས་དབང་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཡེ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྫས་རྟགས་གཏད༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ༔ དབང་འདི་ཐོབ་ནས་སྒྲུབ་པ་ཡི༔ རྣལ་འབྱོར་ཕོ་མོ་མངོན་སངས་རྒྱས༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ བསྒྲུབ་པའི་གནད་ཐིག་དེ་ཁོ་ན༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་པ་འདི་ཉིད་ཞེ་ཆེན་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ༔ དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།