TTDL-ZABTER-09-TA-007

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-09-TA-007
Wylie title TTDL-ZABTER-09-TA-007.pdf
Location bdud 'joms gling pa zab gter
Volume 9, Text 7, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༄༅།།ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་གཟའ་མཆོག་ཆེན་པོའི་བརྟན་བཞུགས་ནི༔ ན་མོ་གུ་རུ་ཝེ༔ ༠༠༠༠བརྡ་ཡིག༤༥ཆོས་སྐྱོང་བསྒྲུབ་པ་ནམ་བྱས་དུས༔ རྟེན་ལ་རྟེན་དབབ་གལ་ཆེ་སྟེ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ས་མ་ཡ༔ ཀྱཻ༔ གསང་སྔགས་བཀའ་ཡི་སྲུང་མ་ཆེ༔ དྲང་སྲོང་གཟའ་མཆོག་རཱ་ཧུ་ལ༔ དེ་རིང་བདག་གིས་སྲུང་མར་གསོལ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་གནས་འདིར་གཤེགས་ནས་ཀྱང་༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ ནམ་ཡང་མི་འདའ་ཕོ་ཉར་བཞུགས༔ བླ་རྡོ་སྲོག་འཁོར་འདི་ཉིད་ལ༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ དར་དང་བྲིས་སྐུ་འབུར་གཟུགས་སོགས༔ རྟེན་ལ་འཁོར་ཞིང་བརྟན་པར་བཞུགས༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ བུ་གཅིག་མ་བཞིན་བརྩེ་བར་མཛོད༔ བདག་ལ་སྡང་བའི་དགྲ་བོ་དང་༔ བསྒྲལ་བའི་ཞིང་དུ་གྱུར་པ་རྣམས༔ འབངས་སྡེ་འཁོར་གཡོག་ཡིན་ཡང་རུང་༔ ལོ་ཟླར་མ་བཞག་ཧུར་ཐུམ་སོད༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ མ་གཡེལ་མ་འགྱང་ས་མ་ཡ༔ བདུད་འཇོམས་པས་སོ།།